སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྗེས་དྲན།
[ 2012/5/17 14:34:00 | By: lodoe ]
 

ཀ་དག་སྤྲོས་བྲལ་བདེ་ཆེན་རྒྱལ་པོའི་སྐུ།།

འགག་མེད་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ།། 

གཉིས་མེད་གང་འདུལ་ཅི་ཡང་སྤྲུལ་པའི་སྐུ།།

སྐུ་གསུམ་བདག་ཉིད་བླ་མ་ཁྱེད་ལ་འདུད།།

 ཅེས་བདག་གི་དྲིན་ཆེན་བླ་མ་ཁྱེད་ལ་གང་འབྲེལ་བུ་སློབ་བཟང་ངན་ཀུན་ཐུགས་བརྩེ་ཆེན་ཀློང་ནས་ནམ་ཡང་འདོར་མི་སྲིད་

 ཀྱང་།  ཉམས་ཆུང་སྤྲང་ཕྲུག་གམ་དྭ་ཕྲུག་ང་དང་ང་འདྲའི་མིག་མེད་ཀྱི་ལོང་བ་རྣམས་སྣང་མེད་ཀྱི་ཡུལ་ལུང་འདིར་སྲིད་མིན་

 གྱི་མྱ་ངན་ཀློང་དུ་ཚུད། ཀྱེ་མ་ཀྱེ་ཧུད་ང་ཡི་དྲིན་ཆེན་བླ་མ་རེ་ཞིག་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་ཡང་གཞན་དོན་

 བླ་མེད་བྱང་ཆུབ་ལ་འདུན་པའི་བདག་རྐྱེན་ལ་བརྟེན་ནས་གང་ལ་གང་འདུལ་གྱི་རོལ་པ་མི་འགག་པས་ཁྱེད་ཀྱི་བསྟན་འགྲོའི་

 ཐུགས་དགོངས་ལྷུན་གྱིས་འགྲུབ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་སྙན་སྲིད་གསུམ་ལ་ཁྱབ་པ་དང་།འཛམ་གླིང་གོ་ལ་

 ཧྲིལ་པོའི་སྒང་ལ་འཁོར་འབངས་ལོངས་སྤྱོད་སོགས་ཆེས་བཟང་བའི་སེར་མོ་བ་ཚོས་ཁེངས་ཀྱང་།

 ཤུལ་ལུས་ངས་རེ་ལྟོས་འཆའ་ས་དང་མོས་པའི་བློ་གཏད་ས་ཁྱེད་ལས་ལྷག་པ་མཁའ་དབྱིངས་པད་མོའི་ཟླ་ལྟར་གྱུར།

 དེས་ནས་བྱང་ཆེན་བར་དུ་ཁྱེད་དང་འབྲལ་མེད་འབྲེལ་ནས་རྣམ་དག་འདུལ་བའི་གཞི་བཟུང་ཐོག་བསྟན་འགྲོའི་དོན་

མངོན་དུ་འགྲུབ་པར་གྱུར་ཅིག 

 ཉེས་ཚོགས་གང་མཆིས་བླ་མ་ཁྱེད་ལ་བཤགས།    

 ལེགས་བྱས་ཅི་མཆིས་མ་གྱུར་འགྲོ་ལ་བསྔོ།

  ཐོས་ཆུང་བློ་ལ་ཀུན་མགུ་མ་ཤར་ཡང་། 

  སྒོ་གསུམ་རྣམ་པར་དག་པའི་ཁུལ་གྱིས་སྦྱར།

 ཅེས་སྙིགས་དུས་འགྲོ་བའི་སྐྱབས་རྗེ་ལུང་ཟིན་སྐྱེས་མཆོག་མེ་སྟོན་ཁྲི་འཛིན་བདུན་པ་ལྷུན་འགྲུབ་རྒྱལ་མཚན་མཆོག་སྐུ་

 ཞི་བར་གཤེགས་སྐབས་སྒོ་གསུམ་མྱ་ངན་གྱི་མཚོ་ལ་བྱིང་བཞིན་མཐོང་གྲོལ་རི་ཁྲོད་ནས་ལྷོ་བཙུན་བོན་མིང་པས་༢༠༡༢

 ཟླ་༥ ཚེས་༡༥ཉིན་བྲིས།

 
 
Re:རྗེས་དྲན།
[ 2012/5/21 11:52:56 | By: སྐུ་མགྲོན་13AMd5(སྐུ་མགྲོན) ]
 
སྐུ་མགྲོན་13AMd5(སྐུ་མགྲོན)མྱ་ངན་ཞུའོ།
 
 
Re:རྗེས་དྲན།
[ 2012/5/19 15:56:34 | By: སྐུ་མགྲོན་Nri7Lx(སྐུ་མགྲོན) ]
 
སྐུ་མགྲོན་Nri7Lx(སྐུ་མགྲོན)རྩ་བླ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པར་ཕྲན་གྱིས་ཀྱང་མྱ་ངན་ཞུའོ།
 
 
Re:རྗེས་དྲན།
[ 2012/5/18 2:06:04 | By: སྐུ་མགྲོན་oTk7NA(སྐུ་མགྲོན) ]
 
སྐུ་མགྲོན་oTk7NA(སྐུ་མགྲོན)Bon po. Mkkh
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.