ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྫས་ལྡོག་སྐོར།
[ 2011/12/2 16:04:00 | By: ཁྱུང་གསེར་ཞུན། ]
 

༄༅།།རིག་ལམ་ལས་དང་པོ་བ་ལ་སྨན་པའི་

རྫས་ལྡོག་སྐོར།།

༧སྤྱིར་རྫས་ལྡོག་ལ་བརྒྱད་ཡོད་དེ། རྫས་བོན་དང་། རང་ཡིན་ལྡོག་བོན། རང་མིན་ལྡོག་

བོན། རྫས་བོན་རྗེས་མཐུན་གྱི་ལྡོག་བོན། རང་ཡིན་ལྡོག་བོན་རྗེས་མཐུན་གྱི་ལྡོག་བོན། རང་མིན་

ལྡོག་བོན་རྗེས་མཐུན་གྱི་ལྡོག་བོན།  ལྡོག་བོན་ཕུང་གསུམ་ཙམ་པོ་བ། ལྡོག་བོན་ཕུང་གསུམ་པ་དེ་

དག་གི་རྗེས་མཐུན་གྱི་ལྡོག་བོན་རྣམས་སོ། དེ་དག་གི་མཚན་ཉིད་དང་མཚན་གཞི་ནི་བསྡུས་གྲྭའི་

གཞུང་སོ་སོར་གསལ་བས་འདིར་མ་བཀོད་ཀྱང་ཤེས་སླ། ༧རྫས་ལྡོག་བརྒྱད་པོ་ནང་ཕན་ཚུན་གང་

ཞིག་གང་ཡིན་པའི་ཚུལ་ནི་འདི་ལྟར། རྫས་བོན་དང་། རྫས་བོན་གྱི་རྗེས་མཐུན། རང་ཡིན་ལྡོག་བོན་

རྗེས་མཐུན། རང་མིན་ལྡོག་བོན་རྗེས་མཐུན། ལྡོག་བོན་ཕུང་གསུམ་ཙམ་པོ་བ། ལྡོག་བོན་ཕུང་གསུམ་

པ་དེ་དག་གི་རྗེས་མཐུན་གྱི་ལྡོག་བོན་བཅས་དྲུག་ནི་རང་མིན་ལྡོག་བོན་ཡིན། ཡང་རང་ཡིན་ལྡོག་

བོན་དང་། རང་མིན་ལྡོག་བོན་གཉིས་ནི་རང་མིན་ལྡོག་བོན་གྱི་རྗེས་མཐུན་ཡིན།། ༧ཡང་རྫས་བོན་

མ་ཡིན་པ་དང་།  རྫས་བོན་རྗེས་མཐུན་མ་ཡིན་པ། རང་ཡིན་ལྡོག་བོན་རྗེས་མཐུན་མ་ཡིན་པ། རང་མིན་ལྡོག་བོན་རྗེས་མཐུན་མ་ཡིན་པ། ལྡོག་བོན་ཕུང་གསུམ་ཙམ་པོ་བ་མ་ཡིན་པ། ལྡོག་བོན་

ཕུང་གསུམ་དེ་དག་གི་རྗེས་མཐུན་ལྡོག་བོན་མ་ཡིན་པ་དྲུག་ནི་རང་ཡིན་ལྡོག་བོན་དང་།  ཡང་

རང་ཡིན་ལྡོག་བོན་མ་ཡིན་པ་དང་། རང་མིན་ལྡོག་བོན་མ་ཡིན་པ་གཉིས་ནི་རང་ཡིན་ལྡོག་བོན་

གྱི་རྗེས་མཐུན་ཡིན།། ༧ གཞན་ཡང་རྫས་ལྡོག་བརྒྱད་ལ་ཁྱོད་དང་ཁྱོད་མ་ཡིན་པ་གཉིས་ཀ་ཡོད་པ་

གཞིར་བཞག་ཚེ། བོན་དེ་ཁྱོད་ཡིན་ན། བོན་དེ་མ་ཡིན་པ་དེ་ཡང་ཁྱོད་ཡིན་དགོས་པ་བཞི་ཡོད་དེ། རྫས་བོན་དང་། རྫས་བོན་རྗེས་མཐུན། ལྡོག་བོན་ཕུང་གསུམ་ཙམ་པོ་བ། ལྡོག་བོན་དེ་དག་གི་རྗེས་

མཐུན་གྱི་ལྡོག་བོན་དང་བཞི་ཡིན། དེའི་དོན་དཔེ་ཀ་བ་ལྟ་བུར་མཚོན་ན་སྤྱིར་ཀ་བ་དང་ཀ་བ་མ་

ཡིན་པ་གཉིས་ཀ་ཡོད་ལ་ཀ་བ་དེ་རྫས་བོན་ཡིན་ཕྱིར་ཀ་བ་མ་ཡིན་པ་དེ་ཡང་རྫས་བོན་ཡིན་ནོ། གཞན་ལའང་དེས་རིགས་འགྲེས་སོ། དེ་ཡང་ཀ་བ་མ་ཡིན་པ་རྫས་བོན་ཡིན་པའི་རྒྱུ་མཚན་ནི།  རྟག་པ་ལྟ་བུ་ཀ་བ་མ་ཡིན་པ་ཐམས་ཅད་ལ་གོ་རྒྱུ་མ་ཡིན་པར། ཀ་བ་མ་ཡིན་པ་ཞེས་བརྗོད་ཚེ་ཀ་

བ་མ་ཡིན་པའི་རང་ལྡོག་ཙམ་ལ་གོ་བའི་དོན་གྱིས་ཡིན། གོ་ཚུལ་འདི་ནི་རྫས་ལྡོག་སོགས་ཀྱི་སྐབས་

སུ་ངེས་པར་ཤེས་དགོས་པའི་གནད་ཅིག་ཡིན་ལ། གཞན་དུ་དོན་བྱེད་ནུས་པ་དངོས་པོའི་མཚན་

ཉིད་དུ་བཞག་པ་ལ། ཁ་ཅིག ཀ་བ་བོན་ཅན། དངོས་པོའི་མཚན་ཉིད་ཡིན་པར་ཐལ། དོན་བྱེད་ནུས་

པ་ཡིན་པའི་ཕྱིར།  ཞེས་པ་ལྟ་བུའི་རྩོད་པ་ཡང་འདི་ལྟར་མ་ཤེས་པའི་སྐྱོན་འབའ་ཞིག་ཡིན་པས་ གཟབ་པར་བྱ།  ཡང་བོན་དེ་ཁྱོད་ཡིན་ན་བོན་དེ་མ་ཡིན་པ་དེ་ཁྱོད་མིན་དགོས་པ་བཞི་ཡོད་དེ།

རང་ཡིན་ལྡོག་བོན་དང་། རང་མིན་ལྡོག་བོན། རང་ཡིན་ལྡོག་བོན་གྱི་རྗེས་མཐུན། རང་མིན་ལྡོག་

བོན་གྱི་རྗེས་མཐུན་བཞི་པོ་ཡིན། དེ་ཡང་ཁྱོད་རང་ཡིན་ལྡོག་བོན་ཡིན་ན་ཁྱོད་མ་ཡིན་པ་དེ་རང་

མིན་ལྡོག་བོན་དང་། ཁྱོད་རང་མིན་ལྡོག་བོན་ཡིན་ན་ཁྱོད་མ་ཡིན་པ་དེ་རང་ཡིན་ལྡོག་བོན། ཁྱོད་

རང་ཡིན་ལྡོག་བོན་གྱི་རྗེས་མཐུན་ཡིན་ན་ཁྱོད་མ་ཡིན་པ་དེ་རང་མིན་ལྡོག་བོན་གྱི་རྗེས་མཐུན། ཁྱོད་རང་མིན་ལྡོག་བོན་གྱི་རྗེས་མཐུན་ཡིན་ན་ཁྱོད་མ་ཡིན་པ་དེ་རང་ཡིན་ལྡོག་བོན་གྱི་རྗེས་མཐུན་ཡིན་པས་ཁྱབ་སྟེ།  དཔེར་ན་རྟག་པ་དེ་རང་ཡིན་ལྡོག་བོན་ཡིན་པས། རྟག་པ་མ་ཡིན་པ་དེ་རང་

མིན་ལྡོག་བོན་ཡིན་དགོས་པ་ལྟ་བུའོ།  དེ་དག་ཀྱང་ཁྱོད་དང་ཁྱོད་མ་ཡིན་པ་གཉིས་ཀ་ཡོད་པའི་

རིགས་མ་གཏོགས་བདག་མེད་ལྟ་བུ་ཁྱོད་མ་ཡིན་པ་མེད་པའི་རིགས་ལ་ཁྱབ་པ་མེད་པ་ཡང་ཤེས་

དགོས་པའི་གནད་ཡིན་ལ།  གོང་དུ་ཁྱོད་དང་ཁྱོད་མ་ཡིན་པ་གཉིས་ཀ་ཡོད་པ་གཞིར་བཞག་ཚེ། ཞེས་བརྗོད་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། གོང་གི་རྫས་ལྡོག་རྗེས་མཐུན་དེ་རྣམས་ཀྱི་དོན་ནི་

རང་རང་གི་མཚན་ཉིད་ཀྱི་རྟགས་དང་པོ་དང་གཉིས་པ་གཉིས་སྒྲུབ་ཚུལ་ལ་དངོས་དང་འདྲ་བས་དེ་དང་དེའི་རྗེས་མཐུན་ཞེས་དང་།  ཡང་དེ་དག་དངོས་ཡིན་པར་ཁས་བླངས་ཚེ་རྟགས་དང་པོ་

དང་གཉིས་པ་གང་རུང་སྒྲུབ་ཚེ་རང་ཚིག་གམ་རིང་ལུགས་ཀྱི་ཁས་ལེན་དང་འགལ་བ་བྱུང་ན་རྗེས་མཐུན་དང་དེ་ལྟར་མི་འགལ་ན་དངོས་ཡིན་པར་འདོད་དགོས་སོ།  དེའི་འགལ་ཚུལ་ཅུང་ཤེས་

དཀའ་བས་དཔེ་ཡི་ཐོག་ནས་བཤད་ན།  རང་མིན་ལྡོག་བོན་དེ་རང་མིན་ལྡོག་བོན་དངོས་ཡིན་

པར་ཁས་བླངས་ན། དེའི་རྟགས་དང་པོ་སྒྲུབ་ཚེ་རང་མིན་ལྡོག་བོན་རང་མིན་ལྡོག་བོན་མིན་ཞེས་

བརྗོད་དགོས་པས་རང་གི་ཁས་བླངས་སྔོན་མ་དང་འགལ་བ་ཡིན།  དེའི་ཕྱིར་ན་རང་མིན་ལྡོག་

བོན་དེ་རང་མིན་ལྡོག་བོན་གྱི་རྗེས་མཐུན་ཡིན་པར་འདོད་ན་སྐྱོན་དེ་ལྟར་མི་འབྱུང་བས་ན་དེའི་

རྗེས་མཐུན་དུ་བཞག་པ་ཡིན་ནོ། ཡང་རང་ཡིན་ལྡོག་བོན་དེ་རང་མིན་ལྡོག་བོན་དངོས་ཡིན་པར་

འདོད་ན། དེའི་རྟགས་དང་པོ་སྒྲུབ་ཚེ་མི་འགལ་ཡང་རྟགས་གཉིས་པའི་སྐབས་རང་ཡིན་ལྡོག་བོན་

མ་ཡིན་པ་ཡང་རང་ཡིན་ལྡོག་བོན་མིན་ཞེས་བརྗོད་དགོས་པ་གང་ཞིག  དེ་ལྟར་ན་གོང་གི་རང་

ལུགས་ལ་ཁྱོད་རང་མིན་ལྡོག་བོན་ཡིན་ན། ཁྱོད་མ་ཡིན་པ་དེ་རང་ཡིན་ལྡོག་བོན་ཡིན་དགོས་པའི་

རིགས་པ་དང་དངོས་སུ་འགལ་བར་འགྱུར་ཏེ། འདི་ལྟར་རང་ཡིན་ལྡོག་བོན་རང་མིན་ལྡོག་བོན་

ཡིན་ན། རང་ཡིན་ལྡོག་བོན་མ་ཡིན་པ་དེ་རང་ཡིན་ལྡོག་བོན་ཡིན་དགོས་པའི་ཕྱིར་རོ། དེ་ལྟར་ཞིབ་

ཏུ་བསམ་ཚེ་རང་ཚིག་དང་འགལ་ཚུལ་དེ་ལ་ཡང་རིགས་གཉིས་སུ་འབྱེད་དགོས་པར་སྣང་། 

ཡང་ལྡོག་བོན་ཕུང་གསུམ་པ་དེ་དག་གི་རྗེས་མཐུན་གྱི་ལྡོག་བོན་ལ་དབྱེ་ན་བཞི་ཡོད་དེ། རྫས་བོན་

རྗེས་མཐུན་དང་རྗེས་མཐུན་གྱི་ལྡོག་བོན་དང་། རང་ཡིན་ལྡོག་བོན་རྗེས་མཐུན་དང་རྗེས་མཐུན་

གྱི་ལྡོག་བོན། རང་མིན་ལྡོག་བོན་རྗེས་མཐུན་དང་རྗེས་མཐུན་གྱི་ལྡོག་བོན། ལྡོག་བོན་ཕུང་གསུམ་

ཙམ་པོ་བའི་རྗེས་མཐུན་གྱི་ལྡོག་བོན་ཕུང་གསུམ་བ་དང་བཞི་ཡོད། དང་པོའི་མཚན་ཉིད་ཡོད་དེ། ཁྱོད་ཁྱོད་ཡིན། ཁྱོད་མ་ཡིན་པ་ཁྱོད་མིན། ཁྱོད་ཀྱི་ལྡོག་པ་རྫས་བོན་རྗེས་མཐུན་དང་རྗེས་མཐུན་གྱི་

ལྡོག་བོན་མ་ཡིན་པ་དང་འགལ་བར་དམིགས་པ་དེ་ཡིན་པའི་ཕྱིར།  མཚན་གཞི་ནི། རྫས་བོན་གྱི་

རྗེས་སུ་མཐུན་པའི་ལྡོག་བོན་མ་ཡིན་པ་ཡང་ཡིན། ལྡོག་བོན་ཡང་ཡིན། སྒྲུབ་པ་ཡང་ཡིན་པའི་གཞི་

མཐུན་པ་ལྟ་བུའོ། གཉིས་པའི་མཚན་ཉིད་ཡོད་དེ། ཁྱོད་ཁྱོད་ཡིན། ཁྱོད་མ་ཡིན་པ་ཡང་ཁྱོད་ཡིན།

ཁྱོད་ཀྱི་ལྡོག་པ་རང་ཡིན་ལྡོག་བོན་རྗེས་མཐུན་དང་རྗེས་སུ་མཐུན་པའི་ལྡོག་བོན་མ་ཡིན་པ་དང་

འགལ་བར་དམིགས་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། རང་ཡིན་ལྡོག་བོན་མ་ཡིན་པ་དང་། རང་

ཡིན་ལྡོག་བོན་གྱི་རྗེས་མཐུན་གྱི་ལྡོག་བོན་མ་ཡིན་པ་གང་རུང་ལྟ་བུའོ།  གསུམ་པའི་མཚན་ཉིད་

ཡོད་དེ། ཁྱོད་ཁྱོད་མིན། ཁྱོད་མ་ཡིན་ཡང་ཁྱོད་མིན། ཁྱོད་ཀྱི་ལྡོག་པ་རང་མིན་ལྡོག་བོན་རྗེས་མཐུན་

དང་རྗེས་མཐུན་གྱི་ལྡོག་བོན་མ་ཡིན་པ་དང་འགལ་བར་དམིགས་པ་དེ་ཡིན་པའི་ཕྱིར།  མཚན་

གཞི་ནི། རང་མིན་ལྡོག་བོན་དང་། རང་མིན་ལྡོག་བོན་གྱི་རྗེས་མཐུན་གྱི་ལྡོག་བོན་གང་རུང་ལྟ་བུའོ། བཞི་པའི་མཚན་ཉིད་ཡོད་དེ། ཁྱོད་ཁྱོད་མིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་ལྡོག་བོན་

ཕུང་གསུམ་ཙམ་པོ་བའི་རྗེས་མཐུན་མ་ཡིན་པ་དང་འགལ་བར་དམིགས་པ་དེ་ཡིན་པའི་ཕྱིར།  མཚན་གཞི་ནི། བུམ་པའི་སྤྱི་དང་ལྡོག་བོན་ཕུང་གསུམ་ཙམ་པོ་བ་གང་རུང་ལྟ་བུའོ། དེ་ཡང་ཁྱོད་

རྫས་བོན་རྗེས་མཐུན་དང་རྗེས་མཐུན་གྱི་ལྡོག་བོན་ཡིན་ན། ཁྱོད་མ་ཡིན་པ་དེ་ཡང་རྫས་བོན་རྗེས་

མཐུན་དང་རྗེས་མཐུན་གྱི་ལྡོག་བོན་ཡིན་དགོས་ལ་གཞན་གསུམ་པོ་ལའང་དེ་ལྟར་འགྲེས་ཆོག་པ་

ཡིན།། ༧ ཡང་རིགས་པ་འདི་དག་ལས་འཕྲོས་ཏེ་རྗེས་མཐུན་དེ་རྣམས་ལ་སླར་ཡང་རྗེས་མཐུན་རེ་

སྦྱར་ཚེ་གོང་ལྟར་རིགས་འགྲེས་ཀྱི་མཚན་ཉིད་སོགས་སྤྲོས་ན་ཆོག་སྟེ། ཁྱོད་ཁྱོད་མིན། ཁྱོད་མ་ཡིན་

པ་ཁྱོད་ཡིན།  ཁྱོད་ཀྱི་ལྡོག་པ་ལྡོག་བོན་ཕུང་གསུམ་ཙམ་པོ་བའི་རྗེས་མཐུན་དང་རྗེས་མཐུན་གྱི་

ལྡོག་པ་མ་ཡིན་པ་དང་འགལ་བར་དམིགས་པ་དེ། ལྡོག་བོན་ཕུང་གསུམ་ཙམ་པོ་བའི་རྗེས་མཐུན་

དང་རྗེས་མཐུན་གྱི་ལྡོག་བོན་ཕུང་གསུམ་པའི་མཚན་ཉིད། མཚན་གཞི་ནི། བུམ་པའི་སྤྱི་དང་། ལྡོག་

བོན་ཕུང་གསུམ་ཙམ་པོ་བ་དང་། ལྡོག་བོན་ཕུང་གསུམ་ཙམ་པོ་བའི་རྗེས་མཐུན་གྱི་ལྡོག་བོན་ཕུང་

གསུམ་པ་གང་རུང་ལྟ་བུའོ།  དེ་བཞིན་གཞན་ལའང་འགྲེས་ན་རྗེས་མཐུན་མཐའ་མེད་པ་འབྱུང་

བའི་ཚུལ་ཡང་སྣང་བས་ཤེས་པར་འདོད་ན་འདིར་མ་སྤྲོས་ཀྱང་ཤུགས་ལས་རྟོགས་པར་གྱིས་ཤིག།

ཅེས་པ་འདི་ཡང་བསྟན་རྣམ་པས་དགོས་པ་སྐབས་བསྟུན་གྱིས་མདོ་སྟོད་ཆབ་མདོ་དགོན་དུ་བྲིས།

 
 
Re:རྫས་ལྡོག་སྐོར།
[ 2011/12/5 0:49:05 | By: སྐུ་མགྲོན་017Gx3(སྐུ་མགྲོན) ]
 
སྐུ་མགྲོན་017Gx3(སྐུ་མགྲོན)ཡང་རིགས་པ་འདི་དག་ལས་འཕྲོས་ཏེ་རྗེས་མཐུན་དེ་རྣམས་ལ་སླར་ཡང་རྗེས་མཐུན་རེ་སྦྱར་ཚེ་གོང་ལྟར་རིགས་འགྲེས་ཀྱི་མཚན་ཉིད་སོགས་སྤྲོས་ན་ཆོག་སྟེ། ཁྱོད་ཁྱོད་མིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་ལྡོག་བོན་ཕུང་གསུམ་ཙམ་པོ་བའི་རྗེས་མཐུན་དང་རྗེས་མཐུན་གྱི་ལྡོག་པ་
༼བོན༽མ་ཡིན་པ་དང་འགལ་བར་དམིགས་པ་དེ། ལྡོག་བོན་ཕུང་གསུམ་ཙམ་པོ་བའི་རྗེས་མཐུན་དང་རྗེས་མཐུན་གྱི་ལྡོག་བོན་ཕུང་གསུམ་པའི་མཚན་ཉིད།
བོན། མ་ཡིན་ནམ། ཧ ཧ ཧ ཧ ཁྱུང་བཙན་དུག་ནས།
 
 
Re:རྫས་ལྡོག་སྐོར།
[ 2011/12/4 23:38:32 | By: སྐུ་མགྲོན་017Gx3(སྐུ་མགྲོན) ]
 
སྐུ་མགྲོན་017Gx3(སྐུ་མགྲོན)སྐུ་ཉིད་ནས། ཀུན་མཁྱེན་བསྡུས་གཞུང་ལས་གསུངས་པའི་ཁྱོད་ཞུགས་སྦུག་འཁོར་མ་དང་། སྔ་བཙན་ཕྱི་བཙན།རྟགས་མང་གསལ་མང་བཅས་ཀྱི་དཔྱད་རྩོམ་ཡོང་བའི་རེ་སྒུག་ཡོད། ཉིད་ཀྱི་སློབ་བུ་ཞིག་ནས་ཁྱུང་པོ་སྟེང་ཆེན་ནས་ཕུལ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.