ཧི་བོན་ཟིན་བྲིས།
གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།

    ང་དགའ་ས་ནི་དུས་ནམ་ཡང

    ་དྲང་བདེན་འདོད་མཁན་

    དེ་ཡིན་ལ།

    ང་རང་ཉིད་ཡང་མ་འོངས་པར་

     བདེན་དོན་འཚོལ་ཐུབ་མཁན་

     ཞིག་བྱེད་ངེས་ཡིན།

    དེ་ནི་ངའི་ཕུག་བསམ་

    གཙོ་བོ་དེ་ཡིན།

ལི་ཐོ།
    <<  < 2021 - 12 >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དེ་རིང་གཟའ་མཇུག་གི་ལེའུ།། | 2015/12/26 18:07:00


དེ་རིང་གཟའ་མཇུག་གི་ལེའུ།།



སྤྲིན་པ་མཐུག་པོ་འཁྲིག་སྟེ་གྲང་བསིལ་ལྡན།།
ཆར་པ་ཟིམ་ཟིམ་བབས་ཏེ་ལུས་པོ་བརླན།།
སྐབས་སྐབས་འཁྱག་སྣང་སྐྱེས་ཏེ་སེམས་ཕམ་བྱས།།
ལན་རེ་དྲོད་སྣང་སྐྱེས་ཏེ་འཛུམ་མུལ་སྟོན།།

གཟའ་མཇུག་ངལ་གསོ་ཡིན་ཞེས་མིང་ཞིག་ཁུར།།
མི་ལ་རེམ་འདེགས་ཡིན་ཟེར་ཚོང་ལ་ཆོག 
རྩ་རྩིག་མང་པོ་ཞིག་ལ་མགོ་འཁོར་ཏེ།།
ཆ་རྒྱུས་ཅི་ཡང་མེད་སྟེ་ཉོ་མ་ཤེས།།

ཡར་རྒྱུག་མར་རྒྱུག་བྱས་ཏེ་རྐང་པ་གཟེར།།
ལ་རྒྱུག་ལང་རྒྱུག་བྱས་ཏེ་ལུས་པོ་གཟེར།།
སྐབས་སྐབས་དཀའ་སྡུག་མི་ཐེག་སུན་སྣང་སྐྱེ།།
ལན་རེ་གོ་བརྡ་མི་འཕྲོད་ངོ་རེ་ཚ།།

སེམས་ལ་དྲན་རྒྱུ་མང་བའི་རྒྱུ་རྐྱེན་གྱིས།།
དངོས་ཟོག་ཅི་ཞིག་རིག་ན་ཆགས་སེམས་སྐྱེ།།
སྐབས་སྐབས་ཉོ་སེམས་སྐྱེ་སྟེ་ཟ་འཁྲུག་ལོང་།།
སྒོར་ཁུག་སྲབ་སྲབ་ཡིན་པས་ཁུག་མ་ཐལ།།

མི་ལ་ཡིད་སེམས་ཚིམ་པའི་རོག་མ་ཐོན།།
རང་གི་ངལ་གསོའི་དུས་ཚོད་ག་ལེར་ཟད།།
རང་གཞན་གཉིས་ལ་མ་ཕན་ཉམས་རྩ་ཤོར།།
ལུས་སེམས་དཀའ་ངལ་ངང་ལ་གནས་བསྡད་ཡོད།།



ད་ནང་ཞོགས་ཇ་མ་ཐུང་གོང་རོལ་ནས།།
མི་འཇོན་ཚོང་ལ་ཆོག་སྟེ་ལེའུ་དེ།།
དོ་ནུབ་ཁེར་ཤག་ནང་ནས་བྲིས་པ་ཡིན།།
ད་དུང་མང་པོ་ཡོད་དེ་དེ་ཙམ་གྱིས།། 


དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.