ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/1 13:43:00

དགའ་སྐྱོ་འདྲེས་མའི་རེ་འབོད།

ཀ་གདུང་ཚོན་མདོག་མཛེས་པའི་འབྲོག་ཁྱིམ་ཞིག་ནས།།

ཁ་བ་སྒང་དྲུག་ཡོངས་ལ་ཞེན་ཆགས་བཙན་པོ། །

ག་ལེར་མདུན་ལམ་འཚོ་བའི་སྙིང་སྟོབས་དེ་ཡིས། །

ང་ཚོ་སློབ་གྲྭ་འགྲོ་བ་རང་གི་འོས་འགན། །

ཅ་ཅོ་དོན་མེད་ཚིག་གིས་དུས་ཚོད་ཀླག་བཞིན། །

ཆ་ལུགས་རྒྱ་མ་བོད་ཀྱི་ལྭ་བ་གྱོན་བཞིན། །

ཇ་ཁང་ཨར་ཁང་ནང་དུ་གོམ་ཁ་བསྒྱུར་བཞིན། །

ཉ་བྱ་གསོན་ཟོས་བྱེད་སོགས་འོས་འགན་མ་ཡིན། །

ཏ་ཐ་ག་ཏའི་བསྟན་ལ་མོས་འདུན་ཞིག་གམ། །

ཐ་མལ་འགྲོ་ཀུན་བརྩེ་བའི་ངང་གཤིས་དེ་ཡིས། །

ད་ལྟ་མི་ཡུལ་འགྲིམ་པའི་དོན་ཆེན་སྒྲུབ་བཞིན། །

ན་ཆུང་ཤེས་རིག་སླབ་རྒྱུ་ང་ཚོའི་འོས་འགན། །

པ་ཏྲའི་རི་མི་བྲིས་འདྲའི་རྒྱ་གྲོང་གསེང་ན། །

ཕ་མ་དགྲ་རུ་འཛིན་པའི་མཛད་ངན་རེ་རེས། །

བ་ལང་ཁྱི་སྤྱང་ལྟ་བུའི་ལས་བྱ་དེ་དག། །

མ་སྲུ་སྨན་ཆུང་ཁྱེད་ཚོའི་འོས་འགན་མ་ཡིན། །

ཙ་རི་ཀོང་པོ་ལ་སོགས་གནས་ཆེན་ཀུན་ཏུ། །

ཚ་གྲངས་དཀའ་སྤྱད་མཛད་པའི་ཨུ་ཚུག་ཞིག་དང་། །

ཛ་ཡ་རྒྱལ་གཤེན་བསྟན་ལ་བསམ་བཟང་འཆང་འདི། །

ཝ་བཞིན་མི་འཁྱམས་ང་ཚོའི་འོས་འགན་ཡིན་ངེས། །

ཞྭ་དཀར་བསྟན་ལ་མི་དད་ལོགས་སྤྱོད་རེ་རེས། །

ཟ་ཉལ་འགྲོ་འདུག་བར་ན་ནང་དམེ་སོགས་ཏེ། །

འ་ཅག་ཆོལ་གསུམ་པ་ཡི་ལས་དབང་རླགས་འདི། །

ཡ་མེས་གངས་རིའི་བུ་ཡི་འོས་འགན་མ་ཡིན། །

ར་བ་གངས་ཀྱིས་བསྐོར་བའི་ཡུལ་གྲུ་འདི་ཡི། །

ལ་ལུང་ཆུ་བཞི་སྒང་སོགས་དལ་གྱིས་འགྲིམས་སྟེ། །

ཤ་རུས་ཁྲག་རྩ་གཅིག་པའི་གཏམ་རྒྱུད་གླང་བཞིན། །

ས་སྟེང་མི་རིགས་མཐུན་འབྲེལ་ང་ཚོའི་འོས་འགན། །

ཧ་ཧ་རྩེ་འཚར་ཞིག་གི་རྒོད་སྒྲ་རིང་མོ། །

ཨ་རོགས་གཙང་བུ་ང་ཡི་སྙིང་གཏམ་དང་མ། །

ཧ་ལམ་བདེན་པའི་གཏམ་ཞིག་ཡིན་ང་ཆོགས་མིན། །

ཨ་བུ་ཨ་ཞེ་མིང་སྲིང་ཁྱེད་ཚོས་སེམས་དང་། །          

                                                     ༢༠༡༡ ༥ ༡༢ཉིན་སྦྲ་ཆེན་ནས།

Re:དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/5 20:46:47
སྐུ་མགྲོན་OSJv40(སྐུ་མགྲོན)ཀའི་ ཧའི་ཧའི་ཧའི།

བུ་གཙང་ཚ་ཤོར་འདུག།།

ཧ་ཧ།


rikj
རྩོམ་པ་པོ།:སྐུ་མགྲོན་OSJv40(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/2 13:24:25
yongdromརྒྱལ་ཕྱི་ནང་གང་སར་གནས་པའི་བོན་འགའ་ཞིག་འདིར་ཕེབས་ནས་ལེགགས་འདེམས་མཛད་པ་དང་། དཔྱད་གཏམ་སྤེལ་མཛད་པ་སོགས་ལ་ཤིན་ཏུ་བཀའ་དྲིན་ཆེ།
Re:དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/2 11:19:49
སྐུ་མགྲོན་uYPc62(སྐུ་མགྲོན)གཙང་རིགས་གཙང་ཚ་བུ་ཡི་སྙིང་གཏམ་དང་མ། །
ཕ་ཡུལ་གངས་ལྗོངས་ཕུལ་བའི་སེམས་འཕྲིན་རིང་མོ། །
ན་གཞོན་ཡིན་སྨོན་འོས་པའི་སླབ་བྱ་དེ་དག།
ང་ཡིས་བཀླགས་ནས་ཡིད་ལ་དགའ་བ་རྒྱས་ཡོད།
སྤུ་སྐལ་བཟང་པས།
གཤམ་དུ་གཙང་ གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་uYPc62(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/1 20:23:18
danzengyixi
བཀླགས་ཟིན། ཡག་པོ་འདུག དེ་རིང་ཁ་སང་གྲྭ་པའང་གསར་བུ་འགའ་ཡིས་ཉིན་ལྟར་དྲྭ་ཁང་ཐེངས་མང་ཡོང་གི་འདུག་ཏེ། རྩོམ་ཡིག་འབྲི་རྒྱུ་དང་བོད་ཡིག་ཟིན་བྲིས་ལྟ་རྒྱུ་ནི་རི་བོང་གི་རྭ་ལྟར་དུ་གྱུར། དགོས་མེད་དྲྭ་ལམ་གྱི་རོལ་རྩེད་སོགས་རོལ་བཞིན་འདུག
འདི་ལྟར་ཁྱེད་ཀྱིས་གཟའ་འཁོར་རེ་རེའི་ནང་རྩོམ་ཡིག་སྤེལ་ཡོང་གི་འདུག་པས་ངའི་སེམས་པ་ལ་དྲོད་ཁལ་ཐེངས་མར་སྟེར་བྱུང་།
མུ་མཐུད་ནས་ཕྲིས་དང་འབྲས་བུ་རྗིད་ཏིག་ཏིག་ཞིག་མི་རིང་བར་ལོས་འགྲུབ་ཡོང་། །
ལྷ་གཡག་དར་མས།
གཤམ་དུ་གཙང་ གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
རེད། ཁ་སོང་དེ་རིང་གྲྭ་པ་དང་དེ་མིན་གཞོན་སྐྱེས་ཕོ་མོ་སྐོར་དྲྲྭ་ཁང་ནང་དུས་རྟག་ཏུ་འགྲོ་བཞིན་ཡོད་ཀྱང་ཕར་ཆེར་བན་བོན་གྱི་གྲུབ་མཐའ་འམ། རྒྱལ་ཕྱི་ནང་གང་གི་དྲྭ་བ་གཅིག་ཙམ་གྱི་མིང་ཤེས་མཁན་ཉིན་མོའི་སྐར་མ་ཞིག་གིས་མཚོན་ཞེས་བཤད་ཀྱང་ཆོགས། ལྷག་ཏུ་ཁྱོད་ཀྱི་ཕ་ཡུལ་སྟེང་ཆེན་དང། ངའི་ཕ་ཡུལ་སྦྲ་ཆེན་ཏེ། ཕྱོགས་གཉིས་ནས་ན་སོན་པའི་ན་གཞོན་དག་ཕར་ཆེར་བོན་གྱི་གྲུབ་མཐའ་འཛིན་པའི་མི་བུ་ཤར་ཏག་ཡིན་ཡང་བོན་གྱི་དྲྲྭ་བ་ཧི་མ་ལའི་བོན་དང་། དེ་མིན་བོན་གྱི་རྩོམ་པ་པོ། ཞིབ་འཇུག་པ་དག་གི་གདན་གཞིས་སམ། ཧི་བོན་ཟིན་བྲིས་ཀྱི་མིང་ཙམ་ཤེས་མཁན་རྒྱ་ཆ་རྒྱ་ཙམ་གྱི་ནང་ནས་ཕར་ཆེ་རྒྱ་ཆ་ལྔ་ཙམ་ཞིག་ལས་མེད་པ་ལྟ་བུ་རེད། དེ་ནི་ས་ཕྱོགས་དེ་གའི་མི་རྣམས་ཀྱིས་རྩོམ་རིགས་ལ་ཤ་ཞན་མེད་པ་དང་། རིག་གནས་ལ་མོས་པ་མེད་པའི་རྒྱུ་མཚན་ཞིག་ཡིན་ས་རེད། དེའི་ཕྱིར་ན་གཞོན་ཕོ་མོ་སུ་ཡིན་རུང་རིག་གནས་དང་མདུན་ལམ་གྱི་དོན་དུ་བྱྱ་བ་མི་དམན་པ་ཞིག་བྱེད་པ་རྒྱུ་ནི་ཆེས་དེ་རིང་ཁ་སོང་འུ་ཚོའི་འཕྲག་ཐོག་ཏུ་བབས་པའི་འོས་འགན་ཞིག་མིན་ནམ་སྙམ་ལགས།
Re:དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/1 18:29:18
atongringaylབཀླགས་ཟིན་ཡག་པོ་སྤེལ་འདུག་ཐུགས་རྗེ་ཆེ།
ཨ་ཀྲོང་རིན་རྒྱལ་པས།
གཤམ་དུ་གཙང་ གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
བཀླགས་པར་བཀའ་དྲིན་ཆེ། མཆོག་ཉིད་ནས་བཅད་ལྷུག་སྤེལ་གསུམ་གང་རུང་གིས་མཚོན་པའི་རྩོམ་ཡིག་སྣ་ཚོགས་ཆུ་བོའི་བཞིན་སྤེལ་བའི་རེ་བ་ཡོད།
Re:དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/1 18:10:09
woserབཀླགས་ཟིན་ལགས།
གཤམ་དུ་གཙང་ གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
མཁྱེན་དཔྱོད་མངའ་བའི་བོན་མཆེད་གཤེན་ཚེ་ཚང་གིས་བཀླགས་ཟིན་པ་ལ་དགའ་བ་ཆེ།
Re:དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/1 16:12:18
bonnaktwang(སྐུ་མགྲོན)འོས་འགན་ནི་ང་ཚོའི་འོས་འགན་ཡིན་ལ། དེ་ཕྱིར་ནམ་ཡང་རང་གི་འོས་འགན་རང་གིས་གཅེས་བསྐྱོང་བྱེད་རྒྱུར་སེམས།
གཤམ་དུ་གཙང་ གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
དོན་ངོ་མ་དེ་ལྟར་རེད་མོད། ཧ་ཧ།
རྩོམ་པ་པོ།:bonnaktwang(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དགའ་སྐྱོ་འདྲེས་མའི་རེ་འབོད། | 2011/12/1 14:19:54
wishfulfilling(སྐུ་མགྲོན)གཙང་བུའི་རྩོམ་ཡིག་ཡག་པོ་འདུག་ད་དུང་མུ་མཐུད་མདུན་སྤྱོད་ཡོད་པ་མཁྱེན།གཙང་ཚ་གཡུང་དྲུང་གཙུག་ཕུད་རྒན་པ་དང་ད་དུང་གཙང་ཚ་དཔལ་ལྡན་ཚུལ་ཁྲིམས་ལྟར་མཁས་དབང་ཞིག་ཆགས་པའི་རེ་བ་ཡོད།།
གཤམ་དུ་གཙང་ གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
གདིང་འཇོག་གནང་བར་བཀའ་དྲིན་ཆེ།
རྩོམ་པ་པོ།:wishfulfilling(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.