སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞང་བོད་ལུགས་རང་ལུགས་ལ་གཟུགས་ཚད་མཇལ་བྱེད།
[ 2015/9/26 18:03:00 | By: lodoe ]
 

ཞང་བོད་ལུགས་རང་ལུགས་ལ་གཟུགས་ཚད་མཇལ་བྱེད་ཆུང་བ་ཕྲ་རབ་རྡུལ་ནས་ཆེ་བ་དཔག་ཚད་བར་བརྩི་ཚུལ་ཇི་འདྲ་ཞིག་ཡོད་དམ། འཕགས་པའི་སྤྱན་གྱིས་གཟིགས་པའི་ཕྲ་རབ་རྡུལ། ཕྲ་རབ་རྡུལ་བདུན་འདུས་པ་ལ་རྡུལ་ཕྲན་གཅིག རྡུལ་ཕྲན་བདུན་འདུས་པ་ལ་ལྕགས་རྡུལ་གཅིག ལྕགས་རྡུལ་བདུན་འདུས་པ་ལ་ཆུ་རྡུལ་གཅིག ཆུ་རྡུལ་བདུན་འདུས་པ་ལ་རི་བོང་རྡུལ་གཅིག རི་བོང་རྡུལ་བདུན་འདུས་པ་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་འདུས་པ་ལ་གླང་རྡུལ་གཅིག གླང་རྡུལ་བདུན་འདུས་པ་ལ་ཉི་ཟེར་རྡུལ་གཅིག ཉི་ཟེར་རྡུལ་བདུན་འདུས་པ་ལ་སྲོ་མ་གཅིག་ཙམ། སྲོ་མ་བདུན་འདུས་པ་ལ་ཤིག་གཅིག་གི་ཚད། ཤིག་བདུན་འདུས་པ་ལ་ནས་འབྲུ་གཅིག ནས་འབྲུ་བདུན་འདུས་པ་ལ་སོར་ཚིགས་གཅིག སོར་ཚིགས་ཉེར་བཞི་ལ་ཁྲུ་གཅིག ཁྲུ་བཞི་ལ་འདོམ་གང་། འདོམ་པ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་བཅས་ཕྲ་རབ་རྡུལ་ནས་དཔག་ཚད་བར་གྲུབ་རིམ་དེ་བཞིན་མངོན།༼རྗེ་ཡི་མཛོད་འགྲེལ་༡༨༦ལས་བཏུས།༽

༡༣ ཞང་བོད་རང་ལུགས་ལ་དུས་ཡུན་ཆུང་བ་དབུགས་ཆ་ནས་ཆེ་བ་བསྐལ་པ་བར་བརྩི་ཚུལ་ག་འདྲ་ཞིག་ཡོད་དམ། མཛོད་ལུགས་ལྟར་ན། དུས་ཀྱི་ཆུང་མཐའ་སྐད་ཙམ་བརྒྱ་དང་ཉི་ཤུ་ཡང་། འབུ་སྦྲང་གཤོག་པ་བརྒྱ་དང་ཉི་ཤུ་བརྩེགས་མར་ཁབ་རྩེས་དམིག་ཕུག་པའི་ཡུན་ཚད་རེ་རེ་ལ་སྦྱར་བས་སྐད་ཙམ་བརྒྱ་དང་ཉི་ཤུ་ལ་སྐད་ཅིག་མ་ཞེས་བྱ། སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག ཐང་སུམ་ཅུ་ལ་ཡུད་གཅིག་ཡུད་སུམ་ཅུ་ཞག་མ་གཅིག ཞག་མ་སུམ་ཅུ་ལ་ཟླ་བ་གཅིག ཟླ་བཅུ་གཉིས་ལ་ལོ་གཅིག ལོ་བཅུ་གཉིས་ལ་ལོ་རྒན་གཅིག སྐར་རྩིས་ལྟར་ན། དབུགས་ཆ་བདུན་བརྒྱ་བདུན་ཅུ་ལ་དབུགས་ཁུག་གཅིག་དབུགས་ཁུག་དྲུག་ལ་ཆུ་སྲང་གཅིག ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག་ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་གཅིག ཞག་སུམ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག ལོ་སྐོར་བཅུ་གཉིས་ལོ་རྒན་གཅིག ལོ་རྒན་དྲུག་ཅུ་ལས་བསྐལ་གཅིག ལས་བསྐལ་དྲུག་ཅུ་དུས་བསྐལ་གཅིག དུས་བསྐལ་དྲུག་ཅུ་ཚེ་བསྐལ་གཅིག ཚེ་བསྐལ་དྲུག་ཅུ་བར་བསྐལ་གཅིག བར་བསྐལ་དྲུག་ཅུ་བསྐལ་ཆེན་གཅིག བསྐལ་ཆེན་བརྒྱད་ཅུ་གྲངས་འཛིན་གཅིག གྲངས་འཛིན་བརྒྱད་ལ་གྲངས་མེད་གཅིག་བཅས་རིམ་པར་བརྩི་སྲོལ་ཡོད། །༼བརྡ་སྤྲོད་དཔག་བསམ་ལྗོན་པ༤ལས་བཏུས༽

༡༤ ཞང་བོད་རང་ལུགས་ལ་སྟོན་པ་གཤེན་རབ་ཀྱི་སྐུ་གསུང་ཐུགས་ཀྱི་བསྟན་པའི་གནས་ཚད་མི་ལོ་ཁྲི་གསུམ་རྫོགས་རྗེས་ཚེ་ལོ་བཅུ་པ་ལ་ཐུགས་ཚུལ་ཇི་ལྟར་ཡོད་དམ། ལན། དེ་ཡང་མདོ་ལས་སུམ་ཅུ་སྐུ་ཡིས་འདུལ། སུམ་ཅུ་གསུང་གིས་འདུལ། སུམ་ཅུ་ཐུགས་ཀྱིས་འདུལ་ནས་ཚེ་ལོ་བཅུ་པ་ལ་ཐུགས་པར་བཤད། ཅེས་པ་སྟོན་པའི་བསྟན་པ་རིན་པོ་ཆེ་ལ་སྐུ་གསུང་ཐུགས་ཀྱི་བསྟན་པ་ལ་སུམ་ཅུ་གསུམ་གྱི་ལོ་དགུ་བཅུ་ལ་ཐུགས་རྗེས་ཚེ་ལོ་བཅུ་པ་འགོ་བརྩམས་པ་དང་། དེ་ཡང་སྐུ་གསུང་ཐུགས་ཀྱི་བསྟན་པའི་གནས་ཚད་ལ་མི་ལོ་ཁྲི་གསུམ་ཡོད་པ་རེད། དེ་ཡང་ལོ་སུམ་བརྒྱ་སོ་གསུམ་དང་སྐར་གསུམ་ཚག་གསུམ་ལྷག་ཙམ་རེ་ལ་ལོ་གཅིག་ཕྲི་བས་མི་ལོ་ཁྲི་གསུམ་ཆ་ཚང་སོང་བ་དང་ལོ་སུམ་བརྒྱ་སུམ་ཅུ་སོ་གསུམ་དང་སྐར་གསུམ་ཚག་གསུམ་ལྷག་དགུ་བཅུ་སོང་བས་དེ་ཡི་རིང་ལོ་དགུ་བཅུ་མར་བྲི་བས་ཚེ་ལོ་བཅུ་ལ་ཐུགས་པ་ཡིན། ད་ཡང་ཞིབ་ཙམ་བཤད་ན། མི་ལོ་སུམ་བརྒྱ་སོ་གསུམ་དང་སྐར་གསུམ་ཚག་གསུམ་རེ་སོང་རྗེས་མི་ཡི་ཚེ་ལོ་ཐོབ་ཚད་ལོ་རེ་མར་ཉུང་དུ་བྲི་བ་ཡིན། ད་ལྟ་མི་ཡི་ཚེ་ལོ་ཐོབ་ཚད་བཞི་བཅུ་ཁ་རལ་ཞེས་འབོད་ཀྱི་ཡོད། དེ་ཡང་སྟོན་པ་འཁྲུངས་ནས་ད་ལྟའི་བར་མི་ལོ་གཅིག་ཁྲི་བརྒྱད་སྟོང་བརྒྱ་མེད་སོ་གཉིས་ངོ་ཐོག་དང་སོ་གཅིག་འདས་ལོ་ཡིན་པས། ལོ་སུམ་བརྒྱ་སོ་གསུམ་དང་སྐར་གསུམ་ཚག་གསུམ་རེ་འདས་རྗེས་མི་ལོ་གཅིག་རེ་ཐོབ་ཚད་ཉུང་དུ་སོང་བ་དེ་བརྩིས་པས་ད་ལྟ་ལོ་གྲངས་ཐོབ་ཚད་བཞི་བཅུ་ཁ་རལ་ཞེས་བཤད་པ་དེ་ཡིན། དེ་ཡང་མི་ལོ་ཁྲི་ཚོ་གསུམ་དེ་སུམ་བརྒྱ་སོ་གསུམ་དང་སྐར་གསུམ་ཚག་གསུམ་ལ་བགོས་ན་ཐོབ་སྐལ་གང་ཡོད་དེ་ཚེ་ལོ་མར་བྲི་བའི་ངོ་གྲངས་ཡིན། དེ་ལྟར་བགོས་ཐོབ་ངོ་གྲངས་དགུ་བཅུ་དེ་སུམ་ཅུ་སྐུ་ཡིས་འདུལ་སུམ་ཅུ་གསུང་གིས་འདུལ་སུམ་ཅུ་ཐུགས་ཀྱི་འདུལ་ཞེས་དགུ་ཅུ་ད་རེད།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.