ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རང་སེམས་འདུལ་བའི་ལྕགས་ཀྱུ།  | 2011/5/25 21:37:00

རང་སེམས་འདུལ་བའི་ལྕགས་ཀྱུ།
བདེ་སྡུག་རེས་སུ་འཁོར་བའི་གྲོང་ཁྱེར་ན། །
ཆགས་སྡང་ཉོན་མོངས་མེ་ལྕེ་རབ་འབར་བས།།
རྨོངས་པའི་སེམས་ཅན་འདི་རྣམས་བཀྲི་དྲང་ཕྱིར།།
མ་ཅིག་བྱམས་ཆེན་ལྷ་མོས་དབྱིངས་ནས་གཟིགས།།
བདེན་རྫུན་ཚིག་གིས་གཅོད་པ་རྣམ་རྟོག་ཙམ།།
རྣམ་རྟོག་བློ་འདི་སེམས་ཀྱི་འཁྲུལ་བ་ཉིད།།
འཁྲུལ་བ་གཞན་གྱིས་གཅོད་པ་མ་ལགས་ཏེ།།
གཅོད་མཁན་བདག་ཉིད་ལས་གཞན་ཡོད་མ་ཡིན།།
དགའ་བར་ཆགས་དང་སྡང་བར་ཁྲོ་བ་སོགས།།
རང་སེམས་འཁྲུལ་བའི་རྒྱུ་ལས་བྱུང་བ་ལས།།
ཕ་རོལ་གཞན་གྱི་སྟེང་ནས་སྐྱོན་འཚོལ་བ།།
རང་སྐྱོན་རང་གིས་འགེབས་པ་ཁོ་ན་ཙམ།།
ཕམ་དང་རྒྱལ་བའི་སེམས་ཀྱི་འགྱུར་བ་ཡང༌།།
རང་སེམས་བློ་ཡིས་བཅོས་པ་ཙམ་ཞིག་ལས།།
རྣམ་རྟོག་འཁྲུལ་བློ་སེལ་བའི་མིག་ལམ་ན།།
རྒྱལ་ཕམ་མིང་གི་ཁྱད་འདི་ཡོད་མ་ཡིན།།
དེ་བཞིན་ཉེ་རིང་དགྲ་གྲོགས་བཟང་ངན་སོགས།།
བལྟོས་བཅོས་བློ་ཡིས་བཞག་པ་ཙམ་ཉིད་ལས།།
དོན་གྱི་ངོ་བོའི་སྟེང་དུ་མ་གྲུབ་པས།།
སེམས་ཅན་མ་རུ་སྒོམ་པ་བློ་ཡི་ཕུལ།།
སྐྱེ་བ་གཅིག་ལ་མི་ཚེ་གཅིག་མ་གཏོགས།།
མེད་ཅིང་དེ་ཡང་སྐད་ཅིག་དེ་ཉིད་ཙམ།།
དེ་འདྲའི་ཡུན་ཐུང་མི་ཚེའི་བཤུལ་ལམ་ནས།།
གཞན་ལ་གནོད་པའི་ལས་གང་མ་བྱེད་ཨང༌།།
ཚེ་འདིར་འདྲིས་པའི་གཉེན་དང་གྲོགས་རྣམས་ཀུན།།
སྔོན་བསགས་ལས་དབང་བཙན་པོས་བསྡུས་པ་ཡིན།།
ཞེ་སྡང་དུག་གི་ཁ་རླངས་མི་འཕོ་བར།།
བྱང་སེམས་བདུད་རྩི་འོ་མས་མཆོད་པར་རིགས།།
རང་གིས་གཞན་ལ་ཇི་ལྟར་བཀུར་གྱུར་ན༌།།
གཞན་གྱིས་དེ་བཞིན་རང་ལ་བརྩི་འཇོག་བྱེད།།
རང་གཞན་གཉིས་ཀ་མཐུན་པའི་དཔུང་སྡེབ་ན། །
ཚེ་འདིའི་བྱ་བཞག་མ་ལུས་ལྷུན་གྱིས་འགྲུབ།།
ཀྱེ་མ་ཀྱེ་ཧུད་སེམས་ཅན་འདི་རྣམས་ཀུན།།
ཆགས་སྡང་དུག་གི་རྒྱ་མཚོར་བྱིངས་གྱུར་བས།།
ཡབ་ཅིག་དཔལ་ལྡན་རྩ་བའི་བླ་མ་ཡིས།།
དབྱིངས་ནས་གཟིགས་ཏེ་བྱིན་གྱིས་རླབས་པར་མཛོད།།

2005.11.18ཉིན་གྱི་ཕྱི་དྲོ།


Re:རང་སེམས་འདུལ་བའི་ལྕགས་ཀྱུ། | 2011/5/27 16:58:15
སྐུ་མགྲོན་0FVh84(སྐུ་མགྲོན)གྲོགས་པོ་ལགས། ཁྱོད་ཀྱི་གཞིས་ཁྱིམ་རུ་མྱུལ་ཐེངས་གཅིག་བྱས་ཟིན་པ་ཡིན། དགའ་པོ་བྱུང་སོང་། ཐུགས་རྗེ་ཆེ། ཁྲི་གཡུང་དྲུང་ནས།
གཤམ་དུ་ཁྱུང་དཀར་ཟླ་བ།་ལགས་ཀྱིས་ལན་སློག་པ་ནི་
སྐུ་ཉིད་ཕེབས་པར་ཡང་སྙིང་ནས་དགའ་བོ་བྱུང་སོང་ལགས།
རྩོམ་པ་པོ།:སྐུ་མགྲོན་0FVh84(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རང་སེམས་འདུལ་བའི་ལྕགས་ཀྱུ། | 2011/5/26 16:27:31
tenzin3909དུས་རྒྱུན་དུ་ཁྱོད་ཀྱིས་འདི་ལྟར་བསྒོམ་ན།
ཁྱོད་ཉིད་བྱང་ཆུབ་སེམས་དཔའ་དངོས་མ་ཞིག་ལས་མ་འདས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.