ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།
བོན་སྐུ་ཀུན་ཏུ་བཟང་པོ།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཀ་བཤད་གཞེན་སྐུལ་དུང་གི་སྒྲ་དབྱངས།
| 2011/5/25 21:29:00

2
ཀྭ་ཡེ་ལེགས་པར་གསོན་དང་ཁ་བ་རི་བོའི་བུ།།
ག་ས་གང་དུ་སླེབས་ཀྱང་ང་རྒྱལ་བྱེད་མི་འཚལ།།
ཅ་ཅོའི་གཏམ་འཆལ་མ་མང་ཆ་ལུགས་ཀུན་མཐུན་གྱིས།།
ཇ་ཆང་ཁོ་ནར་མ་ཆགས་ཉ་ཉོག་གཏམ་དག་སྤོངས།།
ཏ་ཐཱ་ག་དའི་བསྟན་ལ་ཐ་དད་བློ་མ་བསྲིངས།།
ད་ལྟ་གཉོམ་ལག་རྒྱས་པའི་ན་ཚོད་དང་བསྟུན་ནས།།
པ་སངས་མདངས་ལྡན་སེམས་ཀྱིས་ཕ་རོལ་གཞུང་ལ་བརྩོན།།
བ་ལང་ལྟ་བུའི་རྨོངས་འཐོམས་མ་རབས་སྤྱོད་ལམ་བསྒྱུར།།
ཙ་ཙིག་སྡུག་ལ་མ་འཇིགས་ཚ་གྲང་བཟོད་བསྲན་གྱིས།།
ཛ་ཡ་ཛི་ནའི་རྣམ་ཐར་ཝ་ལེར་སེམས་ལ་སྒོམས།།
ཞྭ་ལྟར་ཀུན་གྱིས་བཀུར་བ་ཟ་འཐུང་ཙམ་གྱིས་མིན།།
འ་ཅག་མེས་པོའི་ཤུལ་བཞག་ཡ་མེད་རིག་གཞུང་འདི།།
ར་རིའི་སྐྱོན་གྱིས་མ་སྦགས་ལ་ལུང་ཀུན་ཏུ་སྤེལ།།
ཤ་ཞེན་ལྷག་ཏུ་དཀར་བའི་ས་སྟེང་སྐྱེ་འགྲོ་ཀུན།།
ཧ་ལས་ངོ་མཚར་རྨད་བྱུང་ཨ་དཀར་བསྟན་པས་སྐྱོངས།།
བོན་ཆོས་ཉི་ཟླའི་དཀྱིལ་འཁོར་གསལ་བའི་བཀྲ་ཤིས་ཤོག །
སྲིད་འབྱོར་རིག་གསུམ་ལྷག་ཏུ་དར་བའི་བཀྲ་ཤིས་ཤོག །
རྩོམ་པ་པོ།:ཁྱུང་དཀར་ཟླ་བ། | བལྟ་ཀློག(246) | ལན་སློག(1) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།བརྡ་དག་ཉུང་འདུས་བྱིས་པའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།།
- ཟིན་ཐོ་འོག་མ།རང་སེམས་འདུལ་བའི་ལྕགས་ཀྱུ།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།