ཨ་སྐོར་རྒྱ་སྐོར།
རྟག་བརྟན་ཐེར་ཟུག་ཏུ་གྲུབ་པའི་གཤིས་ཀ་དེ་ནི་ངོ་མ་བེའུ་ཆུང་ཁོག་པའི་སྤྲི་ནག་ཡིན་ན་སུ་དང་གང་གིས་འགྲན་མེད་ཡིན། དོན་གྱི་མདོ་འགག་ཁྱོད་ཅི་འདྲའི་ལྐོག་གྱུར་ཞིག
རེད་ཡ། སྲིད་པ་འདིའི་ཐོག་ཡ་མཚན་ཡོད་ཆོག་པ་ནི་གནས་ལུགས་བདེན་མེད་དེ་གས་ངེས་པ་སྟེར།
རེད་དེ་འདི་ལྟར་ཡ་ཡོར་ཙམ་ཞིག་ཨེ་ཡིན་ནམ། ཡིན་ཐབས་མེད་སྙམ། མ་གཞི་འུར་ཆེ་བའི་གདོང་རིས་ནི་གསང་བའི་དངོས་པོ་ཅི་ཡིན་ཆ་མ་འཚལ། ཤུགས་བརྒྱབ་ནའང་ཕྱིས་དྲགས་པ་མིན།
ཀྱེ་མ་མ། ད་སྟེ་གང་ཞིག་ཏུ་ཕྱིན་པ་ཡིན་གྲང་། ཨ་ལ་ལ། གཏིང་ངོ་མ་དཔོག་དཀའ་བ་དེ་འདྲ་ཞིག་མིན།
གཅིག་བྱས་ན་སྐྱུ་རུ་ལག་པའི་དཔེ་ལྟར་ཡིན་ཡང་སྲིད།
ད་དུང་ནས་ད་དུང་ཡང་་་་་་་་
མི་ཟེར་མི་ཟེར། འདི་ལྟའི་ཕྱོགས་ལ་མུ་མེད་པས་སོ།
དེ་ཉིད་སྨྱུག་རྩེར་དཀྱུས་སོང་། དཀྱུས་སོང་། དེ་ཡང་ལན་ཀ་མེད་ན་བྱ་རོ་ལྟར་ལས་ཅི།