ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123
45678910
11121314151617
18192021222324
252627282930

སྤྱི་བསྒྲགས།

འགོ་བ་གཡུང་དྲུང་ཡོན་ཏན།

འབྲེལ་བྱང་།

གློག་འཕྲིན།  y.younten@yahoo.com

སྒེའུ་ཁུང་།    1401783650

གནམ་ཀླད།   y.yonten

མཐོ་མཐོའི་ཁྲིར་འགྱིང་དྲེགས་ལྡན་མི་མགུ་བ། །
མཐོན་པོའི་གོ་སར་སྙོབ་རེ་མི་ཆེ་བ། །
མཐོ་དམན་གུང་ནས་གཏན་ཆུས་འཚོལ་རེ་བ། །
མཐོ་སྒང་ཡུལ་ནས་བྱོལ་བའི་གྲྭ་རྐྱང་ཞིག །


ཆེད་སྒྲིག་རྣམ་དབྱེ།

ཟིན་ཐོ་གསར་བ།

དཔྱད་གཏམ་གསར་བ།

ཆེམས་གསར་བ།

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 40
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 13276


 

ཕ་ཡུལ་གངས་ལྗོངས་དྲན་པའི་འཁུན་སྒྲ།
[ 2011/9/28 17:48:00 | By: ཀུ་ས་ལི། ]
 

ཕ་ཡུལ་གངས་ལྗོངས་དྲན་པའི་འཁུན་སྒྲ།

དཀར་གསལ་སྟོན་ཟླ་གཞོན་ནུས་ལྔ་གསུམ་དགེ་བའི་ནུབ་མོར།།

ཁོ་བོའི་འདྲེན་བྱེད་དབང་པོར་སྣང་བའི་འོད་གསལ་སྦྱིན་དུས།།

རྣམ་དཀར་ལས་ལ་རེམས་པའི་འཛམ་གླིང་སྤྱི་ཕུད་མི་རིགས།།

ལྷོ་རོང་རྐང་འཐུང་གསེབ་ཀྱི་ཁོ་བོས་སྙིང་ནས་དྲན་བྱུང་།།

དཔལ་ལྡན་སྨན་རིའི་གླིང་དུ་སྐྱེ་རྒུའི་སྣ་དབང་འགུགས་པའི།།

ངད་ལྡན་ཀུ་མུད་ཏ་ཡི་དྲི་བསུང་ཕྱོགས་མེད་འཐུལ་དུས།།

དྲི་བཟང་སྨན་གྱི་བང་མཛོད་དགོས་འབྱུང་དཔྱིད་ཀྱི་གངས་ལྗོངས།།

ལྷོ་རོང་རྐང་འཐུང་གསེབ་ཀྱི་ཁོ་བོས་སྙིང་ནས་དྲན་བྱུང་།།

མཚར་སྡུག་རྒྱན་ཆར་སྤུད་པའི་དོག་མོ་སྨག་རུམ་གཟིམས་ཤིང་།།

མུ་མེད་སྐར་ཚོགས་འཕོས་འདྲའི་རྒྱ་གྲོང་འོད་སྟོང་འཚེར་དུས།།#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

རབ་མང་འོད་གུར་འཁྱིལ་བའི་ལྷ་ལྡན་ཉི་མའི་གྲོང་ཁྱེར།།

ལྷོ་རོང་རྐང་འཐུང་གསེབ་ཀྱི་ཁོ་བོས་སྙིང་ནས་དྲན་བྱུང་།།

ཁུ་སིམ་མཚན་མོའི་ཁྲོད་ཀྱི་སྐར་ཚོགས་བྱེ་བའི་འཇིང་ན།།

སྔོ་བསངས་མ་ཡི་པང་དུ་དགུ་ཚིགས་འོད་ཞགས་འཁྱུད་དུས།།

དྲོ་སྐྱིད་ལུས་ལ་སྦྱིན་པའི་དྲིན་ཅན་ཕ་མའི་ཞལ་རས།།

ལྷོ་རོང་རྐང་འཐུང་གསེབ་ཀྱི་ཁོ་བོས་སྙིང་ནས་དྲན་བྱུང་།།

སྲིད་པའི་རྟ་ལྗང་ཅན་གྱིས་གསེར་མདོག་ཟ་འོག་ཀླུབས་ཏེ།།

མཐིང་གསལ་ཡངས་པའི་ཁྱོན་ནས་འཇིག་རྟེན་རྒྱན་དུ་ཕེབས་དུས།།

བསླབ་གསུམ་ཁུར་དུ་ལྕི་བའི་སྐྱབས་ཆེན་རྩ་བའི་བླ་མ།།

ལྷོ་རོང་རྐང་འཐུང་གསེབ་ཀྱི་ཁོ་བོས་སྙིང་ནས་དྲན་བྱུང་།།

ཉམས་མདངས་ལྷུག་པར་གྲོལ་བའི་བུ་ཆུང་ལང་ཚོ་དར་བ།།

སྐྱིད་པའི་ཕ་མ་མཉམ་འཛོམས་མིག་གི་མགྲོན་དུ་སླེབས་དུས།།

རང་ཡུལ་མ་མའི་གྲིབ་བསིལ་སྐལ་བཟང་འཚོ་བ་རོལ་པ།།

ལྷོ་རོང་རྐང་འཐུང་གསེབ་ཀྱི་ཁོ་བོས་སྙིང་ནས་དྲན་བྱུང་།།

གཡུ་བྱ་ཁུ་བྱུག་སྔོན་མོས་དཔྱིད་ཀྱི་དཔལ་ཡོན་ཞིང་དུ།།

གྲེ་འགྱུར་སྟོང་གི་ལམ་ནས་སྦྲང་ཆར་མགྲོན་དུ་བསུ་དུས།།

ཕ་གཞིས་སྦྲ་ནག་ཚང་ན་ཞོལ་མོའི་འོ་མཚོ་འཁྱིལ་བ།།

ལྷོ་རོང་རྐང་འཐུང་གསེབ་ཀྱི་ཁོ་བོས་སྙིང་ནས་དྲན་བྱུང་།།

ལྷ་ལམ་རྒྱན་དུ་སྤ་བའི་སྤྲིན་དཀར་སྦྲང་ཆར་བསུ་མ།།

གཡོ་བྱེད་དྲི་བཞོན་ལྷ་མོར་བསྡེབས་ཏེ་མཁའ་མཐར་བཞུད་དུས།།

བདག་དང་དྲིན་སྐྱོང་ཕ་མ་ཐོལ་བྱུང་བྲལ་བའི་ཉིན་དེ།།

ལྷོ་རོང་རྐང་འཐུང་གསེབ་ཀྱི་ཁོ་བོས་སྙིང་ནས་དྲན་བྱུང་།།

རྩོམ་འདི་སྔར་བོན་སྒོ་ནང་དུ་བཀོད་པ་ལས་བཅོས་བསྒྱུར་ཕྲན་ཚེགས་བགྱིས་ཡོད།།

 

 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.