ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གསར་དར་ཐར་ལམ་ཐེམ་སྐས།
[ 2013/1/5 18:39:00 | By: ཁྱུང་གསེར་ཞུན། ]
 

༄༅།།གསར་དར་ཐར་ལམ་

        ཐེམ་སྐས།།

 

༧ སྲིད་དང་ཞི་བ་ཟུང་དུ་གྲགས་པའི་ཆེན་པོ་ལུགས་གཉིས་ཁོར་ཡུག་འདིར།།

ལེགས་དང་ཉེས་པའི་བྱ་གཞག་གང་ལའང་སོ་སོའི་ཐོབ་ཐང་རིམ་པ་ནི།།

བཟོ་བོ་མཁས་པའི་པིར་རྩེས་བྲིས་འདྲའི་མ་ནོར་སྐྲས་ཀྱི་གདང་བུ་ལྟར།།

བྱེད་པོས་ཆེད་དུ་མ་བཟོས་ན་ཡང་དོན་འཐོབ་འདི་ཀོ་གཤིས་སུ་གྲུབ།།

 

༧ གང་ཞིག་རྫོགས་ལྡན་བསྐལ་པ་བཟང་པོའི་དགེ་འདུན་བསྟི་བའི་སྡེ་ཁྱིམ་དུ།།

ངེས་དོན་ལུང་རིགས་ཟབ་མོའི་གནས་ལ་སྦྱང་གོམས་ཇི་ཞིག་བགྲོད་པའི་སྐབས།།

ཐོག་མའི་སློབ་རིམ་བསྡུས་ར་བ་འམ་དབུ་ཚད་ས་ལམ་འདུལ་མཛོད་སོགས།།

བསླབ་པའི་གོ་རིམ་དབུ་ནག་མི་ལ་ཁྲི་སྐོར་ཟེར་ལྟར་དོན་དུའང་གནས།།

 

༧ བརྒྱ་པའི་མགོན་དེས་རྩོད་ལྡན་དམུ་རྒོད་འགྲོ་རྣམས་འདུལ་བའི་ཆེད་དམིགས་པའི།།

བཅས་དང་རང་བཞིན་ཁ་ན་མ་ཐོའི་རྩ་ལག་བསླབ་ཁྲིམས་སྣ་ཚོགས་ཤིག།

རྗེས་སུ་བཞག་བཞིན་དུས་ཚིགས་སྟོན་པ་སྨྲ་དབང་ཡོངས་འཛིན་གང་དེ་ཡིས།།

ལྟོས་བཅས་རྗེས་འཇུག་འཕྲུལ་འཁོར་དོར་ཅེས་གསུང་ཕྲིན་ཕྱོགས་འདིར་ཆེད་དུ་བསྩལ།།

 

༧ གཞན་དུ་སྟོང་ལོ་ཟླ་ཕྱོགས་སྨད་དུ་ཧི་བོན་དྲྭ་ཚིགས་གོ་ས་དེར།།

དལ་མཚོའི་རླབས་ཕྲེང་མིང་དུ་གྲགས་པའི་ཟིན་བྲིས་གསར་པའི་གདན་བཟུང་བས།།

གོ་ཐོབ་བསྡུས་གྲྭའི་བསླབ་རིམ་མིང་ཞིག་རང་སྐལ་ཐོབ་པའི་ཚིག་འོག་ནས།།

ཤུགས་བསྟན་དེང་གི་བླ་གྲྭའི་ཁྲོད་ནས་དཔྱད་གཞིའི་གསང་བ་འདི་འདྲ་རྙེད།།

 

༧ འཛམ་གླིང་འཁོར་ཕྱོགས་ཡར་ཐོན་མི་རིགས་འཇིག་རྟེན་འཚོ་གནས་བྱ་གཞག་གམ།།

དོན་གྱི་གལ་མདོ་རིག་གཞུང་སྟོང་གི་དཀའ་གནད་དྲི་བའི་གནས་དབེན་ཀྱང་།།

     གང་ལ་བསླབ་པ་དེ་ལ་མཁས་ཞེས་ཉམས་མྱོང་སྟོང་ལྡན་བཤེས་མཆོག་ལ།།

     སྔར་མེད་གསར་ཐོན་བསླབ་རིམ་ཐོབ་ཆའི་བཀའ་འདྲི་འདི་ལ་གསུང་ལན་གནང་།།

 

༧ གསར་དར་འཕྲུལ་འཁོར་བཟང་ངན་ཐོག་ནས་སོ་སོའི་གོམ་པ་འཇོག་པའི་ཚེ།།

 ཐོག་མར་འཇུག་སྒོ་ཁ་པར་འཛིན་གྲྭ་དེ་མཚམས་སྦག་སྦག་འཛིན་གྲྭ་ནས།།

ནམ་ཞིག་རླངས་འཁོར་དེ་ནས་མེ་འཁོར་དེ་ཐོག་གནམ་གྲུ་ལས་སོགས་པ།།

བསླབ་པའི་གོ་རིམ་ཇི་ལྟར་བགྲོད་ན་རྩེ་མོ་བྱུང་རྒྱལ་གང་ཞིག་ལགས།།

 

 ༧ མི་བུ་གཅིག་ལ་སྒེར་གཏད་མེད་ཀྱང་སྔོན་མ་ཤི་བའི་བྱ་རོ་ལྟར།།

བ་རྐུན་རྐང་པར་རྡོ་རྒྱོབ་ཅེས་པའི་དཔེ་ཟླ་སྲིད་ན་དེ་ལྟར་ལས།།

སྤྱི་གཏམ་བདག་མེད་ནམ་མཁའི་དབྱིངས་སུ་ཀུན་ཁྱབ་འབྲུག་སྒྲའི་ངང་ཚུལ་འདི།།

གཟུར་གནས་བློ་ལྡན་དགོངས་འཚོམ་མེད་པར་ཐུགས་དམ་གསོང་པོར་མཛོད་ཅིག་ཀྱེེ།།

 

 

                                                 

 

 

 

 
 
Re:གསར་དར་ཐར་ལམ་ཐེམ་སྐས།
[ 2013/1/7 10:54:07 | By: སྐུ་མགྲོན་Imd5GS(སྐུ་མགྲོན) ]
 
སྐུ་མགྲོན་Imd5GS(སྐུ་མགྲོན)རྒན་ལགས་ཐུགས་རྗེ་ཆེ། ནམ་རྒྱུན་ཀློག་བཞིན་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.