དེང་བླུན་རྨོངས་མདུན་ལམ་ལྟག་སྒོས་ཕྱེས།།
ཤེས་རིག་གནས་མེད་ཚད་གོ་སར་སླེབས།།
མཁས་རྣམ་དཔྱོད་ཅན་དེ་དམའ་ལ་ལྷག།
རང་མི་རིགས་རྗེས་ལུས་དེ་ལ་ཐུག།
ཡུལ་མཐོ་སྒང་གོ་ལའི་གཞིས་ཁྱིམ་ནང་།།
རིགས་གཅིག་པའི་རྒས་དང་གཞོན་གཅེས་ཚོ།།
རོགས་ཕན་ཚུན་བརྩི་འཇོག་མེད་པ ་དེས།།
ཤེས་གོ་བ་མེད་པའི་རྟགས་མཚན་མངོན།།
གཞུང་མཐོ་རིམ་འགྲིམ་པའི་སློབ་མ་ཚོ།།
ཁ་གླ་ཕོགས་ཙམ་ལ་མ་གདངས་པར།།
གངས་རེ་བ་ཅན་གྱི་ཁོར་ཡུག་འདིར།།
བཟང་ཆབ་དཔལ་རིག་གནས་གསར་བཏོད་དགོས།།
རིགས་མི་གཅིག་གྲུབ་མཐའ་འདུས་པའི་ཁྲོད།།
གཞུང་ཚིག་གསུམ་གོ་བ་མ་ཆགས་པར།།
ཐོབ་སྒོར་གྱིས་ཉོས་པའི་དགེ་རྒན་དེ།།
གཞོན་མདུན་ལམ་བརླག་པའི་ཕུང་འདྲེ་དངོས།།
ངོས་འཛུམ་དཀར་ལྷན་དུ་མཐུན་འབྲེལ་གླེང་།།
ཁ་བསྐོར་ནས་ལྐོག་བཤད་ཁྲོམ་ལ་བསྒྲགས།།
དོན་སྤྱི་སེམས་བོར་བའི་མགོ་འཛིན་མཁན།།
དགོན་སྡེ་བར་དཀྲུག་པའི་འབར་རྫས་རེད།།
ཉིན་གཅིག་ལ་ཐོས་བསམ་མ་ནུས་པར།།
ཁྲིམས་སླབས་པ་ཉམས་པའི་ཚུལ་འཆལ་འགས།།
གོས་དམར་སེར་གྱོན་པ་སྒོར་མོའི་ཆེད།།
སྡེ་རྒྱུས་མེད་མགོ་བོ་སྐོར་ཚོད་གྱིས།།
མགོ་སྐྲ་ལོ་དམར་པོ་གནམ་ལ་གཟེང་།།
རྐུབ་གཞོང་ཤ་རློན་པ་ཕྱི་ལ་ངོམས།།
རྒྱན་བོད་ལ་ཕུད་པའི་བུ་མོ་དེ།།
གངས་གཤིས་བཟང་མཛེས་མའི་ཞབས་འདྲེན་རེད།།
བྱམས་ཕ་མའི་ངག་ལ་མི་ཉན་པར་།།
བཟང་ཡར་དཔེ་ལྟ་བའི་བློ་མིག་ཞར།།
ངན་གཡོ་རྫུན་ཅན་གྱི་ཕོ་འཁྱམ་ཚོ།།
སྨྲས་བཞག་ན་མི་ཡི་ཕྱེད་ཀ་ཞིག།
༢༠༡༢།༩།༡༥།
- ཟིན་ཐོ་གོང་མ།གསར་སྐྱེས་མི་བུའི་འགན་འཁྲི།
- ཟིན་ཐོ་འོག་མ།བཟུར་ནས་འགྲོ་ཡ།།
ཡིན་ན་ཁ་སང་ངས་དག་བཅོས་བྱེད་པ་བསུབ་དགོས་པའི་དོན་དག་གང་ཡིན་ན་་་་་་ཨ། ། སྟ་རེ་ནས། །