༼རྩོམ་འདི་གུས་པས་བསྒྲིགས་པའི་ཁྱུང་པོའི་ཡུལ་སྐད་ཕྱོགས་བསྒྲིགས་ལས་ཟུར་འདོན་ཞུས་ཏེ་དྲ་བར་བཀོད་དོན་ནི་རྒྱ་ཆེའི་དྲྭ་གྲོགས་རྣམས་ནས་འདིར་མ་ཚང་བའི་རིགས་རྣམས་ཁ་སྐོང་དང་ཡང་ན་འདིར་འཁོད་རྣམས་ནོར་འཛོལ་བྱུང་རིགས་ལེགས་བཅོས་ཀྱི་དགོངས་འཆར་གནང་བདེར་བཀོད་པ་ཡིན་གཤིས་དེ་ལུགས་མཁྱེན་འཚལ་ཞུ། བསྟན་རྣམ་ནས།༽
ལེའུ་དང་པོ།
རི་མཚོ་དང་ཡུལ་ལྗོངས་ཀྱི་སྐོར།
སྤུ་རྒྱལ་གངས་རི། ཁྱུང་ཡུལ་སྟོད་དུ་ཡོད་པའི་གནས་རི་གྲགས་ཅན་ཞིག་སྟེ། བོན་མི་འགྱུར་བའི་བཀའ་རྟགས་གངས་ཆེན་མཆེད་བདུན་གྱི་ཡ་གྱལ་ཡིན་ལ་མཚན་གཞན་དུ་ལྷ་རི་ཁྱུང་རྫོང་དཀར་པོའམ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེར་འབོད་ཅིང་བསྡུས་ཚེ་སྤུ་རྒྱལ་ཡང་ཟེར།
ཁྱུང་པོའི་རི་བོ་རྩེ་དྲུག ཁྱུང་ཡུལ་དཀར་སྨད་དུ་ཡོད་པའི་གནས་རི་གཏེར་ཁ་དང་སྒྲུབ་ཕུག་སོགས་ངོ་མཚར་དུ་མས་ཕྱུག་པའི་རི་བོ་གྲགས་ཅན་ཞིག་སྟེ། མཚན་བསྡུས་ཚེ་རྩེ་དྲུག་ཟེར།
ངང་རི་སེང་གདོང་ཁྲ་མོ། རྩེ་དྲུག་གི་ཟུར་དུ་ཡོད་པའི་གནས་རི་ཞིག
བྲག་དམར་རི་འདུས། ཁྱུང་དཀར་དུ་ཡོད་པའི་གནས་རི་ཞིག་སྟེ། སྟེང་ཆེན་རི་དགོན་གཉིས་ཀྱི་རྒྱབ་རི་ཡིན་པས་མཚན་གཞན་དུ་རྒྱབ་རིའམ་འབྱག་རྒྱལ་རིན་ཆེན་འབར་བ་ཡང་ཟེར།
སྤེན་ནེ་རི་བཀྲ། ཞེ་གཞུང་དང་ས་སྒང་བར་དུ་ཡོད་པའི་རི་བོ་གྲགས་ཅན་ཞིག
གངས་རྒྱལ། ཞེ་གཞུང་ཕུ་རུ་ཡོད་པའི་གནས་རི་ཞིག་སྟེ། གངས་གཞུང་སྡེ་བའི་ཡུལ་སྐྱོང་གནས་རི་ཡང་ཡིན།
གནས་སྲུང་རྡོ་རྗེ་བྲག་བཙན། ཞེ་གཞུང་ཡུལ་སྐྱོང་རི་བོ་ཞིག
ལྷོ་ཟླ་ངང་མ་མཆེད་གསུམ། དཀར་སྟོད་གསེར་རུའི་ཡུལ་སྐྱོང་གནས་རི་སྟེ། ཆེ་བ་གསའ་རྒྱལ་ཁུ་བྱུག་མགུལ་ཁྲིས། འབྲིང་བ་རབ་རྒྱལ་ཤངས་ལྷ་འོད་དཀར། ཆུང་བ་རག་པ་གཡུ་རྩེའོ། རི་འདི་ཀ་ལེགས་དགོན་གྱི་རྒྱབ་རི་ཡང་ཡིན།
རབ་རྒྱས། རབ་རྒྱལ་ཏེ། ཁྱུང་ཉིལ་ལའི་ལྷོ་ཕྱོགས་སུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག
གསའ་ཡི་བྲག་ར། དཀར་སྟོད་གསའ་ངུར་ཡོད་པའི་སྤྲུལ་སྐུ་བློ་ལྡན་ལ་གཟི་བརྗིད་སྙན་བརྒྱུད་འབབ་སའི་གནས་ཆེན་ཞིག
སྡོང་རྫོང་། དཀར་སྟོད་རྭ་ཁྲོམ་ཁུལ་དུ་ཡོད་པའི་གནས་རི་ཞིག
བདེ་ཆེན་ལྷ་རི་གནམ་རྫོང་། སྟེང་ཆེན་ནུབ་ངོས་སྟོད་མ་སྡེ་བས་གསོལ་བའི་ཡུལ་སྐྱོང་གནས་རི་ཞིག
རི་དམར། ༡ སྟེང་ཆེན་དང་གཏམ་སྟོད་བར་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག་སྟེ། ནག་རུ་དགོན་གྱི་རྒྱབ་རི་ཡང་ཡིན། ༢ གསེར་མདོའི་ཤར་ངོས་སུ་ཡོད་པའི་གནས་རི་ཞིག་སྟེ། རི་དམར་དགོན་གྱི་རྒྱབ་རི་ཡང་ཡིན།
སྨུག་མོ། སྟེང་ཆེན་གྱི་ནུབ་ངོས་སུ་གནས་པའི་ཡུལ་སྐྱོང་གནས་རི་ཞིག
རྡོ་རྗེ་བྲག་དམར། སྟེང་ཆེན་ནུབ་ངོས་ཁམས་ཉིན་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག
རྫོང་ཤང་། ཁམས་ཉིན་སེར་ཀ་དང་ཧ་འགའ་སྡེ་བས་བསྟོད་པའི་ཡུལ་སྐྱོང་གནས་རི་ཞིག
གཡུང་དྲུང་ལྷ་རྩེ། ཁམས་ཉིན་ཁ་ཆེ་སྡེ་བས་བསྟོད་པའི་ཡུལ་སྐྱོང་གནས་རི་ཞིག
དམར་གཡང་མ། སྟེང་ཆེན་ནུབ་ངོས་སེ་རུ་སྡེ་བས་བསྟོད་པའི་ཡུལ་སྐྱོང་གནས་རི་ཞིག
སྟག་རྒོད། སྟེང་ཆེན་གྱི་བྱང་ངོས་སུ་གནས་པའི་ཁྱུང་རྫོང་སྡེ་བའི་ཡུལ་སྐྱོང་གནས་རི་སྟེ། སྟེང་ཆེན་རྫོང་གི་རྒྱབ་རི་
ཡང་ཡིན།
སྨུག་པོ་རི་བཙུན། སྟེང་ཆེན་བྱང་གཞུང་ཡུལ་སྐྱོང་གནས་རི་དང་ཀོ་རྒྱལ་དགོན་གྱི་རྒྱབ་རི་ཡང་ཡིན།
འགའ་རྒྱལ། སྟེང་ཆེན་འགའ་གཞུང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག
སྟག་མོ་རི་བཀྲ། སྟེང་ཆེན་ཁ་ཡན་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག
མདོ་བྲག སྟེང་ཆེན་ལྷོ་ངོས་སུ་ཡོད་པའི་སེ་རུ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག
དཀར་པོ་མཆེད་གསུམ། སྟེང་ཆེན་ནུབ་ངོས་སུ་ཡོད་པའི་ཁྲ་ལུང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག
བྲག་ནག སྟེང་ཆེན་ནུབ་ངོས་སུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག་སྟེ། སྨོན་རྒྱལ་བླ་བྲང་གི་རྒྱབ་རི་ཡང་ཡིན།
རྣ་ལོང་། སྟེང་ཆེན་ནུབ་ངོས་སུ་ཡོད་པའི་སེ་རུ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག
གཟི་མར་ཀེའི་བྱ་རྒོད་སྤུངས་རི། སྟེང་ཆེན་ལྷོ་ངོས་ནག་རུ་སྟོད་སྨད་བར་དུ་ཡོད་པའི་སྲིད་རྒྱལ་གནས་རི་ཞིག་སྟེ། འདི་ལ་གཟི་མར་ཀེའི་ཡང་ཟེར།
གཟི་ཡར་ཀེའི་དབལ་མོ་འབྲོང་རི། གོང་ལྟར་དུ་ཡོད་པའི་སྲིད་པ་རྒྱལ་མོའི་གནས་རི་ཞིག་སྟེ། འདི་ལ་གཟི་ཡར་ཀེའི་ཡང་ཟེར།
མཎྚལ་སྨུག་མོ་རི། ནག་རུ་དང་གཏམ་སྟོད་བར་དུ་ཡོད་པའི་ཡི་དམ་གེ་ཁོད་ཀྱི་གནས་རི་ཞིག
རྫོང་སྲིབ། ནག་རུར་ཡོད་པའི་དྲན་པ་ཡབ་སྲས་གསུམ་གྱི་གནས་རི་ཞིག
ནེ་རི། ནག་རུ་ཞལ་ཕུའི་ཡུལ་སྐྱོང་གནས་རི་ཞིག
གཙང་རྒྱལ། ནག་རུའི་ཡུལ་སྐྱོང་གནས་རི་ཞིག
གཡུང་དྲུང་སྤུངས་རི། གཏམ་སྟོད་དུ་ཡོད་པའི་ངོ་མཚར་དུ་མས་བརྒྱན་པའི་གནས་རི་ཞིག
སྡོང་ཧྲོས། གཏམ་སྟོད་གྱི་རི་ཆེན་ཞིག་སྟེ། འདི་ལྷོ་གཉན་སྔོ་བ་གཡུ་རྩེ་ཡིན་པར་བདེ་ཆེན་གླིང་པས་གསུངས།
རྫོང་ཉག གཏམ་སྟོད་དང་བྲག་ལའི་བར་ཡོད་པའི་རི་བོ་ཞིག་སྟེ། ཆུ་བདག་དགེ་བསྙེན་གནས་སའི་བྲག་རྫོང་ཆེན་པོ་བཅོ་བརྒྱད་ཀྱི་ནང་ཚན་ཞིག་ཡིན་ཟེར།
ལྗང་རྒྱལ་སྨུག་པོ། ལྗང་ཤོད་ཀྱི་ཡུལ་སྐྱོང་རི་བོ་ཞིག
གཉེན་པོ་གཡུ་རྩེ། ལྗང་ཤོད་དུ་ཡོད་པའི་ཡུལ་སྐྱོང་རི་བོ་ཞིག
སེང་ཆེན་གཡུང་དྲུང་སྤང་ལེབ། ལྗང་ཤོད་རྒྱབ་རི་ཡུལ་སྐྱོང་གནས་རི་ཞིག
རི་ཆེན་ར་ལྷ། ལྗང་ཤོད་དུ་ཡོད་པའི་ཡུལ་སྐྱོང་རི་བོ་ཞིག
རི་བྱིན། དཀྱིལ་མཁར་དགོན་གྱི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
རྟ་ཤོད་བྱེ་མ་རི་རྒྱུད། གྱང་སྔོན་གྱི་ལྷོ་ངོས་སུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག
བྱང་ཆུབ་པདྨ་འབུམ་ལྡན། རྔ་ལ་ནང་དུ་ཡོད་པའི་ཨོ་རྒྱན་པདྨའི་གནས་རི་ཞིག
རྨེ་རུ་དགེ་བསྙེན། རྨེ་རུ་འགག་སྨད་དུ་ཡོད་པའི་་གནས་རི་ཞིག
ཕོ་ཟམ་རྒྱལ་བ་མདུང་རྩེ། གྱང་སྔོན་ཁ་ལུང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག
རྡོ་རྗེ་བྲག་བཙན། སྦྲ་ཧོ་དགོན་གྱི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
རྟ་རྫོང་། སྦྲ་ཧོར་ཡོད་པའི་གནས་རི་ཞིག
གཉན་པོ་ལྷ་རྩེ། སྦྲ་ཧོའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
ནོར་བུ་ལྷ་བཙན། གོང་དང་འདྲ།
སྟག་རྒྱལ། རྩེ་དྲུག་གི་རི་རྒྱུད་དུ་ཡོད་པའི་ལྡེ་བོན་གྱིམ་ཚའི་སྒྲུབ་ཕུག་ཡོད་པའི་གནས་རི་ཞིག
གནས་ཐུབ་ལྷ་རྩེ། གནས་ཆེན་གྲོང་ཚོའི་རྒྱབ་རི་དང་རྟ་མགྲིན་གྱི་གནས་རི་ཞིག
འབྲོང་རྒྱལ། དཀར་སྨད་ཝ་དགེ་སྡེ་བའི་ཡུལ་སྐྱོང་རི་བོ་དང་། ཝ་དགེ་དགོན་གྱི་རྒྱབ་རི་ཡང་ཡིན།
བོན་རྒྱལ། གྱིམ་ཤོད་དཀྱིལ་འཁོར་ཐང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག
རྒྱལ་མོ་རི་ཕྱུག ༡ ཤིང་རོང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག་སྟེ། སྦས་ཐོ་དགོན་གྱི་རྒྱབ་རི་ཡང་ཡིན། ༢ དཔའ་བརྡར་ཡོད་པའི་རི་བོ་ཞིག
ལྷོ་ཡི་རོང་ལྷ་རྒྱལ་མཚན། ཤིང་རོང་དུ་ཡོད་པའི་གནས་རི་ཞིག
བྲག་དཀར་པདྨ་དབང་ལྡན། ཤིང་རོང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག
སྦས་ཐོའི་ཨ་མྱེ་དར་ཐོད། ཤིང་རོང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག
རི་པ་ཏ་སྤོ་ལོ། སྤུ་ཐོག་ཁར་ཡོད་པའི་རི་བོ་ཞིག
མཚོ་ཆེན་རི་དམར། སྤུ་ཐོག་ཁར་ཡོད་པའི་གནས་རི་ཞིག
སྟག་རྒྱལ་རིན་ཆེན་སྤུངས་པ། སྒང་གསུམ་རྒྱབ་རི་དང་བོན་རིའི་གནས་ཚབ་ཀྱང་ཡིན་པར་གསང་སྔགས་གླིང་པས་གསུངས།
གམ་རྒྱལ་རྒྱལ་བ་ཐོད་དཀར། སྒང་གསུམ་གམ་ནང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག
ཤེལ་ཕྲུག་བྲག་དཀར། སྒང་གསུམ་དུ་ཡོད་པའི་གནས་རི་ཞིག
ཚ་ནེ་བཙན་རྒོད། རུ་བ་ཉིན་ཐའི་ཡུལ་སྐྱོང་གནས་རི་དང་ཚ་ནེ་དགོན་གྱི་རྒྱབ་རི་ཡང་ཡིན།
གསས་མཁར་སེར་ཧོ། རྣམ་དྭངས་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
བོན་མགོན་ནོར་བུ་ལྷ་རྩེ། གསེར་ཚའི་ལྷོ་ནུབ་ཏུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག
སྲོག་རྒྱལ་བསོད་ནམས་ལྷ་རྩེ། གསེར་ཚ་སྲོག་པའི་རྒྱབ་རི་དང་ཡུལ་ལྷ་གནས་རི་ཞིག
གནས་པོ་གཡུང་དྲུང་ལྷ་རྩེ། གཡུ་བཀྲ་ལྷ་སྟེང་དགོན་གྱི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
ཟངས་བྲག་རིན་ཆེན་འབར་བ། ཕུག་ལེབ་དགོན་གྱི་རྒྱབ་རི་དང་ཚེ་དབང་ཛོ་ཐིས་དང་། འགུ་རུ་དྲག་པོ་སོགས་ཀྱི་གཏེར་གནས་ཀྱང་ཡིན།
རག་ནེ། གསེར་ཚ་གླིང་ནང་གི་ཡུལ་སྐྱོང་གནས་རི་དང་གླིང་རྫོང་དགོན་གྱི་རྒྱབ་རི་ཡང་ཡིན།
ལྕང་རྫོང་ནོར་བུ་ལྷ་རྩེ། གསེར་ཚ་མར་རྫོང་དགོན་གྱི་རྒྱབ་རི།
བྱ་འདྲ། སྒང་རུ་ཨར་རྩེ་སྡེ་བའི་རྒྱབ་རི།
ཁྱུང་ཐོག་དར་མ། སྒང་རུའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
གུ་ཡ་བཙན་རྒོད། སྒང་རུར་ཡོད་པའི་ཡུལ་སའི་གནས་རི་ཞིག
སྔོ་ཐུལ་བོན་པོ་མཆེད་གསུམ།
གསེར་མདོའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
གསེར་དངུལ་དུང་ཁྲི་དཀར་པོ། གསེར་མདོའི་ལྷོ་ནུབ་ཉིན་མོ་ཁ་བའི་གནས་རི་ཞིག་སྟེ། ཚྭ་འབྲོང་དགོན་གྱི་རྒྱབ་རིའང་ཡིན།
སྟག་སྤྱང་རོལ་པ། ཉིན་མོ་ཁ་སྡེ་བའི་ཡུལ་སྐྱོང་གནས་རི་དང་ཚྭ་འབྲོང་དགོན་གྱི་རྒྱབ་རི་ཡང་ཡིན།
ཚ་ཕུའི་དམ་ཅན་མགར་བ། གསེར་མདོའི་ནུབ་ངོས་གདོང་གཞུང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག
སིལ་རིའི་སིལ་ལྕམ་ཕྱུག་མོ། ཝ་ཁོག་སྡེ་བའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
ཙ་རི་ཙ་ཆུང་། བར་རོང་དུ་ཡོད་པའི་ཙ་རིའི་གནས་ཚབ་རི་བོ་ཞིག
བོན་སྲས་ནོར་བུ་ལྷ་རྩེ། བོན་རིའི་གནས་ཚབ་ཏུ་གྲགས་པའི་རི་བོ་ཞིག་སྟེ། རེ་ནེ་དགོན་གྱི་རྒྱབ་རི་ཡང་ཡིན།
སེང་གེ་གནམ་རྫོང་། ཟམ་ཞིག་གི་ལྷོ་ངོས་སུ་ཡོད་པའི་གནས་རི་ཞིག
འཕར་རྫོང་། ཟམ་ཞིག་དང་གཤེར་གཞུང་སྡེ་བས་བསྟོད་པའི་ཡུལ་སྐྱོང་རི་བོ་ཞིག
རིན་ཆེན་སྤུངས་པ། ཟམ་ཞིག་མཁར་ཉག་སྡེ་བའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
རེ་ནེ་གནས་པོ། ཟམ་ཞིག་རེ་ནེ་སྡེ་བའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
ཚེ་དབང་དཔལ་རི། གཤེར་འགག་ཏུ་ཡོད་པའི་གནས་རི་ངོ་མཚར་ཅན་ཞིག
ལྷ་ཁང་མ། ཟམ་ཞིག་རྒྱབ་བདེ་ཁ་བའི་རྒྱབ་རི་དང་ཡུལ་སྐྱོང་རི་བོ་ཞིག
གདོང་ལྗང་རག་པ། བསོད་སྐོར་སྡེ་བའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
ལྕགས་ལུང་གནས་པོ། རྨ་རོང་ཤིས་བའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག
ཅོང་རི། སྤུ་སྨད་དུ་ཡོད་པའི་གནས་རི་ཞིག་སྟེ། ཅོང་རི་དགོན་པའི་རྒྱབ་རིའང་ཡིན།
བདེ་ཆེན་ལྷ་རྩེ། ག་ངས་མཁར་སྤུངས་སྡེ་བའི་ཡུལ་སྐྱོང་གནས་རི་དང་མཁར་སྤུངས་དགོན་གྱི་རྒྱབ་རི་ཡང་ཡིན།
༼འཕྲོ་ཟིན་ཐོ་རྗེས་མར་གསལ།༽