ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།
བོན་སྐུ་ཀུན་ཏུ་བཟང་པོ།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སངས་རྒྱས་བསྟན་པ། | 2011/6/26 7:56:00
2
སངས་རྒྱས་བསྟན་པ།
སྟོན་པ་གཤེན་རབ་ཞང་ཞུང་ཡུལ་དུ་འཁྲུངས།།
སངས་རྒྱས་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར།།
ཤཱཀྱ་ཐུབ་པ་རྒྱ་གར་ཡུལ་དུ་འཁྲུངས།།
དམ་པའི་ཆོས་ཀྱི་འཁོར་ལོ་ཕྱོགས་མེད་བསྐོར།།
རྒྱལ་བ་མཉམ་མེད་རྒྱལ་མོ་རོང་དུ་འཁྲུངས།།
རྒྱལ་གཤེན་བསྟན་པའི་མངའ་ཐང་དགུང་ལ་རེག །
བློ་བཟང་གྲགས་པ་ཙོང་ཁའི་ཡུལ་དུ་འཁྲུངས།།
དགེ་ལྡན་བསྟན་པའི་རིང་ལུགས་མཁའ་མཐར་ཁྱབ།།
གཡུང་དྲུང་བོན་དང་དམ་པའི་ཆོས་ལུགས་གཉིས།།
སོ་སོར་མ་ཡིན་མེས་པོའི་གཅེས་ནོར་ཡིན།།
ཡང་དག་བློ་ཡིས་སྦྱངས་པ་མཐར་ཕྱིན་མཛོད།།
འཛམ་གླིང་ཟླུམ་པོའི་མཁའ་ལ་དེ་ཡིས་སླེབས།།
རྩོམ་པ་པོ།:ཁྱུང་དཀར་ཟླ་བ། | བལྟ་ཀློག(245) | ལན་སློག(3) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།དེ་རིང་མགྲོན་པོའི་ངོ་སོ་བསྟོད།
- ཟིན་ཐོ་འོག་མ།སྐྱིད་ལ་སྐྱིད་བཞག་རེད།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
