ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།
བོན་སྐུ་ཀུན་ཏུ་བཟང་པོ།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྐྱིད་ལ་སྐྱིད་བཞག་རེད། | 2011/6/28 22:44:00
4
སྐྱིད་ལ་སྐྱིད་བཞག་རེད།
ཁྱུང་དཀར་ཟླ་བ།
དགུང་ཨ་སྔོན་ཡག་གི་དཀྱིལ་འཁོར་ནས། །
ཁྱུང་དཀར་ནག་སེར་གསུམ་འཕུར་ཚུལ་ཡག །
ཁྱུང་དར་མའི་གཤོག་རྩལ་མ་ཉམས་ན། །
ནང་བྱ་བརྒྱ་སྐྱིད་ལ་སྐྱིད་བཞག་རེད།།
གནས་མི་འགྱུར་འོལ་མོ་ལུང་རིངས་ནས། །
ལྷ་སྟོན་པས་བོན་འཁོར་བསྐོར་ཚུལ་ཡག །
ལྷ་སྟོན་པའི་གསུང་དབྱངས་མ་འགག་ན། །
མ་སེམས་ཅན་སྐྱིད་ལ་སྐྱིད་བཞག་རེད། །
བྱང་ཨཀྟ་རོང་གི་ཡར་རྒྱུད་ནས། །
རྗེ་བླ་མས་འགྲོ་དོན་སྐྱོང་ཚུལ་ཡག །
རྗེ་བླ་མའི་སྐུ་ཚེ་བརྟན་དང་ན། །
བོད་མགོ་ནག་སྐྱིད་ལ་སྐྱིད་བཞག་རེད། །
རྩོམ་པ་པོ།:ཁྱུང་དཀར་ཟླ་བ། | བལྟ་ཀློག(214) | ལན་སློག(1) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།སངས་རྒྱས་བསྟན་པ།
- ཟིན་ཐོ་འོག་མ།བསམ་དོན་འགྲུབ་གླུ།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།