ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ངོ་སྤྲོད་མཛུབ་མོས་རི་སྟོན།
[ 2012/10/30 19:56:00 | By: ཁྱུང་གསེར་ཞུན། ]
 

༄༅། །ངོ་སྤྲོད་མཛུབ་མོ་རི་སྟོན།།

༧ ཆུང་དུས་དྲིན་ཆེན་ཕ་མའི་གཅེས་མིང་དུ་གཡང་སྐྱབས་དང་རྗེས་སོར་རབ་བྱུང་བཙུན་པའི་བླ་དྭགས་སུ་བསྟན་འཛིན་རྣམ་རྒྱལ་དུ་འབོད་པ་སྟེ།  མདོ་ཁམས་རྔུལ་རྫ་ཟལ་མོའི་སྒང་རྒྱུད་ཁྱུང་ཡུལ་སྟོད་ཀྱི་ས་ཆ་སྦས་པའི་གནས་ཆེན་སྤུ་རྒྱལ་གངས་རིའི་ལྷོ་ཞོལ་དཔའ་བརྡ་ཞེས་པའི་སྨན་ལྗོངས་སུ་འགྲུ་རིགས་མུ་པ་མདོ་སྔགས་དང་། དམར་བཟའ་ཨ་ཏིང་ཞེས་པའི་སྟངས་དབྱལ་གཉིས་ལས་རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ཕྱི་ལོ་༼༡༩༧༢༽ལོར་སྐྱེས།   ཡི་གེ་ཀློག་འདོན་ཤེས་ཙམ་ནས་ཡུལ་དུས་དང་བསྟུན་པའི་བོད་ཡིག་ཀློག་འབྲི་དང་བཅའ་འདོན་སོགས་ལ་བསླབས།    རང་ལོ་བཅུ་གསུམ་ཐོག་གྲུབ་དབང་ཤར་རྫ་པའི་རྒྱལ་ཚབ་ལུང་རིགས་རྣམ་དག་རིན་པོ་ཆེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བླངས།   དེ་བཞིན་བླ་མེད་རྫོགས་པ་ཆེན་པོའི་རིང་ལུགས་ལྟར་སྔོན་འགྲོ་དངོས་གཞི་རྩ་རླུང་སོགས་བླ་མ་གང་དེའི་དྲུང་ནས་སློབ་གཉེར་ཅི་ལྕོགས་ཞུས།  དེ་ནས་གྲྭ་ས་སྨན་རིའི་བཤད་སྒྲུབ་འདུས་སྡེར་ཞུགས་ཏེ་༼༡༩༩༧ ༽ལོར་རབ་འབྱམས་པའི་མཚན་སྙན་ཐོབ།  ༼༡༩༩༨༽ལོར་རང་ཡུལ་དབང་ལྡན་ཞུ་ཡི་གདན་ས་དཔལ་ལྡན་སྨིན་གྲོལ་གླིང་གི་མཁན་པོའི་ཁྲིར་བཀོད།   སླར་ཡང་སྟེང་ཆེན་དགོན་དུ་མཚན་ཉིད་དང་རིག་གནས་གཞན་ལ་བསྐྱར་སྦྱོང་བྱེད་ཞོར་དེ་གའི་བཤད་སྒྲུབ་འདུས་སྡེའི་དཔེ་ཁྲིད་པའི་འགན་ཡང་ལོ་མང་ཁུར།  ༼༢༠༠༧ ༽རང་དགོན་གྱི་ཚོགས་ཁང་སོགས་བསྐྱར་སྐྲུན་དང་བཤད་སྒྲུབ་འདུས་སྡེ་སླར་གསོའི་བྱ་བར་རང་ནུས་གང་ཡོད་ཕུལ།   བར་དེར་བྱང་གཉན་རོང་ཆབ་མདོ་དགོན་དུ་བཤད་སྒྲུབ་གཉིས་ཀྱི་སློབ་འགན་ཡང་ཁུར།    རྩོམ་རིགས་སྐོར་ལ་སྔ་རྗེས་སུ་བོན་གྱི་རྣམ་གྲངས་མདོར་བསྡུས་》ཞེས་པ་དང་།   《ཁམས་ཁྱུང་པོའི་ཡུལ་སྐད་ཕྱོགས་བསྡེབས།   སྙན་རྩོམ་ཕྱོགས་བསྡུས་གསར་བཞད་གྱི་མེ་ཏོག་ཨུཏྤལ། ཞེས་པའི་དེབ་གསུམ་དང་གཞན་དུས་དེབ་སོགས་སུ་རྩོམ་སྣ་འགའ་སྤེལ།   ད་ལྟའི་ཆར་ཡང་སྔར་མུས་བཞིན་བཤད་སྒྲུབ་བསྟན་པའི་བྱ་བར་བརྩོན་པ་བསྐྱེད་མུས་སུ་ལགས།   འདིར་མཛུབ་མོ་རི་སྟོན་ཙམ་ལས་མི་ཚེའི་ལོ་རྒྱུས་རྒྱས་པར་མཁྱེན་དགོངས་ན་རང་གིས་སུག་བྲིས་བྱས་པའི་བགྲང་བྱ་ཞེ་གཅིག་ཡན་གྱི་མི་ཚེའི་བྱུང་བ་བརྗོད་པའི་གཏམ་དྭངས་གསལ་ཆུ་ཤེལ་མེ་ལོང་ཞེས་པ་ཡོད་པས་དེར་གཟིགས་པར་ཞུ།།    འདི་ཡིག་ཐོག་ནས་སྤེལ་ཟིན་རུང་རྩེད་མཚར་གྱིས་དྲྭ་སྟེང་དུ་བཀོད་པ་ལགས།

༢༠༡༢་༩་༡

 

 
 
Re:ངོ་སྤྲོད་མཛུབ་མོས་རི་སྟོན།
[ 2012/11/1 13:13:53 | By: danzengyixi ]
 
danzengyixi


འོ་ལགས་སོ། དེ་སྔོན་ཡན་ཆོད་ལ་ཚེ་འདིར་མི་ལུས་བླང་པ་དེ་དོན་སྙིང་ལྡན་པའི་བྱ་བ་གང་མང་སྒྲུབ་འདུག་པས་རྗེས་སུ་ཡི་རངས་ཞུ་བ་ཡིན། ད་དུང་མུ་མཐུད་ནས་བུ་རབ་ཚོས་མིག་དཔེ་འོས་སའི་སྐྱེས་ཆེན་ཞིག་འགྱུར་བར་སྨོན་ནོ།
ལྷ་གཡག་དར་མས།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་ལྷ་གཡག་དར་མས་ངོ་སྤྲོད་འདི་བཞིན་ཡི་རངས་སྨོན་པར་ལེགས་གསོལ་དང་འབྲེལ། མ་འོངས་བྱ་བ་ལམ་དུ་སློང་བའི་མཐུན་འགྱུར་གནང་བའི་རེ་བའམ་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.