ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།
བོན་སྐུ་ཀུན་ཏུ་བཟང་པོ།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་བཞེངས་བཞིན་པའི་གནས་ཚུལ་རགས་བསྡུས། | 2013/10/5 18:44:00
3
རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་བཞེངས་བཞིན་པའི་གནས་ཚུལ་རགས་བསྡུས།
སྤྱི་ལོ2013ལོའི་ཧོར་ཟླ་དགུ་བའི་ཚེས་གཅིག་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་། རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་གཡས་རིའི་ཆར་གསར་དུ་བཞེངས་བཞིན་པའི་རྣམ་མཁྱེན་སྟོན་པ་གཤེན་རབ་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་ཁྲི་ཚད་ཞེ་བརྒྱད་ཅན་གྱི་སྲོག་ཤིང་ཁྲི་ཚད་སོ་གཉིས་པ་དེ་ཉིད ༧ དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོ་བྱས་པའི་རང་དགོན་གྱི་བླ་གྲྭ་ཡོངས་ཀྱིས་གདན་འདྲེན་ལེགས་པར་ཞུས་ཤིང་། དེ་དང་ཆབས་ཅིག་རྒྱལ་བའི་བཀའ་རིན་པོ་ཆེ་དང་མདོ་གཡུང་དྲུང་ཀློང་རྒྱས་སོགས་ཁྱོན་བསྡོམས་གླེགས་བམ་སུམ་ཁྲི་ཆིག་སྟོང་ལྷག་ཙམ་གྱིས་གཙོས་རྟེན་གསུམ་སྣ་ཚོགས་ཀྱི་གཟུངས་གཞུགས་རྒྱས་པར་བཞུགས་སུ་གསོལ་བའི་གནས་ཚུལ་རགས་བསྡུས་ཙམ་མོ། ། གནས་ཚུལ་ཞིབ་ཕྲ་རབ་གནས་གྲུབ་རྗེས་འགོད་པར་བྱའོ། །
རྩོམ་པ་པོ།:ཁྱུང་དཀར་ཟླ་བ། | བལྟ་ཀློག(430) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།རེབ་གོང་བོན་བརྒྱ་དགོན་པའི་ཁྲི་མཆོད་ཆེན་མོ།
- ཟིན་ཐོ་འོག་མ།སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོའི་ཆེའི་སྙན་རྩོམ་ཕྱོགས་བསྒྲིགས།