སྔར་ས་ཞིག
ངས་ཁྱེད་དྲན་ཐེངས་རེ་ལ་མིག་མཐའ་མཆི་མས་བརླན་སོང
ངས་ཁྱེད་བཤད་ཐེངས་རེ་ལ་ལུས་ཀྱི་བ་སྤུས་གཡོ་འགུལ་བྱེད
ངས་ཁྱེད་མཐོང་ཐེངས་རེ་ལ་ལུས་སེམས་ཡོང་རྫོགས་སྦྲིད་ལེ་རེད
དེ་ནི་ཁྱོས་ང་ལ་བཞག་པའི་བག་ཆགས་མཐུག་པོ་དེ་རེད
ཚེ་གྲོགས།
ནམ་མཁའི་སྐར་མ་འོད་ཆེམ་ཆེམ
གྲོང་ཁྱེར་གྱི་སྲང་མདོ་ནས་གློག་འོད་ཁྲ་ལམ་ལམ
ཁྱིམ་ནང་གི་ནང་མི་ཚོ་འུར་སྡིར་སྡིར
མཚན་མོ་དེར
ངའི་ཚེ་གྲོགས་དེར་གློ་བུར་དུ་ན་ཚ་ཞིག་གིས་འགྱེལ་སོང
སྐབས་དེ་དུས
ངའི་ཤ་དང་རུས་པའི་གསེང་ནས་ཚོར་བ་སྦྲིད་མ་ཞིག་གིས
ཧུ་ཤུ་དང་དབུག་ཧྲིང་གི་ཁེངས་སོང
དེ་དུས
ངའི་ཚེ་གྲོགས་དེ་་་་་་་་
1.
རེད་དེ
ཁྱེད་ཀྱི་རྒྱུས་ལ་བག་ཆགས་མཐུག་དེ་འདྲ་མེད་པ་ངས་སྔར་ནས་ཤེས་སོང
སྔར་སོང་གི་ལོ་རྒྱུས་རིང་མོ་དེའི་རྒྱབ་ལོག་ན
ཅི་འབྱུང་གི་རྩེད་འཇོ་མང་བ་དེ་དག
བསམ་མེད་ཀྱི་སྤུ་ལོང་དེ་ཚོ
རི་བོ་དེའི་ཕར་མཐའ་ན་བསྐྲད
མཇའ་མཚོན་སྣ་ལྔ་ལ་མགོ་བོ་འཁོར་ནས
ཁྱི་རྒན་རྒྱ་བོ་ལ་སྐྲག་སྣང་ལང་ནས
དྲག་རླུང་ཐལ་སྦུད་ཀྱིས་མིག་རྩ་འདན་ནས
ཐང་གཞུང་གི་བརྩེགས་རྒས་དེ་ན་དེ་འདྲའི་ཐག་རིང་པ་ལ་ཨང
བྲག་རི་དམར་དམར་གྱི་གཟུར་དེ་ལ
འདམ་མིག་ཆེ་བའི་ཁུག་སོའི་ཕར་ལོག་གི
ལུག་རྒན་དེ་ཚོས་འབའ་སྒྲ་གོ་དུས
རྒྱ་ཁྱི་རྣ་ཇོར་དེ་མ་དུས་ནས་ཇི་ཙམ་བགྲོད
སྐབས་དེ་དུས་རྡེའུ་དེ་ཚོ་ལ་མགོ་བོ་འཁོར་དུས
ང་དང་ཁྱོད་གཉིས་ཀྱི་སེམས་པ་དེ་ལ་ལྷད་མེད
རྒྱ་རོ་དེ་ལ་མྱ་ངན་ཞུ་མཁན་ཚོ་ཡོད་དུས
ངེད་གཉིས་ཀྱིས་རོ་ཐག་ཞིག་འཁུར་པ་དེ་ད་ལྟ་གསལ་ལམ་མེར་འཆར་ཡོང་གི་འདུག
དེ་དུས
2015/8/25/ཉིན་ཁྱུང་བཙན་རྒོད་དེས་བྲིས།
- ཟིན་ཐོ་གོང་མ།སྔར་སོང་གི་ལོ་ཟླ་ལ་ཕྱིར་དྲན།
- ཟིན་ཐོ་འོག་མ།ཞོགས་པ་དེར།