ཧི་བོན་ཟིན་བྲིས།
ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།

     
    བོན་སྐུ་ཀུན་ཏུ་བཟང་པོ།

ལི་ཐོ།
    <<  < 2021 - >  >>
    12
    3456789
    10111213141516
    17181920212223
    2425262728
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཕར་ཕྱིན་དྲུག | 2013/2/6 20:42:00

ཕར་ཕྱན་དྲུག

 སྦྱིན་པ།

 

ཕྱི་ཡི་ལོངས་སྤྱོད་དབུལ་བོ་རྣམས་ལ་སྦྱིན།།

 

ནང་གི་ཡོན་ཏན་སློབ་གཉེར་ཅན་ལ་སྦྱིན།།

 

རྣམ་དག་སེམས་འདི་སྦྱིན་པའི་སྔོན་འགྲོ་ཡིན།།

 

སེམས་ཀྱི་སྦྱིན་པ་སྦྱིན་པའི་མཆོག་ཏུ་བསྔགས།།

 

        ཚུལ་ཁྲིམས།

 

མི་ཡི་རྟེན་བཟང་རྙེད་ནས་འཇིག་རག་བར།།

 

གཞན་ལ་སེམས་ངན་མི་འཆང་གནོད་མི་བྱ།།

 

སྒོ་གསུམ་ཚུལ་ཁྲིམས་མིག་འབྲས་བཞིན་དུ་སྲུངས།།

 

གཙང་མའི་སྤྱོད་ལམ་འཛམ་གླིང་མཛེས་པའི་རྒྱན།།

 

        བཟོད་པ།

 

གཞན་གྱིས་ཅི་བྱས་རང་ལ་གནོད་གྱུར་ཀྱང་།།

 

སྡང་བར་མི་རིགས་སྙིང་རྗེའི་སེམས་མཆོག་བསྐྱེད།།

 

སྙན་པའི་ངག་གིས་དགེ་བའི་ལས་ལ་བསྐུལ།།

 

བཟོད་པའི་གོ་ཆ་རྟག་ཏུ་བགོ་བ་གལ།།

 

       བརྩོན་འགྲུས།

 

དཀའ་བའི་ལས་ལ་ཕྱི་བཤོལ་ལེ་ལོ་དང་།།

 

གཡོ་ཁྲམ་མི་འོས་བརྩོན་འགྲུས་སྟོབས་མཆོག་བསྐྱེད།།

 

དཔེར་ན་སྒེག་མོའི་སྐྲ་ལ་མེ་ཤོར་བཞིན།།

 

མི་དགེ་རབ་སྤངས་དགེ་ལ་སྤྲོ་བཞིན་འཇུག།

 

      བསམ་གཏན།

 

མཛེས་དང་མི་མཛེས་རྣམ་རྟོག་མི་འཕྲོ་ཞིང་།།

 

རང་སེམས་གཡོ་མེད་རྩེ་གཅིག་མཉམ་པར་འཇོག།

 

བྱིང་རྨུགས་འཕྲོ་རྒོད་ཐེ་ཚོམ་རེ་དོགས་རྣམས།།

 

ཡོངས་སུ་སྤོང་བ་སེམས་ཉིད་དྭངསས་པའི་རྒྱུ།།

 

       ཤེས་རབ། 

 

དམ་པས་ཅི་གསུངས་རྩེ་གཅིག་སེམས་ཀྱིས་གསན།།

 

ཐོས་པའི་དོན་ལ་རྟོག་དཔྱོད་བསམ་གཞིགས་གལ།།

 

ཤེས་བྱའི་སྒྲོ་འདོགས་ཆོད་ན་ཉམས་རྟོགས་འཕེལ།།

 

རབ་ཏུ་རྣམ་འབྱེད་བློ་ཡིས་རང་སར་གྲོལ།།
Re:ཕར་ཕྱིན་དྲུག | 2013/2/7 23:13:45
སྐུ་མགྲོན་2KBm15(སྐུ་མགྲོན)ཁྱུང་དཀར་ཟླ་བ་ལགས། ཡག་པོ་འདུག བཀའ་དྲིན་ཆེ།
རྩོམ་པ་པོ།:སྐུ་མགྲོན་2KBm15(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.