ཧི་བོན་ཟིན་བྲིས།
ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།

     
    བོན་སྐུ་ཀུན་ཏུ་བཟང་པོ།

ལི་ཐོ།
    <<  < 2021 - >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
འཚོ་བྱེད་རྒྱལ་བོའི་གཟི་བྱིན། | 2015/1/2 20:02:00
24

འཚོ་བྱེད་རྒྱལ་བོའི་གཟི་བྱིན།

དཔལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་བཞེས་པའི་རྟེན་འབྲེལ་དུ།

དྲི་མེད་ཕྱི་ནང་གསང་གསུམ་བོན་གྱི་སྒོར།

ལེགས་པར་འཇུག་པའི་ཤེས་རབ་གོ་ཆ་བརྩན།

འགྲོ་ལ་རྣམ་བརྩེའི་འོད་ཟེར་བྱེ་བ་འབུམ།

ཕྱོགས་མེད་སྤྲོ་བའི་དཔལ་མགོན་སྤྱི་བོས་མཆོད།

 

སྔོན་ཚེ་སྲས་མཆོག་དཔྱད་བུ་ཁྲི་ཤེས་ཀྱིས།

སྟོན་པའི་ཐུགས་བཅུད་མདོ་དགུ་འབུམ་བཞིར་བསྡུས།

འགྲོ་ལ་བདེ་ཆེན་དཔལ་སྦྱིན་སྙིགས་དུས་འདིར།

སྐྱང་ཚང་འཚོ་བྱེད་རྒྱལ་པོའི་འཕྲིན་ལས་མཚར།

 

དྲི་མེད་ངུར་སྨུག་གོས་ཆེན་ལེགས་གསོལ་ནས།

རྣམ་དག་འདུལ་བའི་བཅུད་བཟང་ངོམ་མེད་རོལ།

མཁྱེན་པའི་མཁའ་ལ་བྱིན་རླབས་འོད་ཟེར་འབར།

གདུལ་བྱ་འདབ་བརྒྱའི་ལང་ཚོ་འཛུམ་བག་རྒོད།

 

བཞི་བརྒྱ་རྩ་བཞིའི་ནད་གདོན་འདུལ་སླད་དུ།

འཚོ་བྱེད་ལྷ་རྗེའི་སྤྲུལ་བའི་གར་ལ་རོལ།

བརྩེ་ཆེན་འོད་སྣང་འབར་བའི་བྱིན་རླབས་ཀྱིས།

འགྲོ་རྣམས་བདེ་ཆེན་ལམ་ལ་ཡང་དག་བཀོད།

 

རྨད་བྱུང་གསང་ཆེན་ཐེག་པའི་ལམ་ཡངས་ལས།

རྩ་རླུང་ཐིག་ལེའི་འཕྲུལ་འཁོར་རབ་བསྐོར་ཞིང་།

སྒྱུ་ལུས་འོད་གསལ་གཉུག་མའི་རང་མདངས་གསལ།

དུས་མཐའི་མགོན་པོ་ཁྱེད་ལ་གུས་གསོལ་འདེབས།

 

གང་གི་ཐུགས་རྗེས་ཉི་མའི་འོད་སྣང་གིས།

ཁམས་གསུམ་མུན་པའི་དཔུང་ཚོགས་བཅོམས་ནས་ཀྱང་།

གདུལ་བྱའི་ཚོགས་རྣམས་འདྲེན་པའི་དཔུང་གཉེན་དུ།

བསྐལ་བརྒྱའི་བར་དུ་བཞུགས་མཛོད་མགོན་པོ་ཀྱེ།

2013/11/27ཉིན།

 

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.