ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རེབ་གོང་བོན་མང་དྲ་བའི་གསལ་བསྒྲགས། | 2014/1/7 20:39:00

གསལ་བསྒྲགས།

སྤྱི་ལོ༢༠༠༨ལོའི་ཟླ༤བའི་ནང་རེབ་གོང་བོན་མང་དྲ་ཚིགས་དངོས་སུ་ཤར་གཏོང་བྱས་པ་ནས་ད་ལྟའི་བར་དུ་མི་ལོ་ཧྲིལ་བོ་ལྔ་ལྷག་འགོར་འདུག ལོ་ལྔ་བོ་འདིར་ཕྱི་མིག་ཅིག་འཕེན་དུས་མེད་པ་གསར་དུ་བཏོད་པའི་དགའ་བ་ཞིག་ངང་གིས་རྒྱས་ཤིང་།  དེ་དང་ལྷན་དུ་ད་རུང་ཅི་ཞིག་མ་འགྲུབ་པའི་སེམས་ཚེགས་ཤིག་ཀྱང་ཁད་ཀྱིས་རྟས་ཡོང་། དེ་ཡང་དགའ་བའི་རྒྱུ་མཚན་ནི་ལས་ཀ་འདིའི་ཐོག་མཐའ་བར་གསུམ་དུ་བོན་མང་གཞུང་དང་བོད་ཕྱི་ནང་གི་བོན་གྱི་བླ་སྤྲུལ་དགེ་བཤེས་མང་པོ་ཞིག་གི་བླ་ན་མེད་པའི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་སྟེ་སྔར་མེད་པའི་རྒྱུ་མཐུན་གྱི་འབྲས་བུ་མངོན་གསལ་ཅིག་ལག་ཏུ་ལོན་ཡོད་པས་ཡིན་ལ། སེམས་ཚེགས་འབྱུང་དོན་ནི་དྲ་བ་འདིས་ད་རུང་བོན་གྱི་རིག་གནས་ཧྲིལ་བོའི་ངོས་ནས་བཤད་ན་ཆ་ཤས་ཀྱི་ཡང་ཤས་ཙམ་ལས་རྔོག་འདོན་འགྲེམ་སྤེལ་བྱེད་ཐུབ་མེད་པར་མ་ཟད། དྲ་བ་རང་ལ་རང་གི་ཁྱད་གཤིས་གྲུབ་མེད་ལ། དྲ་བའི་ཤོང་ཚད་དང་རྣམ་པ། གྲངས་འབོར། སྤུས་ཀ་སོགས་གང་གི་ཆར་ཡང་ཆུང་དང་ཞན་དང་ཉུང་གི་དྲི་མས་ཀུན་ནས་བསླད་འདུག་པས་ཡིན། དེ་བས་འདིར་ངེད་ཅག་དོ་དམ་པ་དག་གིས་ཆད་པ་ཁ་སྐོང་གི་ཚུལ་དུ་ཆེད་དམིགས་དྲ་བ་འདིར་བཟོ་བཅོས་ལེགས་བསྒྲིགས་ཐེངས་གཅིག་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གཟིགས་བདེ་མོ་ཡོང་ཕྱིར་རྩོམ་ཡིག་རེ་རེ་ཤོག་ངོས་མང་པོར་བགར་མེད་པར་ངོས་གཅིག་ཏུ་འཆར་ཐུབ་པ་དང་། ཤོག་ངོས་ཀྱི་གཡས་ཟུར་ནས་༼རྩོམ་དབུར་གཟིགས༽ཟེར་བ་འཆར་ཡོང་བས་དེར་བརྡེག་ན་སླར་ཡང་རྩོམ་དེའི་མགོར་གཟིགས་ཐུབ་པ་བྱས་ཡོད། ཁྱད་པར་དུ་དེང་རབས་འཛམ་གླིང་རིག་གནས་ལ་ཁ་ཕྱོགས་ཏེ་སྤྱི་ཚོགས་སྟེང་ཆེས་སྤྱོད་སྒོ་ཆེ་བའི་ལག་འཁྱེར་ཁ་པར་དངipadསོགས་ནས་ཀྱང་ལེགས་པོར་གཟིགས་ཐུབ་པ་མ་ཟད། རྩོམ་ཡིག་གམ་སྒྲ་བརྙན་རིས་གསུམ་གང་ལ་གསན་གཟིགས་གནང་ནའང་འཆར་སླ་ཞིང་སྟེབས་བདེ་བ་སོགས་ཀྱི་ཁྱད་ཆོས་འགའ་ཡང་གསར་དུ་ཁ་སྣོན་བྱས་ཡོད་པས། རྒྱ་ཆེའི་དྲ་བར་འཇུག་མཁན་རྣམས་ལ་དགའ་བསུ་ཞུ་བཞིན་ཡོད།

ཞེས་རེབ་གོང་བོན་མང་དྲ་བས།
 ༢༠༡ལོའི་ཟླ ཚེས ཉིན།

Re:རེབ་གོང་བོན་མང་དྲ་བའི་གསལ་བསྒྲགས། | 2014/1/10 8:23:06
སྐུ་མགྲོན་uYPc6F(སྐུ་མགྲོན)རེབ་གོང་བོན་མང་གི་་་རོལ་དབྱངས་་་སྡེ་ཚན་དེ་ངོ་མ་ཡག་མོ་འདུག ། སྐད་གདངས་ཤིན་ཏུ་སྙན་ལ་བྱིན་རླབས་ཆེ། རྒྱལ་ནང་དང་རྒྱལ་སྤྱིའི་ནང་དུ་ཁྱབ་སྤེལ་བྱ་ཐུབ་པའི་འདོན་རྟ་དབྱངས་ཀྱི་འཁོར་ཐག་སྤུས་ལེགས་དེ་འདྲ་བཟོ་ཐུབ་ན་རང་གཞན་ཀུན་ལ་ཕན་བདེ་ལེགས་པར་སྦྱིན་པར་ནུས།
རྩོམ་པ་པོ།:སྐུ་མགྲོན་uYPc6F(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རེབ་གོང་བོན་མང་དྲ་བའི་གསལ་བསྒྲགས། | 2014/1/8 9:14:17
སྐུ་མགྲོན་130Ldp(སྐུ་མགྲོན)གོ་གོ་སྙན་སྙན། ཡག་བྱུང་། ཡར་རྒྱས་གཏོང་ཤོག་ཕ་བཟང་གི་བུ་ཚོ། ད་ལན་ང་ཚོས་ཡར་རྒྱས་གཏོང་མ་ཐུབ་ན་དེ་ནས་ག་དུས་ཐུབ། །
རྩོམ་པ་པོ།:སྐུ་མགྲོན་130Ldp(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.