སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞང་ཞུང་རྒྱལ་པོ་ག་ཚོད་ཙམ་བྱོན་ཡོད་དམ།
[ 2015/9/26 18:10:00 | By: lodoe ]
 

ཞང་ཞུང་རྒྱལ་པོ་ག་ཚོད་ཙམ་བྱོན་ཡོད་དམ། སྟོན་པ་གཤེན་རབ་མི་བོ་ཞང་བོད་ཡུལ་དུ་བྱོན་སྐབས་ཡོད་པའི་ཞང་རྒྱལ་ཡོད་པ་དང་ཐ་མབོད་རྒྱལ་ཁྲི་སྲོང་བར་རྒྱལ་རབས་བཞི་ཙམ་ཡོད་པ་བཤད་ཡོད་འོན་ཀྱང་ས་གནས་དང་མཚན་དངོས་སུ་བགྲང་རྒྱུ་ཡོད་པ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་སྟེ། ཞང་ཞུང་གི་རྒྱལ་པོ་རིམ་བྱོན་འགའ་བསྟན་པ་སྟེ།  ཁྲི་ཝེར་ལ་རྗེ་གུང་ལང་གསེར་གྱི་བྱ་རུ་ཅན། རྒྱལ་པོ་འདིས་སྟོན་པ་ཞལ་མཇལ་སྟོན་པས་མདོ་ཁྲི་རྗེ་ལུང་བསྟན་གསུངས།  ཟིལ་གནོན་རྒྱལ་པོ་ཁྱུང་གི་བྱ་རུ་ཅན། ཧྲི་དོ་གྱེར་སྤུང་ཤེལ་གྱི་བྱ་རུ་ཅན་གསུམ་གངས་རིའི་མདུན་གཡུ་ལོ་རྫོང་ལ་ཆགས།  ཁྱུང་ལུང་དངུལ་མཁར་དུ་སླས་ཀྲ་གུ་གེ་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན།  རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན།  ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་གསུམ་གྱི་མཁར་རྫོང་ཆགས།  ཞང་ཞུང་པུ་ཧྲེང་ཡུལ་དུ་སྤུང་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན།  ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་གཉིས་ཀྱི་མཁར་རྫོང་ཆགས།  ཞང་ཞུང་ཙི་ནའི་ཡུལ་དུ་སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན། ཛྭ་དམར་ཐིས་སྤུང་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་མཁར་རྫོང་ཆགས། ཞང་ཞུང་ཏ་རོག་ཡུལ་དུ་བདུད་འདུལ་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན། ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་མཁར་རྫོང་ཆགས།  ཞང་ཞུང་རྟ་རྒོའི་ཡུལ་དུ་ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛྭ་དམར་འོད་ཀྱི་བྱ་རུ་ཅན།  ལིག་མུར་ནམ་མཁའི་རྒྱལ་པོ་བཱེཌཱུརྱ་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་མཁར་རྫོང་ཆགས།  ཞང་ཞུང་ཁ་སྐྱོར་ཡུལ་དུ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན། ཞང་ཞུང་ཁ་ཡུག་ཏུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུད་དཔལ་འོད་ཀྱི་བྱ་རུ་ཅན།  ཞང་ཞུང་ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན།  ཞང་ཞུང་རུ་ཐོག་ཏུ་མུ་མར་ཐོག་རྒོད་རྒྱལ་པོ་ཨིན་ཊ་འོད་ཀྱི་བྱ་རུ་ཅན་བཅས་སོ། །༼འབེལ་གཏམ་ལུང་སྙིང་༣༥ལས་བཏུས།༽

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.