ཉི་སྙིང་ལས་འཕྲོས་པའི་དྭོགས་གླེང་།
ཉིང་སྙིང་གི་ལུང་ཚིག་འགའ་ཞིག་རང་གི་མིག་སྔར་དུ་མངོན་པ་ལས་ཉི་སྙིང་
དཔེ་ཆ་ངོ་མ་ མཇལ་སྐལ་མ་གྱུར་བས་དཔྱད་གཞིར་ལུས།
འགས་མཚན་ངོ་མ་ཉི་མའི་སྙིང་པོ་ཞེས་ཟེར།
འདི་ཉིད་བོན་དཔེ་དང་ཆོས་དཔེ་གང་ཡིན་དབང་པོ་འཕྱང་མོ་ཉུག་སྲིད་ལ།
ད་ཆར་བཞུགས་མིན་ཡང་ཆ་མ་ཆོད། ཕལ་ཆེར་དོན་ངོས་ལ་བསམ་ན་བོན་
དཔེ་ཞིག་ངེས་ཏེ། ཉི་སྙིང་ལུང་གཤེན་མཁས་བརྡ་སྤྲོད་དུ་དྲངས་པའི་ཏི་སེའི་
དཔེ་ཚོགས་ལས།
1..༼ བོད་དང་ཞང་ཞུང་ཡི་གེ་ནི། །གཙོ་ཆེར་ངོས་ནས་མཐུན་པ་སྟེ།༽ །
ཞེས་གསུངས། དེ་ཉིད་བརྡ་དག་གི་གཞུང་ངམ་བརྡ་སྤྲོད་ཀྱི་འགྲོས་བསྟན་པའི་གཞུང་ཞིག་
ཡིན་ཤས་ཆེ། རྒྱུ་མཚན་ནི་། གོང་ལྟར་ཉི་སྙིང་ལས།
2...༼ མགོ་འདྲེན་ཡི་གེ་དང་ཀྱོག་ཡིན། །ལམ་འདྲེན་ཡི་གེ་ཐིག་
ཏུ་བསྟན། །ཚེག་ནི་ཡས་མར་བར་འབྱེད་ཡིན། །ཕྱི་ཚེག་སྤངས་ཏེ་
ང་བྱུང་ན། །ཚེག་དང་ཚེག་བཤད་ཐོབ་པ་དགོས། །ཤད་ལ་དབང་ཐང་ལྔ་ཡིན་ཏེ།
།དཀར་ཤད་ནག་ཤད་ཚེག་ཤད་དང་། །དྲག་ཤད་སྦྲུལ་ཤད་ལྔ་ཡིན་ནོ།
།དེ་ཡི་ཐོབ་ཚུལ་ཟུར་ཙམ་བསྟན། །དཀར་ཤད་རྫོགས་སོ་རྣ་རུ་ཅན།
།ནག་ཤད་ཕལ་ཆེར་ཀུན་ལའོ། །ཚེག་ཤད་གོང་གི་འགྲེས་ནན་ཏེ། །དྲག་ཤད་བར་
སྐབས་འབྱེད་བྱེད་དང་། །དྲག་འདྲེན་འགའ་རེ་ལ་ཐོབ་བོ། །སྦྲུལ་བཤད་ཡི་
གེ་འགོ་ཐམས་ཅད་དོ།༽ ཞེས་དང་། ཡང་གོང་ལྟར་ཉི་སྙིང་ལས།
3... ༼ ཡ་སྟ་ཐོབ་པ་བདུན་དུ་གསུངས། ༽
4... ར་སྟ་སྐོར་ལ། ༼ མ་ཤ་གཉིས་བཅས་བཅུ་གཉིས་ནི།
ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ་རྣམས་ཡིན་།༽ ཞེས་དང་། ཡང་གོང་ལྟར་
ཉི་སྙིང་ལས། 5...༼ ཝ་སྟའི་དོན་ནི་འདི་དག་སྟེ། །ཀྭ་ནི་བོད་པའི་ཚིག་
ཡིན་ཏེ། །ཁྭ་ནི་འདབ་ཆགས་བྱེ་བྲག་ཡིན། །གྭ་དོར་ཤ་བའི་མགོ་ལ་སྐྱེ།
།ཉྭ་ནི་ལུས་ཀྱི་བྱེ་བྲག་ཡིན། །དྭ་བ་ཨྭ་བ་སྨན་དང་ཤིང་། །ཧྭ་ཞེས་བྱ་བ་གཏམ་
གྱི་རྒྱན། །རྩྭ་ནི་དུད་འགྲོའི་ཁ་ཟས་ཏེ། །ཚྭ་ནི་ཆུ་ཡི་སྙིང་པོ་འདོད། །ཞྭ་ནི་མགོ་
ཡི་རྒྱན་ཉིད་ཡིན། །ཟྭ་ནི་སྔོ་ཡི་བྱེ་བྲག་སྟེ། །རྭ་ནི་དུད་འགྲོའི་མགོ་ལ་སྐྱེ།
།ལྭ་ནི་གོས་ཀྱི་བྱེ་བྲག་དང་། །ཤྭ་ནི་གློ་བུར་ཆུ་དྲག་ཡིན། སྭ་ནི་ཁ་
ནང་སྐྱེས་པའོ། ། ༽ ཞེས་གསུངས། ཚིག་འགྲོས་འདི་དག་ལ་གཞིག་ན་ཕལ་ཆེར་བརྡ་དག་
གི་གཞུང་ཞིག་ཡིན་ནམ་སྙམ། གལ་སྲིད་བརྡ་སྤྲོད་ཅིག་ཡིན་ན་བརྡ་སྤྲོད་
ཉེར་བདུན་གྱི་སྔོན་དུ་བྱུང་བའི་བརྡ་དག་ཞིག་ཡིན་འདུག
མདོར་ན་འདིའི་སྐོར་ལ་ཆ་རྒྱུས་ཡོད་མཁན་མཆིས་ན་འདིར་
གསལ་བཤད་དང་འབྲེལ་བའི་ལོ་རྒྱུས་དུམ་བུ་ཞིག་འགོད་རོགས།
1....ཏི་སེའི་དཔེ་ཚོགས་དེབ་2.པ ཤོག་ཨང་31..ལས་དྲངས།
2....ཏི་སེའི་དཔེ་ཚོགས་དེབ་2.པ ཤོག་ཨང་31..ལས་དྲངས།
3....ཏི་སེའི་དཔེ་ཚོགས་དེབ་2.པ ཤོག་ཨང་33..ལས་དྲངས།
4....ཏི་སེའི་དཔེ་ཚོགས་དེབ་2.པ ཤོག་ཨང་33..ལས་དྲངས།
5....ཏི་སེའི་དཔེ་ཚོགས་དེབ་2.པ ཤོག་ཨང་33..ལས་དྲངས།