སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ག་གཟི་རྣམ་དག་མཆོག་གི་རྣམ་ཐར།
[ 2015/9/26 18:00:00 | By: lodoe ]
 

ག་གཟི་རྣམ་དག་མཆོག་གི་རྣམ་པར་ཐར་བ་ངག་བཏུས་མ།

ཨེ་མ་ཧོ།སྐྱེ་མེད་བོན་སྐུ་ངང་ལས་མ་གཡོས་ཀྱང་།།

འགག་མེད་རྫོགས་སྐུ་སྣང་སེམས་དབྱེར་མེད་རྟོགས།།

དབྱེར་མེད་སྤྲུལ་སྐུས་གང་འདུལ་འགྲོ་དོན་མཛད།།

སྐུ་གསུམ་མངོན་གྱུར་རྣམ་དག་བླ་མ་ལ།།

སྒོ་གསུམ་གསོལ་བཏབས་བྱིན་རླབས་མྱུར་མགྱོགས་ཤོག

ཅེས་གསོལ་འདེབས་བྱིན་རླབས་ཆར་འབེབ་འདི་ནི།དགེ་བཤེས་བློ་གྲོས་རབ་གསལ་གྱིས་བསྐུལ་ངོར་དུས་མཐའི་སྔགས་འཛིན་པ་ཤེལ་ཞིག་ཀུན་བཟང་མིང་གིས་ཕུལ།

 

ཡབ་ག་གཟི་རྣམ་རྒྱལ་བསྟན་པ་དང་ལྡིང་དཔོན་བཟའ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་དགུ་པའི་འཇུག་ཏུ་སྐུ་འཁྲུངས།སྤྱིར་སྲས་བཞི་སྟེ་ག་གཟི་ཚེ་དགའ་དང་།ག་གཟི་ཕུན་ཚོགས།ག་གཟི་རྣམ་དགག་གཟི་དབང་དྲག་བཅས་སྲས་བཞི་ཡོད་པའི་ཁོང་ནི་ཐ་ལྟག་ཡིན་ཚོད་འདུགཀ་ལེགས་ཉི་མ་བསྟན་རྒྱལ་མཆོག་གི་སྐུ་མདུན་ནས་རབ་བྱུང་སྒྲུབས།ཡུལ་ལུང་ལ་དར་སྲོལ་ཡོད་པའི་རིག་གནས་ཁག་སྦྱངས་པ་ཕུལ་ཕྱིན་མཛད་དེ་ཀ་ལེགས་དགོན་གྱི་དབུ་མཛད་ཀྱི་འགན་ལོ་མང་བཞེས།སྟག་ཚ་རིན་ཆེན་ཚུལ་ཁྲིམས་ཀྱི་མདུན་ནས་མཚན་ཉིད་ལོ་མང་སྦྱངས་བ་མ་ཟད་དཀར་རུ་དཔོན་ཚང་གིས་ཁྲོ་བོ་དབང་ཆེན་གྱི་སྨན་སྒྲུབ་བཙུགས་སྐབས་སྟོད་དགོན་དྲུག་གི་དགོན་པའི་བླ་གྲྭ་འཛོམས་སྟེ་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་པ་གྲུབ་མཚམས་ག་གཟི་རྣམ་དག་སོགས་ཀྱིས་མཚན་ཉིད་ཀྱི་རྩོད་པ་དང་ཚིག་བཀྲའི་ཤིས་བརྗོད་སྒྲོགས་ཚུལ་དགེ་རྒན་བསྟན་གཡུང་གིས་གསུངས།སྐབས་དེར་ཀ་དགོན་དུ་གདན་དྲངས་པའི་སྙིང་རྗེ་རྒྱ་མཚོ་མདུན་ནས་སྐར་རྩིས་ལྔ་བསྡུས་དང་གཟའ་ལྔ་སོགས་སྐར་རྩིས་གཞུང་ལུགས་མ་བུ་དང་བཅས་པ་སྦྱངས་ནས་ལོ་ཐོ་རྒྱག་ཐུབ་པའི་མ་ལག་ཁག་ཡོངས་སུ་མཁྱེན།སྐབས་དེར་ཀ་ལེགས་དགོན་ནས་ག་གཟི་རྣམ་དག་གཙོས་ཁོང་གི་སློབ་བུ་ཡེ་ཤེས་དབང་ལྡན་དང།རྣམ་རྒྱལ་གཡང་དག་སོགས་ཀྱིས་ལོ་རེའི་ལོ་ཐོ་དང་རྒྱ་ནག་གླང་རྩིས་སོགས་ཕབ་ནས་དཀར་རུ་དཔོན་གྱི་སྐུ་དྲུང་དུ་ཕུལ་གྱི་ཡོད་པ་དང་དཀར་རུ་དཔོན་གྱིས་གསོལ་རས་བསྩལ་ཚུལ་དགེ་རྒན་བསྟན་གཡུང་གིས་གསུང་།དཀར་རུ་དཔོན་གྱིས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཤིང་པར་དུ་བརྐོ་སྐབས་དག་ཞིང་ཆེད་དུ་ཤིང་པར་རྐོ་མཁན་ས་སྨད་སྡེ་དགེ་ནས་གདན་དྲངས་ཤིང་།སྐབས་དེར་ཤིང་པར་དག་བཅོས་བྱེད་མཁན་འགའ་ཡོད་པའི་ཁྲོད་ནས་ག་གཟི་རྣམ་དག་ཤིང་པར་དག་བཅོས་བྱེད་མཁན་གཙོ་གྲས་ཞིག་ཡིན་སྐད་འདུགཔར་ཤིང་དུ་བཞེངས་གྲུབ་པའི་མི་ནུབ་མཚན་མདོ་སོགས་དཔེ་ཆ་འགའ་ཞིག་དམངས་གཙོ་བཅོས་བསྒྱུར་སྐབས་ག་གཟི་ཚང་གི་ཤོད་གདང་དུ་ཉར་ཚགས་བྱས་ཀྱང་རྗེས་སུ་ཡུལ་ལུང་གང་སར་ཁ་འཐོར་ཕྱིན།དུས་མ་ལོག་པའི་སྔོན་རོལ་ནས་ཤར་རྫ་རི་ཁྲོད་དུ་བྱོན་ཏེ་སྒྲུབ་གྲྭར་ཞུགས།སྐབས་དེར་ནག་རུ་མཁན་པོ་བོན་དབྱིངས་རང་གྲོལ་མཆོག་དང་གཙུག་ཕུད་འོད་ཟེར་ག་གཟི་རྣམ་དག་སོགས་ཤ་རྫའི་བཀའ་འབུམ་སོགས་ལ་གསན་བསམ་དང་དཔྱད་སྒོམ་མཐར་ཕྱིན་པ་མཛད་ནས་སྒྲུབ་གྲྭ་མཉམ་དུ་ཐོན་སྐད།དེ་མཚམས་ག་གཟི་རྣམ་དག་མཆོག་ཁྱུང་ཡུལ་ཀ་ལེགས་དགོན་དུ་ཡར་བྱོན་ནས་དུས་ཚོད་ཕལ་ཆེར་མཚམས་ལ་བསྐྱལ་སྐད།སྤྱིར་ག་གཟི་རྣམ་དག་གི་ཡོན་ཏན་མཁྱེན་ཚད་ནི།དག་སྙན་ངག་དང་།རྩིས་དཀར་ནགམཚན་ཉིད།གྱེར་དབྱངས་བཅའ་བཟོ་སོགས་ལ་མཁས་པར་གྱུར་བ་མ་ཟད་།བོད་ཡིག་དཀར་ནག་འབྲི་རྒྱུ་དང་སྤུངས་སོ་ཆེ་ཆུང་དང་སྨར་ཆེ་ཆུང་ལན་ཛ་སོགས་ཡིག་རིགས་དུ་མ་འབྲི་རྒྱུ་སྐོར་སྤུ་དག་པོ་མཁྱེན་ཚུལ་ཁོང་གི་སློབ་བུ་འབེས་ཚང་དངོས་གྲུབ་ཀྱིས་གསུངས།

ཀ་ལེགས་ཉི་མས་བོན་དཔེ་མང་དག་ཞིག་དག་བཞེངས་མཛད་སྐབས།མཇུག་རྩོམ་གྱི་པར་བྱང་དང་སྨོན་ཚིག་རྣམས་ག་གཟི་རྣམ་དག་ཞིང་ཁམས་བ་དེས་བྲིས་ཚུལ་བ་འགོ་ཚུལ་བསྟན་ལགས་ནས་གསུངས།དེའི་ཡས་མས་སུ་སྟེང་དགོན་བླ་མ་ཤེས་རབ་དགེ་ལེགས་མཆོག་དང་རྒྱ་འགུལ་ཤེས་རབ་གཉིས་ནས་ག་གཟི་རྣམ་དག་དྲུང་ནས་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་སྦྱངས་ཚུལ་ཚུལ་ཁྲིམས་ཟླ་བས་གསུངས།

དེ་མཚམས་འཁོར་བ་དཀར་ནག་གང་ལའང་སྐྱོ་ཤས་དྲག་ཏུ་སྐྱེས་ཤིང་མྱང་འདས་ཐར་པའི་ཕྱོགས་སུ་བཅོས་མིན་གྱི་ངེས་འབྱུང་ཐུགས་རྒྱུད་ལ་འཁྲུངས་ནས་རི་དྭགས་སྨས་མ་བཞིན་དབེན་གནས་ལྡོང་རྫོང་དུ་རྒས་རུས་བྲག་གཏད་ཀྱི་ལམ་དུ་ཞུགས།མཚམས་ཁང་དང་བང་ང་སྒོམ་རྒྱུའི་དངོས་རྫས་རྣམས་འབེས་བྲེ་བོ་ཚང་གི་མཁོ་འདོན་བྱས་ཤིང་ཧ་གས་བང་ངའི་ཤིང་སོགས་གཞོག་བསྐྲུན་མཛད།ལྡོང་རྫོང་བྲག་ཕུག་དུ་མཚན་མེད་སེམས་ཀྱི་གནས་ལུགས་ལ་རིག་པ་རྐྱང་འདེད་ཀྱིས་ཉམས་ལེན་བརྐྱངས་བས་གྲུབ་རྟགས་སྐུ་ལུས་མི་མངོན་པའི་རྟགས་སོགས་ཡུལ་དེ་གའི་མི་དམངས་ཀྱིས་མངོན་སུམ་དུ་མཐོང་བའི་ལོ་རྒྱུས་མང་པོ་བཤད་དུ་ཡོད།དམངས་གཙོ་བཅོས་སྒྱུར་སྐབས་བླ་གྲྭ་སྤྱི་མཚུངས་བཞིན་འཛིན་བཟུང་བྱས་སྐབས་ཡ་མཚན་གྱི་རྟགས་དུ་མ་བྱུང་འདུགཐོག་མར་འཛིན་བཟུང་སྐབས་ཁོང་གི་ཁ་འདོན་དེ་ཁ་ཕྱེས་ནས་མདུན་ཅོག་ཐོག་ཏུ་བཞག་ན་སུ་གང་གིས་མི་མཐོང་བར་བཞུགས་ས་ཚ་བོ་གྱུར་འདུག་ཟེར་བ་སོགས་འཛིན་བཟུང་པ་མང་པོས་མཐོང་ཚོར་བྱུང་འདུགདེ་རྗེས་མི་གཅིག་གི་རྒྱུ་གནག་གིས་ཞལ་འདོན་ཁ་སྒྲོགས་ནས་ཁྱེར་སོང་བས་འཛིན་བཟུང་པས་དངོས་སུ་མཐོང་ནས་འཛིན་བཟུང་བྱས་ནས་ཁྲིད།ཞུ་ཚང་གི་སྒོ་འགྲམ་དུ་སླེབ་སྐབས་འཛིན་བཟུང་པ་མང་ཆེར་བ་ཞུ་ཚང་ནང་དུ་ལྟ་ཉུལ་དུ་སོང་བ་དང་སྐུ་སྲུང་གཉིས་ཀྱིས་སྒོ་ཁར་སྲུང་བཅུག་ཀྱང་སྐུ་སྲུང་བས་ཁོང་གར་སོང་མ་རེག་པར་བྲོས་བྱོལ་བྱས།དེ་མཚམས་མཛུབ་མོ་དམར་བཀུག་བྱས་པའི་གྲོགས་པོ་མི་གཅིག་གིས་འཛིན་བཟུང་པ་ལ་རྩིས་སྤྲད་པས་སླར་ཡང་འཛིན་བཟུང་བྱས་ནས་རྟ་རྔ་ལ་བཏགས་ནས་སྟེང་ཆེན་བར་ཁྲིད་སྐབས་རྟ་རྒྱུག་ཇི་ཙམ་བླངས་ཀྱང་མགྱོགས་ཚད་རྟ་བཞིན་རྒྱུགས་པ་ཚང་མས་མཐོང་སྣང་དངོས་སུ་བྱུང་།སྟེང་ཆེན་དུ་བཞུགས་སྐབས་བཙོན་པ་པ་ཁག་གཅིག་གཉལ་ཐང་དུ་སྤང་གསར་རྐོ་སྐབས་ཁོང་གིས་ཁྱེད་ཚོས་སྤང་སར་བརྐོས་ཤོག་ངས་ཐས་(ཐལ)ཚང་བཤོང་ཡོང་ཟེར་ནས་ཐས་ཚང་བཤོང་རྒྱུ་ལ་འཚེར་སྣང་སྤུ་ཙམ་མེད་སྐད།དེ་རྗེས་བླ་གྲྭ་སྤྱི་མཚུངས་བཞིན་ས་མདོ་ལ་ཁྲིད་ནས་ཡུལ་དེར་ངལ་རྩོལ་སྤང་གསར་བརྐོ་རྒྱུ་ཡིན་པས།ཁོང་གིས་ཨ་ཉོག་ཚོ་ད་སྤང་གསར་བརྐོ་བ་ལས་ཐས་(ཐལ)ཚང་བཤོང་ན་དགའ་རེད་གསུངས་སྐད།སྤང་གསར་རྐོ་བའི་སྔ་དགོང་མོ་ཐུགས་དམ་བཞུགས་ནས་ཞིང་དུ་ཕེབས།སྐབས་དེར་ཡུལ་ལུང་གཅིག་པ་རྣམས་ཀྱིས་འབྲེལ་ཡོད་ལས་བྱེད་ལ་སྙན་སེང་ཞུས་པས་ཁྱེད་རང་ཚོས་ཕུང་པོ་གཙང་མ་བཟོ་དགོས་ཟེར་བ་བཀའ་ཕེབས།དེར་ཡོད་ཡུལ་ལུང་གཅིག་པའི་གཙོན་པ་གཞན་གྱིས་སྤུར་ས་མ་ཤེས་པས་ཆུ་ལ་བསྐྱུར་ན་ས་ཉེས་མི་འགྲོ་བའི་ལོ་རྒྱུས་བཤད་རྒྱུ་ཡོད་སྟབས་མཐར་སྐུ་སྤུར་ཆུ་ལ་བཏབས་པ་བཤད།དགུང་གྲངས་དྲུག་ཅུ་མ་ཟིན་ཙམ་བཞུགས་ཚོད་འདུག

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.