ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ལོ་འཁོར་རྩོད་རྒྱུགས་ཆེན་མོ།
[ 2012/11/25 9:27:00 | By: ཁྱུང་གསེར་ཞུན། ]
 

    ལོ་འཁོར་རྩོད་རྒྱུགས་ཆེན་མོ། 

 

 

དེ་ཡང་མཚན་ཉིད་སློབ་གཉེར་བ་ཞིག་ལ་མཚོན་ལ་རང་གིས་གཞུང་འདི་དང་དེ་ལ་སྦྱོང་བ་ཡིན་ཞེས་པ་ཙམ་མ་ཡིན་པར་གཞུང་གང་དང་གང་ལ་སྦྱོང་སྐབས་རྒྱུགས་ལེན་ཚད་ལྡན་བྱས་རིམ་བཞིན་འཛིན་གྲྭ་རིམ་པར་འཕར་དགོས་པའི་མཚན་ཉིད་ཀྱི་གྲྭ་ས་ཆེན་མོ་ཁག་གི་སྒྲིག་ལམ་ལྟར་༧དབང་ལྡན་ཞུ་ཡི་གདན་ས་དཔལ་ལྡན་སྨིན་གྲོལ་གླིང་༧སྤུ་རྒྱལ་རིག་སློབ་ཁང་གི་མཚན་ཉིད་བཤད་གྲྭ་བ་རྣམས་ནས་ཐེངས་དང་པོའི་ལོ་འཁོར་གྱི་རྩོད་རྒྱུགས་ཆེན་མོ་དེ་བཞིན།  གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་གི་ནང་ཚན་རབ་མཛོད་སྨིན་དྲུག་ཟླ་བའི་དགའ་བ་གཉིས་པའི་ཚེས་བཟང་ཉིན་དབུ་བཞུགས་མཁན་སློབ་དགེ་བའི་བཤེས་གཉེན་དང་འདུས་པ་རྒྱ་མཚོའི་དྲུང་དུ་འཛིན་གྲྭ་སོ་སོའི་སློབ་གཉེར་བ་རྣམས་ནས་རྩོད་རྒྱུགས་དང་དམ་རྒྱུགས་གཉིས་ཟུང་འབྲེལ་གྱི་ཐོག་ནས་ལུང་དང་རིགས་པའི་དགྱེས་མཆོད་ཕུལ།  དེ་ཡང་རྒྱུགས་གཞི་འཛིན་གྲྭ་སོ་སོའི་ཡིག་ཆ་ཁག་ནས་དཀའ་བའི་གནད་རྣམས་སྔོན་ནས་གོ་སྒྲིག་གནང་དོན་ལྟར་རྒྱུགས་འབུལ་དངོས་ཀྱི་སྐབས་སུ་རང་རང་གི་རྩོད་ཟླ་དང་ཨང་རིམ། དེ་བཞིན་རྒྱུགས་གཞི་གང་ཞིག་ཡིན་པ་རྣམས་རྒྱལ་བླངས་ཏེ་རྒྱུགས་སྤྲོད་ཕུལ།   དེ་བཞིན་མཁན་སློབ་རྣམས་ནས་སློབ་གཉེར་བ་སོ་སོར་རྒྱུགས་ཚད་ཀྱི་ཨང་གྲངས་གང་ཞིག་ཐོབ་པ་སོ་སོར་ཐོ་འགོད་གནང་།   མཐར་འདི་ལོར་རྩོད་རྒྱུགས་ཐེངས་དང་པོ་ཡིན་གཤིས་ཨང་ཐོབ་གསལ་བསྒྲགས་དང་དེའི་བྱ་དགའ་ཆད་གཅོད་རྣམས་དངོས་སུ་ལག་ལེན་མ་བྱས་ཀྱང་མ་འོངས་དེ་བཞིན་དགོས་པའི་སློབ་སྟོན་བཅས་བྱེད་སྒོ་དེ་བཞིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་སོང་།། 

 

 
 
Re:ལོ་འཁོར་རྩོད་རྒྱུགས་ཆེན་མོ།
[ 2012/11/28 2:13:53 | By: སྐུ་མགྲོན་Jof6Iu(སྐུ་མགྲོན) ]
 
སྐུ་མགྲོན་Jof6Iu(སྐུ་མགྲོན)ཟིན་བདག་ལགས། གོ་གོ། སྙན་སྙན། གཞོན་སྐྱེས་དེ་ཚོ་ལ་རིག་པའི་གནས་དང་བཅས་པ་ཆ་ཚང་བ་ཞིག་ངེས་པར་དུ་སློབ་དགོས། དེར་མ་ཟད་རང་ལུགས་ཀྱི་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་བཅས་ཆ་ཚང་ཤེས་པའི་མི་བུ་མཁས་བཙུན་བཟང་གསུམ་ལྡན་པ་ཤ་སྟག་སེང་ཁྱུ་འཁྲུགས་པ་ལྟར་མཁས་བརྒྱ་འགྲན་གླིང་དུ་ཐོན་ཡོང་བའི་རེ་བ་ཆེན་པོ་ཡོད། དེ་དང་ཆབ་གཅིག་ཏུ་རྒྱུག་ཆེ་བའི་སྐད་ཡིག་རང་སྐྱ་འཕེར་བ་ཞིག་ཀྱང་ངེས་པར་དུ་ཤེས་དགོས་ཀྱི་འདུག། མི་ཡི་མི་ཚེ་ཟེར་མཁན་འདི་ལ་འདྲ་མིན་སྣ་ཚོགས་ཡོང་རྒྱུ་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས་མཐའ་མ་དགོན་གྲོང་ག་བར་མི་ཚེ་བསྐྱལ་དགོས་ནའང་མི་བུ་དེ་འུ་ཐུག་ཐབས་མ་ཆགས་པ་ཞིག་ད་ལྟ་ནས་ངེས་པར་དུ་བཟོ་དགོས། དེ་ཡང་ཉིན་མ་རེ་ནས་དུས་ཚོས་སྟངས་འཛིན་གྱིས་མི་བུ་ཚད་ལྡན་དེའི་དུས་ཚོད་ཁྲོག་བརླག་ཏུ་མ་སོང་བ་ཅིས་ཀྱང་ཐུགས་འཁུར་གནང་གལ་ཆེ། བཀྲ་ཤིས་བདེ་ལེགས་ཞུ། །
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
མཆན་འདོགས་མཁན་པོའི་རང་མཚན་མ་གསལ་རུང་གུས་པའི་ཟིན་གཞིས་སུ་ཕེབས་པར་མ་ཟད་གལ་ཆེའི་སློབ་སྟོན་གནང་བར་ཐུགས་རྗེ་ཆེ། ལྷག་དོན་མི་རིགས་རང་གི་སྐད་ཡིག་ཐད་ལ་ཧོར་ཁྱུང་ཁོག་ཏུ་དོ་སྣང་ཅུང་ཞན་པའི་ངོས་འཛིན་གུས་པས་སྔ་ས་ནས་ཡོད། དེར་བརྟེན་མ་འོངས་ཚང་མས་འདིའི་སྐོར་ལ་གོང་འོག་ཚང་མས་ཐུགས་སྣང་རེ་མཛད་ན་ལེགས་པར་སྙམ།
 
 
Re:ལོ་འཁོར་རྩོད་རྒྱུགས་ཆེན་མོ།
[ 2012/11/25 22:18:52 | By: zhongsong ]
 
zhongsongསྤུ་རྒྱལ་བོད་ཀྱི་རིག་པའི་སློབ་གླིང་ཞེས། །
མཚན་སྙན་དབྱར་གྱི་རྔ་གསང་ལྡིར་དང་ལྷན། །
བདག་ཅག་རིགས་པ་སྨྲ་བའི་རྨ་བྱ་འགས། །
དད་སྤྲོའི་སྒྲོ་སྡུག་མཛེས་གུར་ཝལ་གྱིས་ཕུབ། །
 
 
Re:ལོ་འཁོར་རྩོད་རྒྱུགས་ཆེན་མོ།
[ 2012/11/25 13:50:01 | By: བོན་ཕྲུག་རྣལ་མ།(སྐུ་མགྲོན) ]
 
བོན་ཕྲུག་རྣལ་མ།(སྐུ་མགྲོན)ཡི་རངས་ཞུའོ།
 
 
Re:ལོ་འཁོར་རྩོད་རྒྱུགས་ཆེན་མོ།
[ 2012/11/25 11:34:46 | By: སྐུ་མགྲོན་0gw3AM(སྐུ་མགྲོན) ]
 
སྐུ་མགྲོན་0gw3AM(སྐུ་མགྲོན)དེང་སང་སྤུ་རྒྱལ་རིག་སློབ་ཁང་གི་མཚན་ཉིད་བཤད་གྲྭ་བ་ག་ཚོད་ཡོད་དམ། འཛིན་རིམ་མམ་ཡང་ན་ལོ་རིམ་ག་ཚོད་བར་དུ་སླེབས་ཡོད་དམ། ལན་ཞིག་ཡོད་པ་ཞུ། །
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
སྐུ་ཉིད་གུས་པའི་ཟིན་ཐོར་སྤྱན་ཟུར་གཡོ་བར་ཐུགས་རྗེ་ཆེ། དེང་ཆར་འདི་གར་མཚན་ཉིད་པ་ཐིག་མཚོ་ཡར་འཕེལ་ཙམ་དང་འཛིན་རིམ་བསྡུས་ར་ནས་ཚད་མའི་བར་ཙམ་ཡིན་ལགས།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.