ཧི་བོན་ཟིན་བྲིས།
བོན་སྨྱུག་གི་མཚེར་ས།
སྤྱི་བསྒྲགས།

      རང་མི་རིགས་ཀྱི་སྐད་

    དང་ཡི་གེ་སྦྱོང་སྤྱོད་བྱེད་

    ནས་མདུན་གྱི་ལམ་པོ་ཆེ་

    མཐོང་དགོས།

    དཔེ་ཀློག་དང་དཔེ་བལྟ་ལ་བརྟེན་

    ནས་ཤེས་བྱ་རིག་པའི་གནས་ལ་གོམ་པ་སྤོ་དགོས།

ལི་ཐོ།
    <<  < 2021 - >  >>
    1234567
    891011121314
    15161718192021
    22232425262728
    293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སློབ་དཔོན་བསྟེན་ཚུལ། | 2011/5/10 22:18:00

ནམ་མཁའ་རང་གྲོལ་རྩལ་གྱི་མགུར་མ་ཁོང་གིས་སློབ་དཔོན་བསྟེན་ཚུལ།

 

གཞི་སྣང་ཀ་དག་ཆེན་པོ་ཀུན་བཟང་གི་དགོངས་པར། །

འཁོར་འདས་བོན་རྣམས་ཐམས་ཅད་རང་རྩལ་དུ་སྣང་འདུག །

སྣང་བ་ཇི་བཞིན་ཐམས་ཅད་ངོས་འཛིན་དུ་ཟད་ནས། །

སྣ་ཚོགས་དྲན་ཤར་བློ་འདས་སེམས་ཉིད་དུ་རྟོགས་པས། །

སྣང་ཚད་ཐམས་ཅད་བདག་གི་སློབ་དཔོན་ཡང་ཡིན་འདུག །

 

རེ་བ་མི་གདའ་རང་སེམས་དང་པོ་ཡི་གཞི་ཡིན། །

དོགས་པ་མེད་པ་འཁྲུལ་སྣང་རང་སེམས་ཀྱི་རྩལ་ཡིན། །

རང་སེམས་རྣམ་རྟོག་དྲན་རྒྱུ་མཁན་པོ་ལ་བལྟ་དུས། །

བལྟ་མེད་སྟོང་པའི་རང་སེམས་རྗེན་པ་རུ་རྟོགས་པས། །

རྣམ་པར་རྟོགས་ཚད་བདག་གི་སློབ་དཔོན་ཡང་ཡིན་འདུག །

 

སྣང་སྲིད་ཐམས་ཅད་རང་སྣང་གར་བསྒྱུར་གྱི་རྩལ་ལས། །

བདེན་པར་མ་གྲུབ་སྒྱུ་མའི་རང་བཞིན་དུ་རྟོགས་ཏེ། །

ངེས་འབྱུང་ཡིད་ཆེས་ཉམས་ལེན་སེམས་གཏིང་ནས་སྐྱེས་སོང་། །

གཞན་སྣང་ཤར་ཚད་བདག་གི་སློབ་དཔོན་ཡང་ཡིན་འདུག །

 

རྒྱུད་དང་ལུང་དང་ཚིག་གི་མཚན་མ་རུ་མི་གཟུང་། །

རང་སེམས་སྟོང་པའི་རིག་པ་རྐྱང་དེད་དུ་བལྟ་དུས། །

བོན་སྒོ་བརྒྱད་ཁྲིའི་མཐར་ཐུག་རྫོགས་ཆེན་གྱི་དགོངས་པ། །

བདག་གི་སེམས་ལ་ཐོབ་པའི་སློབ་དཔོན་ཡང་ཡིན་འདུག །

ཐོལ་བྱུང་སྤྲང་ཕྲུག་བདག་གི་ཉམས་ལེན་གྱི་སེམས་ལ། །

ཤར་ཚད་ཐམས་ཅད་སྐྱོན་མེད་ཡི་གེ་རུ་བཀོད་འདི། །

རང་སེམས་སངས་རྒྱས་རྟོགས་པའི་སློབ་དཔོན་ཡང་ཡིན་འདུག །

ཅེས་པ་འདི་ནི་སྔགས་འཆང་ཀུན་བཟང་བསྟན་འཛིན་མཆོག་ལ་སློབ་མ་འགས་བསྐུལ་ཏེ་སྒྲ་ཕབ་ཏུ་བཅུག་པ་ལས་ཞལ་བཤུས་པའོ། །

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.