ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་ཡུལ་གྱི་རི་མཚོ་དང་ཡུལ་ལྗོངས་སྐོར།
[ 2012/10/11 8:33:00 | By: ཁྱུང་གསེར་ཞུན། ]
 

ངས་རྒྱལ་སྐུ་ལྷ་གཡུ་རྩེ། ངས་པ་དང་ཀོ་སྟོད་བར་དུ་ཡོད་པའི་ཡུལ་སྐྱོང་གནས་པའི་གངས་རི་ཞིག་སྟེ། འདི་ལ་

ཀོ་གཞུང་ཕྱོགས་ནས་ཀོ་རྒྱལ་ཟེར།

ཟེ་ཆུང་གཡུང་དྲུང་ལྷ་རྩེ། ངས་གཞུང་དང་སྡོམ་གཞུང་གི་བར་དུ་གནས་པའི་ཡུལ་སྐྱོང་རི་བོ་ཞིག་སྟེ། ངས་པ་མར་ཁུ་དགོན་གྱི་རྒྱབ་རི་ཡང་ཡིན།

སྒམ་སྐད་བྲག་དཀར། སྒམ་མཁར་བྲག་དཀར་ཏེ། ག་རེ་འགག་ཏུ་ཡོད་པའི་གནས་རི་ཞིག

སྡུ་རེ། ག་རེ་འགག་ཏུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ཟེ་རྒྱལ། ག་ཐ་ཟེ་བ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

ག་ཐའི་ཕྱུག་རི། ག་ཐའི་བླ་ཤག་ཁར་ཡོད་པའི་རི་བོ་ཞིག་སྟེ། བླ་ཤག་གཡུང་དྲུང་གླིང་གི་རྒྱབ་རི་ཡིན།

ཤྭ་འདྲ་ནོར་བུ་ལྷ་རྩེ། ག་ཐའི་བླ་ཤག་ཏུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག་སྟེ། ཤྭ་འདྲ་དགོན་གྱི་རྒྱབ་རི་ཡང་ཡིན།

སྡོམ་རྒྱལ། ག་ཐ་སྡོམ་པ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

གོ་རྒྱལ། ག་ཐ་གོ་བ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

སྡོང་རེ་གཡུང་དྲུང་སྟོབས་རྒྱལ། ག་ཐ་སྒང་རུའི་ལྷོ་ཕྱོགས་སུ་གནས་པའི་ཡུལ་སྐྱོང་རི་བོ་ཞིག

ཀོང་རྗེ། སྒང་རུར་ཡོད་པའི་རྟོགས་ལྡན་རི་བ་འབྲུག་གསས་ཀྱི་སྒྲུབ་གནས་དང་གཙོ་མཆོག་མཁའ་འགྱིང་གི་གནས་རི་ཞིག

ཀོང་གནས་པོ། སྒང་རུའི་ཀོང་ནང་དུ་གནས་པའི་ཡུལ་སྐྱོང་གནས་རི་ཞིག

ཁྱུང་ཐོག་བཙན་རྒོད་འབར་བ། སྒང་རུ་སྐམ་ཆེན་སྡེ་བའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག

ལྷ་སྲས་གྭ་པ་ཏི་སེ། སྒང་རུར་ཡོད་པའི་ཡུལ་སྐྱོང་གནས་པའི་གངས་རི་ཞིག

ཡུལ་ལྷ་རྫ་དམར་ཁྲ་འདྲ། སྒང་རུ་རྫ་དམར་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

དབལ་བྲག ག་ཐར་ཡོད་པའི་གནས་རི་ཞིག་སྟེ། གཡུ་མཚོ་དགོན་གྱི་རྒྱབ་རི་ཡང་ཡིན།

ག་རྒྱལ། ག་སྟོད་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

རྒོད་ཁྱིམ་གནས་པོ། ག་ཐ་རྐྱང་སྨད་ཀྱི་ཡུལ་སྐྱོང་གནས་རི་ཞིག

ཐོག་མདེལ་སྤུན་གསུམ། ག་ཐ་རྐྱང་སྟོད་ཀྱི་ཡུལ་སྐྱོང་གནས་རི་ཞིག

རྨུ་གནས་པོ། རྨུ་གཞུང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

གནས་རི་རག་པ། རྨུ་སྟོད་དུ་ཡོད་པའི་གནས་རི་ཞིག

ཚར་རྩེ། རྨུ་ལྷ་ལུང་དགོན་གྱི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཡང་ཡིན།

རྨུ་ཡི་བ་ཆོག་གཡང་རིལ། རྨུ་གཞུང་དུ་ཡོད་པའི་རི་བོ་ཞིག

འདམ་གྱི་རྗེས་༼རྒྱལ་༽ཆེན་བཅོ་བརྒྱད། སྒང་རུ་བྱང་དུ་ཡོད་པའི་རི་ཆེན་བཅོ་བརྒྱད་དེ།  ༡ ཨ་མྱེ་འབྲིང་རྗེས་༼རྒྱལ་༽དང་། ༢ ཁྲི་བཙན་རྗེས། ༣ ཡག་པ་རྗེས། ༤ གང་ང་རྗེས།  ༥ནོར་བུ་རྗེས། ༦ བླ་མ་རྗེས། ༧ ཡག་མ་རྗེས།  ༨ གཙང་རྗེས། ༩  ས་རུ་རྗེས། ༡༠ རི་བོང་རྗེས། ༡༡ ཤ་བ་རྗེས།  ༡༢ སྒམ་བུ་རྗེས། ༡༣ ངང་པ་རྗེས།  ༡༤ ངང་མ་རྗེས། ༡༥  རྟེའུ་རྗེས།  ༡༦ དྲེད་པོ་རྗེས། ༡༧ དོམ་སེང་རྗེས།  ཡང་ཅིག་ལ་སྨུག་གཏོར་རྗེས་བརྩི་བའང་ཡོད། ༡༨ སྐྱ་ལི་རྗེས་བཅས་སོ།

རི་ཚི། སྒང་རུ་བྱང་ཐའི་ཡུལ་སྐྱོང་གནས་རི་ཞིག

བོན་ཁྲ་ཡུ་རིས་རྐེ།  སྒང་རུ་བྱང་དུ་ཡོད་པའི་རི་ཆེན་ཞིག

ཐུག་ནག  སྒང་རུ་བྱང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

རྫ་བཀྲ།  སྒང་རུ་བྱང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

སྦང་ཆེན།  གོང་དང་མཚུངས།

རྒྱ་ཡུ་མ།  གོང་དང་མཚུངས།

ལྕི་ཡི་བྲག་ལ་མདའ་ཟུག  གོང་དང་མཚུངས།

ཁྱུང་སྐུ་འབུམ་ཁུག  སྒང་རུ་བྱང་དུ་ཡོད་པའི་ཁྱུང་རང་བྱོན་ཅན་གྱི་རི་བོ་ཞིག

ཇོ་མོ། སྒང་རུ་བྱང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག་སྟེ།  སྒྲ་རྒྱལ་དགོན་པའི་རྒྱབ་རི་ཡང་ཡིན།

ཀ་ག་སེར་མོ། སྒང་རུ་བྱང་དུ་ཡོད་པའི་གནས་རི་ཞིག

གསང་དཀར་ལྡིང་།  སྒང་རུ་བྱང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

གསང་དམར་ལྡིང་།  གོང་དང་མཚུངས།

ཐང་དེའུ་མྱུར་མགྱོགས་ཅན།   གོང་དང་མཚུངས།

དྲིས་སྐྱ། དྲེལ་སྐྱ་སྟེ། གཡམ་གཞུང་དུ་ཡོད་པའི་ཡུལ་སྐྱོང་རི་ཆེན་ཞིག

དྲིས་སྨུག དྲེལ་སྨུག་སྟེ། གཡམ་གཞུང་དུ་ཡོད་པའི་ཡུལ་སྐྱོང་རི་ཆེན་ཞིག

ཝ་ཟུར། གཡམ་སྨད་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ཆགས་ཕུའི་རི་དམར། གཡམ་གཞུང་ཆགས་སྟོད་དུ་ཡོད་པའི་ཡུལ་སྐྱོང་རི་བོ་ཞིག

གཡམ་བྲག གཡམ་སྟོད་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ཐོག་ཚང་མདེལ་རྩེ་སྤུན་གསུམ། གཡམ་སྟོད་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ནག་པོ་སྤྱན་གཅིག གཡམ་སྟོད་ན་གའི་ཕུར་ཡོད་པའི་རྫ་རི་ངོ་མཚར་ཅན་ཞིག

འབོ་ཇོ། འབོ་གཞུང་དུ་ཡོད་པའི་རྒྱལ་ཡུམ་བྱམས་མའི་གནས་རི་ཞིག

གཡུ་གུར་ཕུག་པ། འབོ་གཞུང་དུ་ཡོད་པའི་ནོར་ལྷ་རང་བྱོན་ཅན་གྱི་གནས་ཤིག

འབོ་རྒྱལ། འབོ་གཞུང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ཚ་རྒྱལ། འབོ་ཡི་ཚ་བ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

དམུ་ཆེན། འབོ་སྨད་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ངང་རྫོང་གསེར་འཕྲུལ་གཡུང་དྲུང་རིན་ཆེན་འབར་བ། རུ་གཞུང་དུ་ཡོད་པའི་གནས་རི་ཞིག་སྟེ། རུ་ཐ་ངང་ཚང་དགོན་གྱི་རྒྱབ་རི་ཡང་ཡིན།

གངས་བཟང་། རུ་གཞུང་དུ་ཡོད་པའི་གངས་རི་ཡུལ་སྐྱོང་གནས་རི་ཞིག

རི་རྒྱལ། རུ་གཞུང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

ཚེ་ལུང་རི་དམར། རུ་གཞུང་ཚེ་ལུང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག།

བེ་ཁྱིམ་གནས་པོ་སྤུན་གསུམ། རུ་གཞུང་བེ་ཁྱིམ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

བེར་རྒྱལ། རུ་གཞུང་བེར་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

ཚ་རྒྱལ། རུ་གཞུང་ཚ་ནང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

ལྕམ་མོ་ཟང་ཟང་། སྤུ་རྒྱལ་གྱི་ཟུར་དུ་ཡོད་པའི་གནས་རི་ཞིག

རི་ཚང་། བརྡ་གཞུང་དང་དཔའ་གཉིས་ཀྱི་མཚམས་སུ་གནས་པའི་རི་ཆེན་ཞིག

རྫ་ནག་མཁར་མགོ གེ་བརྡ་གཉིས་ཀྱི་བར་དུ་གནས་པའི་རི་བོ་ཞིག་སྟེ། ཞུ་ཚང་དགོན་གྱི་རྒྱབ་རི་ཡིན།

གེ་རྒྱལ་ནོར་བུ་དགྲ་འདུལ། དཔའ་བརྡ་གེ་བ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག་སྟེ། འདི་ལ་སྒྲ་བླ་ཁྱུང་ཐོག་དར་མ་ཡང་ཟེར།

དྭང་མོའི་གཡུ་ཏིང་། གེ་རྒྱལ་གྱི་གསང་ཡུམ་གནས་པའི་རྫ་རི་ཞིག

དམར་ཧོ། དམར་པོ་སྟེ། བརྡ་སྟོད་སྡེ་བའི་ཡུལ་སྐྱོང་གནས་རི་དང་། ཁྲོ་རྒྱལ་པདྨ་རགྴའི་རྒྱུད་སོགས་ཀྱི་གཏེར་སྲུང་གནས་རི་ཡང་ཡིན།  འདི་ལ་གཏེར་སྲུང་ཙ་ཏྲི་ལི་རྒྱལ་ཡང་ཟེར།

བརྡ་རྒྱལ་གཡུ་༼དངུལ་༽འཕྲུ། བརྡ་སྟོད་རི་ཁྲོད་ཀྱི་རྒྱབ་རི་དང་ཡུལ་སྐྱོང་གནས་པའི་རི་བོ་ཞིག

དཔའ་རྒྱལ། དཔའ་བ་སྡེ་བའི་ཡུལ་སྐྱོང་གནས་པའི་རྫ་རི་ཞིག

མཁའ་འགྲོ་འབུམ་རི། དཔའ་སྟོད་དུ་ཡོད་པའི་གནས་རི་བྲག་དཀར་ཞིག

སེང་ཐང་ནོར་བུ་གཡུ་རྩེ། དཔའ་སྟོད་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

སྨུག་པོ་སྦ་མཁར། དཔའ་སྟོད་ལྷོ་ངོས་སུ་གནས་པའི་རྫ་རི་རྔམ་བརྗིད་ཅན་ཞིག

གཉན་སྲས་ཇོ་བོ་བུ་ནེ།    རྨ་ལ་བཞིའི་བར་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ཚེ་ལུང་དཔལ་འབར་བྲག ཚེ་ལུང་ནང་དུ་ཡོད་པའི་སྤུ་རྒྱལ་དཀར་ཆག་སོགས་ཀྱི་གཏེར་གནས་རྩ་ཆེན་ཞིག

སྤོ་རྒྱལ། སྤོ་སྟོད་དུ་ཡོད་པའི་སྤོ་བ་སྡེ་བའི་ཡུལ་སྐྱོང་གནས་པའི་སྤང་རི་ཞིག

ཁམ་ཟེ། སྤོ་ཡུག་གཉིས་ཀྱི་བར་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

འབྲུག་འདྲ། ཡུག་ནང་དུ་ཡོད་པའི་ཡུག་པ་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

རི་སྔོན། བརྡ་སྨད་དུ་ཡོད་པའི་བརྡ་སྨད་སྡེ་བའི་ཡུལ་སྐྱོང་གནས་རི་དང་། རི་སྔོན་དགོན་གྱི་རྒྱབ་རི་ཡང་ཡིན།

གཡེག་པོ་རྭ་བར། གེ་དང་རོང་པོའི་མཚམས་སུ་གནས་པའི་རྫ་རི་ཞིག་སྟེ། སྤུ་རྒྱལ་བར་སྒོའི་སྟག་གཡག་འགྱིང་བའི་རི་བོ་ཞེས་པའི་གཡག་དེ་ཡིན་པར་བྱེད།

དྲེལ་རང་རི། དྲེལ་རང་འགག་ཏུ་ཡོད་པའི་སྲིད་རྒྱལ་དྲེལ་དམར་རང་བྱོན་ཅན་གྱི་བྲག་རི་ཞིག་སྟེ། སྤུ་རྒྱལ་གནས་ཀྱི་ཕྱི་སྒོ་ཡང་ཡིན།

གཤེར་ལའི་ཁྲ་འཕྲུ། དཔའ་སྟོད་དང་གཤེར་བའི་བར་དུ་གནས་པའི་ཡུལ་སྐྱོང་རི་བོ་ཞིག

ཡོལ་དོམ་ནག ཡོལ་སྟོད་དུ་གནས་པའི་ཡུལ་སྐྱོང་རི་བོ་ཞིག

དུག་ཆེན་ཁྲ་རོང་། དུག་ཆེན་དུ་ཡོད་པའི་རྨ་རོང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

འཛོམ་བུ་ལྷ་རྩེ། ཡོལ་རྒྱང་བར་དུ་གནས་པའི་ཡུལ་སྐྱོང་གནས་རི་ཞིག རྨ་རོང་ཡག་ལྔའི་ཕུར་ཡོད་པའི་ཡུལ་ས་གནས་པའི་གངས་རི་ཞིག

གར་འབེས།  རྨ་རོང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ཇ་ཧྥ་གཡུ་རྩེ། རྨ་རོང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་དང་རྨ་རོང་དགོན་གྱི་མདུན་རི་ཡང་ཡིན།

བྲག་བཙན། ཡོལ་སྟོད་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ཁྲ་འཕྲུ་སྤུན་གསུམ། ཁྲོམ་ཚང་དགོན་པའི་རྒྱབ་རི་དང་ཡུལ་སྐྱོང་གནས་རི་ཞིག

དེའུ་ཆེན། ཁྲོམ་ཚང་དུ་ཡོད་པའི་གནས་རི་ཞིག

བེའུ་རིས་ཁྲ་འཕྲུ།  ཁྲོམ་ཚང་རྫ་མོ་འགག་ཏུ་ཡོད་པའི་གཏེར་སྲུང་གནས་རི་ཞིག

ར་མ་ཀླུ་བཙན་རྡོ་རྗེ། ཁྲོམ་ཚང་སྲིབ་ཕྱོགས་སུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

སེང་ཐང་། ཁྲོམ་ཚང་དུ་ཡོད་པའི་ཡུལ་སྐྱོང་རི་བོ་ཞིག

ར་ཆེན་གནས་པོ། ཁྲོམ་ཚང་འགག་གོང་སྡེ་བའི་ཡུལ་སྐྱོང་གནས་རི་ཞིག

སྨུག་པོ་གཡུ་མདུང་།  ཁྲོམ་ཚང་འགག་གོང་གྲས་ནང་དུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

ཉག་རྩེ་བྱ་བྲལ།  ཁྲོམ་ཚང་འགག་གོང་དུ་ཡོད་པའི་ཉག་རྩེ་བྱ་བྲལ་བཞུགས་སའི་རི་བོ་བཀའ་རྟགས་རང་བྱོན་ཡོད་པ་ཞིག

བྲག་དམར། ཁྲོམ་ཚང་ཞུས་སྲིབ་ཏུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

གྱེར་ཝེར། ཁྲོམ་ཚང་ཞུས་སྲིབ་ཏུ་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

རྫ་སྨུག་ནོར་བུ་དགྲ་འདུལ། ཁྲོམ་ཚང་ཆག་ལར་ཡོད་པའི་ཡུལ་སྐྱོང་གནས་རི་ཞིག

སྤང་ཡུ་སྨུག་པོ་མཆེད་བརྒྱད། ཁྲོམ་ཚང་རོམ་པ་སྡེ་བའི་ཡུལ་སྐྱོང་རི་བོ་ཞིག

དཔལ་སྐྱིམ་རོལ་པ་སྐྱ་བདུན།  ཁྲོམ་ཚང་རོམ་སྡེ་བས་བསྟོད་པའི་ཡུལ་སྐྱོང་གནས་རི་ཞིག

སྤུ་ཐོག་མཚོ། སྟེང་ཆེན་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ཡུམ་བྱམས་མའི་གནས་མཚོ་གྲགས་ཅན་ཞིག་སྟེ། འདི་ལ་མཚོ་ཆེན་དང་མཚོ་ཆུང་གཉིས་ཡོད།

ག་ཐའི་གཡུ་མཚོ། ག་ཐའི་གཡུ་མཚོ་དགོན་གྱི་ཟུར་དུ་ཡོད་པའི་གནས་མཚོ་གྲགས་ཅན་ཞིག

བརྡ་ཕུའི་དལ་མཚོ། བརྡ་ཕུར་སྤུ་རྒྱལ་གཤམ་དུ་ཡོད་པའི་གནས་མཚོ་གྲགས་ཅན་ཞིག

དམར་ནག་རགྟ། དལ་མཚོའི་མར་ཙམ་དུ་ཡོད་པའི་སྲིད་རྒྱལ་དྲེའུ་དམར་གྱི་གནས་མཚོ་ཞིག

གསང་མཚོ། ༡ བརྡ་ཕུའི་གསང་མཚོ་ནང་དུ་ཡོད་པའི་མཚོ་ཞིག་དང་། ༢ སྤུ་སྟོད་དུ་ཡོད་པའི་གནས་མཚོ་ཞིག

མཚོ་ལུང་མཚོ། སྤུ་ཡི་མཚོ་ལུང་ནང་དུ་ཡོད་པའི་གནས་མཚོ་ཆེན་གཅིག་དང་མཚོ་ཆུང་བདུན་ཡོད། ངས་སྨད་དུ་ཡོད་པའི་གནས་མཚོ་ཞིག ༣ གཏམ་སྟོད་བེ་ཆེན་མཚོ་ལུང་ནང་དུ་ཡོད་པའི་མཚོ་ཞིག

སྤུ་རྒྱལ་མཚོ། རྐྱང་སྟོད་སྤུ་རྒྱལ་རྩར་ཡོད་པའི་གནས་མཚོ་ཞིག

གཡང་རའི་མཚོ། རྐྱང་སྟོད་གཡང་རའི་ཕུར་ཡོད་པའི་གནས་མཚོ་ཞིག

རྫོང་སྙིང་མཚོ། རྐྱང་སྟོད་རྫོང་སྙིང་ནང་དུ་ཡོད་པའི་གནས་མཚོ་ཞིག

འབྲུག་ལོ་མཚོ། རྐྱང་སྟོད་འབྲུག་ལོ་ནང་དུ་ཡོད་པའི་གནས་མཚོ་ཞིག

མཚོ་དཀར་མ། སྤུ་སྟོད་སྤུ་ལ་ལ་གོང་དུ་ཡོད་པའི་གནས་མཚོ་ཞིག

གླང་དོའི་གཡེག་འུ་སྣ་སྦིས། གླང་དོར་ཡོད་པའི་མཚོ་གཉིས་འབྲེལ་ཞིག

གཡོག་མོ་མཚོ། བརྡ་ཕུའི་རི་ཁྲོད་རྒྱབ་ཏུ་ཡོད་པའི་མཚོ་ཞིག་སྟེ། འདི་ལ་སྨན་མོ་མཚོ་ཡང་ཟེར།

མཚོ་བུ་ཆུང་། ༡ བརྡ་གཞུང་དུ་ཡོད་པའི་མཚོ་ཆུང་ཞིག  ༢ རྨ་རོང་དུ་ཡོད་པའི་མཚོ་ཞིག

རྡོ་ལུང་མཚོ། དཔའ་ཡི་རྡོ་ལུང་ནང་དུ་ཡོད་པའི་ཡུལ་སྐྱོང་དཔའ་རྒྱལ་གྱི་གསང་ཡུམ་གནས་མཚོ་ཞིག

འུག་ཆུང་མཚོ། དཔའ་ཡི་འུག་ཆུང་ནང་དུ་ཡོད་པའི་མཚོ་འགའ་ཡོད།

མགར་ནག་མཚོ། དཔའ་ཡི་མགར་ནག་རི་བོའི་རྩེ་མོར་ཡོད་པའི་གནས་མཚོ་ཞིག བརྡ་སྟོད་མགར་ནག་ནང་དུ་ཡོད་པའི་མཚོ་ཞིག

མཚོ་ལུང་གོང་མའི་མཚོ། འགག་གོང་མཚོ་ལུང་གོང་མར་ཡོད་པའི་མཚོ་ཞིག

མཚོ་ལུང་འོག་མའི་མཚོ། འགག་གོང་མཚོ་ལུང་འོག་མར་ཡོད་པའི་མཚོ་ཞིག

འགེལ་ཆེན་མཚོ་དམར་མ།  གེ་ཤག་གོང་འགེལ་ཆེན་ནང་དུ་ཡོད་པའི་མཚོ་དགུན་ལ་མི་འཁེངས་པ་ཞིག

འགེལ་ཆུང་མཚོ། གེ་ཤག་གོང་འགེལ་ཆུང་ནང་དུ་ཡོད་པའི་ར་ཆེན་གནས་པོའི་གསང་ཡུམ་གནས་མཚོ་ཞིག

རོམ་མཚོ་རྒན། ཁྲོམ་ཚང་རོམ་སྟོད་དུ་ཡོད་པའི་གནས་མཚོ་ཞིག

དྲེལ་དམར་བླ་མཚོ།  ཁྲོམ་ཚང་རོམ་གཞུང་དུ་ཡོད་པའི་སྲིད་རྒྱལ་དྲེལ་དམར་གྱི་གནས་མཚོ་ཞིག

ཡོལ་སྟོད་མཚོ། ཡོལ་སྟོད་དུ་ཡོད་པའི་གནས་མཚོ་ཞིག

ལྕགས་ཕུའི་མཚོ། ཁྲོམ་ཚང་ལྕགས་འུ་ཕུར་ཡོད་པའི་གནས་མཚོ་ཞིག

དུག་ཆེན་མཚོ། རྨ་རོང་དུག་ཆེན་ནང་དུ་ཡོད་པའི་གནས་མཚོ་ཞིག

ཤ་རིའི་གཡུ་མཚོ། རྨུ་ཡི་ཤ་རི་ལ་གོང་དུ་ཡོད་པའི་གནས་མཚོ་ཞིག

མཚོ་དཀར་མ། ཤ་རི་གོང་དུ་ཡོད་པའི་གནས་མཚོ་ཞིག

ཚྭ་ཆུའི་དམར་མིག་མ། རྨུ་གཞུང་དུ་ཡོད་པའི་གནས་མཚོ་ཞིག 

བོན་ཆུང་མཚོ། སྒང་རུ་བྱང་དུ་ཡོད་པའི་གནས་མཚོ་ཞིག

རག་ཆེན་མཚོ།  སྒང་རུ་བྱང་དུ་ཡོད་པའི་མཚོ་ཞིག

གསང་མཚོ་ལ།  སྒང་རུ་བྱང་དུ་ཡོད་པའི་མཚོ་ཞིག

གཡམ་བྲག་གཡུ་མཚོ། གཡམ་སྟོད་དུ་ཡོད་པའི་ཚེ་སྒྲུབ་འོད་དཀར་དཔག་མེད་སོགས་ཀྱི་གཏེར་གནས་མཚོ་ཆེན་ཞིག

གངས་ལའི་གཡེག་འུ་སྣ་སྦིས། ག་སྟོད་གངས་ལ་ལ་གོང་དུ་ཡོད་པའི་མཚོ་གཉིས་སྦྲེལ་ཞིག

གཡུ་གུར་མཚོ། འབོ་གཞུང་གཡུ་གུར་ཕུག་པར་ཡོད་པའི་གནས་མཚོ་ཞིག

བང་ང་མཚོ་ཆེན། རུ་གཞུང་དུ་ཡོད་པའི་མཚོ་ཆེན་ཞིག

ངང་རྫོང་བླ་མཚོ། རུ་གཞུང་སྔོན་མོ་འབྲུག་ཟེའི་མགོར་ཡོད་པའི་གནས་མཚོ་ཞིག

མར་མཚོ་དམར། རུ་གཞུང་མར་ནང་དུ་ཡོད་པའི་གནས་མཚོ་ཞིག

ལ་རྒན་མཚོ་ནག་མ། ངས་སྟོད་དུ་ཡོད་པའི་མཚོ་ཞིག

དར་ཡུ་བླ་མཚོ། ནག་ལྷས་རི་རྒྱུད་དུ་ཡོད་པའི་ཚྭ་འབྲོང་སྤྲུལ་སྐུའི་བླ་མཚོ་ཞིག

༼འཕྲོ་ཟིན་ཐོ་རྗེས་མར་གསལ།༽

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.