ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།
བོན་སྐུ་ཀུན་ཏུ་བཟང་པོ།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དེ་རིང་མགྲོན་པོའི་ངོ་སོ་བསྟོད།
| 2011/6/25 0:06:00

4
དེ་རིང་མགྲོན་པོའི་ངོ་སོ་བསྟོད།
གངས་ཅན་སཱ་ལའི་སྨན་ལྗོངས་ཕྱུག་མོ་ན།།
གཡང་ར་སྒོ་བཞིའི་འཕེལ་ཁ་རླབས་ལྟར་འཕྱུར།།
ཤ་མར་ཟས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས།།
དེ་རིང་མགྲོན་པོའི་ངོ་སོ་ཟས་ཀྱིས་བསྟོད།།
ཨེ་མ་གངས་ལྗོངས་གཡང་ར་ཕྱུག་མོ་ན།།
སྒྱུ་རྩལ་སྣ་རྒུའི་ཡོ་ལང་མེ་ལྟར་འབར།།
སྙན་མོ་གླུ་ཡི་འགྱུར་ཁུག་ངོ་མཚར་ཆེ།།
དེ་རིང་མགྲོན་པོའི་ངོ་སོ་གླུ་ཡིས་བསྟོད།།
འཛམ་གླིང་ཡང་རྩེ་གངས་ལྗོངས་ཕྱུག་མོ་ན།།
མདོ་སྔགས་བསྟན་པའི་མངའ་ཐང་དགུང་ལ་རེག །
སྙིང་རྗེའི་སེམས་ཀྱི་འོད་སྣང་ཕྱོགས་བཅུར་འཕྲོ།།
དེ་རིང་མགྲོན་པོའི་ངོ་སོ་ཆོས་ཀྱིས་བསྟོད།།
མདོ་དབུས་ཁམས་གསུམ་བོད་ཀྱི་ཞིང་ཁམས་ན།།
ཚན་རྩལ་རིག་གནས་ཡར་ངོའི་ཟླ་ལྟར་འཕེལ།།
གངས་ལྗོངས་སྤུན་ཟླའི་བརྩེ་སེམས་འོ་མའི་མདངས།།
དེ་རིང་མགྲོན་པོའི་ངོ་སོ་འཛུམ་གྱིས་བསྟོད།།
རྩོམ་པ་པོ།:ཁྱུང་དཀར་ཟླ་བ། | བལྟ་ཀློག(304) | ལན་སློག(2) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།མི་ཚེ།
- ཟིན་ཐོ་འོག་མ།སངས་རྒྱས་བསྟན་པ།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།