ཧི་བོན་ཟིན་བྲིས།
གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།

    ང་དགའ་ས་ནི་དུས་ནམ་ཡང

    ་དྲང་བདེན་འདོད་མཁན་

    དེ་ཡིན་ལ།

    ང་རང་ཉིད་ཡང་མ་འོངས་པར་

     བདེན་དོན་འཚོལ་ཐུབ་མཁན་

     ཞིག་བྱེད་ངེས་ཡིན།

    དེ་ནི་ངའི་ཕུག་བསམ་

    གཙོ་བོ་དེ་ཡིན།

ལི་ཐོ།
    <<  < 2021 - 12 >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ལྷ་བསྐོས་རྡོ་རིང | 2015/12/26 18:00:00

 ལྷ་བསྐོས་རྡོ་རིང

         

མི་ལོ་ཆིག་ཁྲི་གོང་གི་ཡར་སྔོན་ནས
ས་སྲོད་ཀྱི་མུན་པ་སེལ་བའི་མྱི་བོ་ཆེ
ཁྱེད་བཀའ་དྲིན་ཆེ་སོང

ཉི་མ་རིང་སོང
མཚན་མོ་རིང་སོང
ཉིན་ཞག་རིང་སོང
ཟླ་བ་རིང་སོང
ལོ་གྲངས་རིང་སོང

གཡོ་སྒྱུ་ཅན་འགས་འཁྲབ་སྟོན་བྱས
བཙན་པོ་གཡོ་འོག་ཏུ་ཚུད
ངན་པ་ཟུང་དུ་སྦྲེལ
བདེན་པ་མེ་ལ་སྒྲོན
ཐལ་བ་རླུང་ལ་བསྐུར
དེ་དུས་ཡོད་ཚད
ཆུ་བོས་ཁུར

དཀའ་སྡུག་ཁྲི་མ་འབུམ་མྱོང་བའི་མེས་པོ་ཚོའི
ལོ་རྒྱུས་ཀྱི་བདེན་དཔུང་ནག་བསུབ་བཏང
གཉའ་གནོན་གཤུ་བཞོག་གི་མུན་པ་འཁྲིགས
དུས་དེ་ནས་་་་་ཨ་ཁ་ཁ


དུས་རབས་ཀྱི་ཀྱོག་མཚམས་ཏེ
ཚེར་མའི་ལམ་ནས
རྐང་པ་དམར་རྗེན་གྱིས་བཤགས་ཡོད
བདེན་པའི་དར་ཆེན་མཁའ་རུ་བསྒྲེངས
སེང་ཆེན་ལགས་ཁྱེད་བཀའ་དྲིན་ཆེ

   
སླར་ཡང

བསྟན་པའི་མེ་ཆེན་ཞིག་སྤར
སྒྲོན་མས་མུན་པ་ཞིག་སེལ
གསལ་ལམ་མེར་གྱི་འཇའ་ལམ་ཞིག་སྟོན
ས་སྒང་ཧྲིལ་པོ་འདིའི་སྒང་ལ
ལྷ་བསྐོས་ཀྱི་རྡོ་རིང་ཞིག་བཞེངས


མུན་སེལ་གྱི་སྒྲོན་མེ་ལགས
ནམ་མཁའ་བའི་རྒྱ་ཆེ
རྒྱ༷་མཚོ༷་ཡི་ཏིང་ཟབ
ནོར༷་བུ༷་བཞིན་དགོས་འདོད་སྟེར
དེ་ནི་འོད་ཟེར་སྦྱིན་པའོ

2015/8/27/
ཉིན


དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.