ཧི་བོན་ཟིན་བྲིས།
ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།

     
    བོན་སྐུ་ཀུན་ཏུ་བཟང་པོ།

ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བོན་ཐེག་དགུའི་ངོ་སྤྲོད་ལས་ཡེ་གཤེན་ཐེག་པ། | 2011/12/8 11:19:00

བརྒྱད་པ། ཡེ་གཤེན་ཐེག་པ།

ཐེག་པ་བརྒྱད་པ་ཡེ་གཤེན་ཐེག་པ་ནི་སྟོན་པ་ཉིད་གཤེན་ལོ་བརྒྱད་དུ་ཕྱིན་པའི་ཚེ།   གནས་མཆོག་དམ་པ་འོལ་མོ་གླིང་ཆེན་གྱི་ལྷོ་ཕྱོགས་ཚད་མེད་བྱང་ཆུབ་ཀྱི་གླིང༌། རིན་པོ་ཆེ་གངས་གླིང་ཁྲོད་ཀྱི་རྩ་བ། བྱང་ཆུབ་ཤིང་གི་རྩ་བ་ལ་བྱོན་ནས། ཡེ་གཤེན་གཙུག་ཕུད་དག་ལ་གཉེར་དུ་གཏད་པའོ།

དེ་ལ་ཡེ་གཤེན་སེམས་ཀྱི་བོན་ཞེས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གང་ལ་སྤྱོད་ཀྱང་བྱང་ཆུབ་ཀྱི་སེམས་འདི་ནི་རྩ་བར་གྱུར་བར་གདམས་པ་ནི། དང་པོ་བྱང་ཆུབ་སེམས་ཀྱི་བྱུང་ཁུངས་ལ།  «མདོ»ལསསྣང་ཞིང་སྲིད་པ་འཁོར་བ་མྱང་འདས་བོན།།ཀུན་གཞི་བྱང་ཆུབ་སེམས་ཀྱི་ཀློང་ནས་བྱུང༌།།བར་དུ་གནས་པ་དེ་ཡི་ཀློང་ན་གནས།།ཐ་མ་སངས་ཡང་དེ་ཡི་ཀློང་དུ་སངས།།ཞེས་བྱུང་ཁུངས་ཆེ་བའི་ལོ་རྒྱུས་བསྟན་པ་དང༌།  བར་དུ་སྤྱད་ཅིང་གྲུབ་པའི་དོན་ལ། རྩ་བའི་རྒྱུད་ལུང་ཆེན་པོ་གཉིས་ཏེ།  དང་པོ་ཉོན་མོངས་སྤ་བཀོང་གནས་སུ་དག་པའི་ཕྱིར་དུག་ལྔ་གནས་དག་མཚན་བཅས་ཐབས་ཀྱི་རྒྱུད་དྲུག་གསུངས་པ་ནི། ཞེ་སྡང་གྲོལ་ཕྱིར། ཀུན་སྣང་ཁྱབ་པ་ཐུགས་ཉིད་གསལ་བའི་རྒྱུད། དུས་གསུམ་མི་ནུབ་ཏོག་གི་རྒྱུད་དུ་བྱུང༌། གཏི་མུག་གྲོལ་ཕྱིར། གསལ་བ་རང་བྱུང་སྐུ་མཆོག་གསལ་བའི་རྒྱུད། འགྱུར་བ་མེད་པ་གཡུང་དྲུང་རྒྱུད་དུ་བྱུང༌། ང་རྒྱལ་གྲོལ་ཕྱིར། དགེ་ལྷ་གར་ཕྱུག་ཡོན་ཏན་ལེགས་པའི་རྒྱུད། དབང་ལྡན་དབང་བསྒྱུར་འཁོར་ལོའི་རྒྱུད་དུ་བྱུང༌། འདོད་ཆགས་གྲོལ་ཕྱིར། བྱེ་བྲག་དངོས་མེད་གསུང་དབྱངས་གྲགས་པའི་རྒྱུད།  ཆགས་མེད་རྣམ་དག་པད་མའི་རྒྱུད་དུ་བྱུང༌། ཕྲག་དོག་གྲོལ་ཕྱིར། དགའ་བ་དོན་གྲུབ་འཕྲིན་ལས་རྨད་བྱུང་རྒྱུད། དགོས་འདོད་ཀུན་འབྱུང་ནོར་བུའི་རྒྱུད་དུ་བྱུང༌། འབྱུང་ལྔ་གྲོལ་ཕྱིར༌། ཀུན་ཏུ་བཟང་བོ་རིགས་ཀྱི་ཡུམ་ལྔའི་རྒྱུད། རྩ་རླུང་ཐིག་ལེ་ཐབས་ཆེན་རྒྱུད་དུ་བྱུང༌།  གཉིས་པ་མཚན་མེད་ཤེས་རབ་རྒྱུད་དྲུག་སྟེ། ཀུན་ཏུ་བཟང་བོ་སེམས་ཀྱི་ལུང་ཆེན། མན་ངག་ཅོག་བཞག་དོན་གྱི་ལུང་ཆེན། རིག་པ་རྩལ་སྦྱང་ཐབས་ཀྱི་ལུང་ཆེན། ཡེ་ཤེས་སྒྲོན་མ་གསལ་བའི་ལུང་ཆེན། མཐའ་བྲལ་ཆེན་པོ་དབུ་མའི་ལུང་ཆེན། གབ་སྦས་ཡིད་བཞིན་མཛོད་ཀྱི་ལུང་ཆེན་བཅས་དྲུག་དང༌། དེ་དག་སྤྱི་ལ་རྒྱུག་པ་ནི་ཀུན་ཏུ་བཟང་བོ་སྐུ་ཡི་གནས་དྲུག་ནས་བྱུང་བའི་ལྟ་སྒོམ་སྤྱོད་འབྲས་དམ་ཚིག་དྲུག་སྟེ། སྤྱི་བོ་བདེ་ཆེན་དག་པའི་དཀྱིལ་འཁོར་ནས། སྤྱི་རྒྱ་རླབས་གཅོད་ལྟ་བའི་རྒྱུད་དུ་བྱུང༌། མགྲིན་པ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ནས། དམིགས་མེད་འོད་གསལ་སྒོམ་པའི་རྒྱུད་དུ་བྱུང༌། ལྟེ་བ་ཅིར་ཡང་སྤྲུལ་བའི་དཀྱིལ་འཁོར་ནས། ཀུན་འབྱུང་དབྱིངས་རོལ་སྤྱོད་པའི་རྒྱུད་དུ་བྱུང༌། གསང་བ་ཐབས་དང་ཤེས་རབ་དཀྱིལ་འཁོར་ནས། ཡེ་བསྲུང་དྲི་མེད་དམ་ཚིག་རྒྱུད་དུ་བྱུང༌། ཐུགས་ཁ་བོན་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ནས། འཁོར་འདས་དྲི་བྲལ་འབྲས་བུའི་རྒྱུད་དུ་བྱུང༌། དེ་ལྟར་རྒྱུད་ལུང་སོ་སོའི་བྱེ་བྲག་རྣམས་ཉམས་སུ་ལེན་པའི་གོ་རིམ་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་སུ་བསྟན་ཅིང༌། བསྐྱེད་རིམ་ལ་ཡང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་  དང༌། རྫོགས་རིམ་ལ་དང་པོ་ཐབས་དང་ལམ་ལ་འཁྲིད་ཚུལ། བར་དུ་བྱང་ཆུབ་སེམས་ཀྱི་སྐྱོང་ཚུལ། ཐ་མ་རྩལ་སྦྱང་བོགས་འདོན་ལ་བཟླ་དང་བཅས་གསུངས་སོ།༼མུ་འགོད༽

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.