སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...

ཏི་པོམ་ཐང་གི་ངོ་སྤྲོད།
[ 2011/5/9 20:22:00 | By: འགོ་བ་དགེ་བཤེས། ]
 
ཏི་པོམ་ཐང་གི་ངོ་སྤྲོད་།

ང་ནི་སྲིད་པ་ཆགས་པའི་ལྷ་དགུའི་དུས་ནས་ལྷོ་གླིང་འཛམ་བུའི་གཙུག་རྒྱན་མཚོ་བོད་མཐོ་སྒང་དུ་ལྟེ་ཁྲག་ལྷུང་བའི་ཕ་འབྲོག་པ་རྒད་པོའི་གཅེས་ཕྲུག་ཞིག་ཡིན། གཅེས་པའི་ཕ་ཡུལ་ནི་བོད་བྱང་ཐང་གསེར་ལྡན་དགའ་མའི་ལྟོ་བ་རུ་འཚོ་སྡོད་བྱེད་ཀྱི་ཡོད། ང་ཆུང་བྱིས་པའི་དུས་ནས་ཚ་གྲང་སྐྱིད་སྡུག་གང་གི་སྐབས་སུ་དུས་ནམ་ཡང་འབྲལ་མེད་ཀྱི་སྐྱོ་རོགས་གཡང་དཀར་ལུག་ཁྱུ་དང་། ཚེ་དེ་རོག་པོའི་ཁྱུ་ཚོ། ལྷ་གཡག་རྒོད་པོ་དབལ་ཁྱུ། ཟལ་མོ་འབྲིའི་ཕྱུགས་ཁྱུའི་ལྷན་དུ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་གི་འགྲོགས་འདྲིས་ཆེ་སྐབས། ཕུགས་བསམ་ལྡན་པའི་དགོངས་དཔྱོད་དང་། འཛམ་གླིང་རྟོགས་པའི་ཤེས་ཡོན། འཇིག་རྟེན་མིའི་ཁྱུ་གྲལ་དུ་ཚུད་པའི་སྨྲ་བའི་ལྗགས་དང་། བསམ་བློའི་ཆུ་ཚོད་སོགས་མེད་ནའང་། འདོད་ཆུང་ཆོག་ཤེས་དང་། ཡ་རབས་གུས་ལུགས། སྐྱབས་དཀོན་མཆོག་གསུམ་ལ་བློ་གཏད་ཡིད་ཆེས་འཕེར་བའི་ཆོས་བྱེད་ཆུང་ཆུང་གི་ཚུལ་ཞིག་ཡོད། དུས་རྒྱུན་གཡག་ལུག་ར་ནོར་གྲོགས་པོ་རྣམས་ཀྱི་ལྷན་ལ་ཉིན་མཚན་ལྟོས་མེད་ཀྱི་ལྟ་མཁན་དང་ལྟ་བྱེད་ཀྱི་ཚུལ་དུ་མཉམ་འགྲོ་མཉམ་འདུག་བྱེད་དུས། ང་ཡིད་སྐྱོ་བ་ཞིག་ངའི་བསམ་པ་དང་ངས་གང་བཤད་ན་ཁོ་ཚོས་གོ་བརྡ་མི་འཕྲོད།  ཁོ་ཚོས་གང་བསམ་གང་བྱེད་ཕྲན་གྱི་ཤེས་ཀྱི་མེད་སྟབས། ངེད་ཚོའི་དབར་ཕན་ཚུན་བརྡ་འཕྲོད་ཐབས་ཀྱི་ལྡེ་མིག་གང་ཡང་མེད་དུས། རྒྱལ་ཁམས་འདིར་ཡང་ལྐུགས་པ། དུད་འགྲོ་སེམས་ཅན་ལྐུགས་པ། འབྲོག་ཕྲུག་རང་ཡང་ལྐུགས་པ། ལུང་པ་ལྐུགས་པས་ཁེངས་ན། མིའི་མཚན་ཉིད་མི་ཚང་འདུག་བསམ་པའི་དྲན་པའི་ཡིད་ཀྱི་ཕོ་ཉས་བློས་འགན་བཟོད་ཐབས་བྲལ་བའི་བསྐུལ་མ་ཞིག་གཏོང་སོང་། སྐབས་དེར་ཁོ་བོའི་བསམ་པར་སྟོད་གངས་རྒྱལ་ཏི་སེ་ནས་མརབརྩིས་པའི་སྟོད་མངའ་རིས་དང་དབུས་གཙང་རུ་བཞི། བར་གཉན་ཆེན་ཐང་ལྷས་ས་དམིགས་འཛིན་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁམས་པའི་ཕོ་མོ་རྒན་གཞོན། སྨད་རྨ་རྒྱལ་པོམ་རས་ས་དམིགས་འཛིན་པའི་རྒྱལ་རོང་ཨ་མདོའི་ཁུལ་སོགས་བོད་མི་རྩམ་གཟན་ཀུན་ཞྭ་ལུགས་གོས་སྟབས། འགྲོ་ལུགས་འདུག་སྟངས། སྐད་ལུགས་འཚོ་བ་ཕྲན་བུ་མི་འདྲ་ནའང་། ཁྱིམ་ལ་ལྷ་གསོལ་མཆོད་བསྟོད། སྒོ་ལ་བསང་དང་དར་ལྕོགས། ཁ་ལ་རྩམ་པ་དང་བོད་ཇ། ལུས་ལ་བོད་ལྷམ་དང་བོད་གོས་གྱོན་རྒྱུ་སོགས་རྩ་བའི་ཆ་ནས་འདྲ་ལ། ཀུན་གྱིས་བོད་རྒྱལ་གྱི་མགུར་ལྷ། ཡུལ་གྱི་ཡུལ་ལྷ། ཕོ་རང་རང་སོ་སོའི་སྒྲ་བླ་སོགས་མཆོད་བསྟོད་བྱེད་པའི་སྲོལ་སོགས་བཟང་ལ། རྩ་བའི་མི་རིགས་ཀྱི་བླ་སྲོག་མི་དམངས་ལ་ཤེས་ཡོན་མེད་ན། མ་ཤི་ཡང་རོའི་རྣམ་པར་ཐར་པ་དང་ཅི་་མི་འདྲ་བས། རྩ་བ་བརླག་ནས་ཡལ་ག་འཛིན་ན་ལོ་འབྲས་གཡུར་དུ་སྨིན་པ་ཞིག་ག་ལ་སྲིད། དེས་ན་མདོ་དབུས་ཁམས་གསུམ་གྱི་ས་དམིགས་འཛིན་པའི་བོད་མི་རིགས་ཀྱི་རྒྱབ་རིའམ་བླ་རི་ཏི་པོམ་ཐང་གསུམ་ཏི་སེ་གངས་རིན་པོ་ཆེ། རྨ་རྒྱལ་པོམ་ར། གཉན་ཆེན་ཐང་ལྷ་དང་གསུམ།དང་། བླ་མཚོ་མ་གནམ་ཁྲི་གསུམ་མ་པང་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཁྲི་ཤོག་རྒྱལ་མོ་མཚོ་སྔོན་པོ།བཅས་ཀྱི་ལོ་རབས་སྟོང་ཕྲག་དུ་མའི་སྙིང་བཅུད་ཀྱི་ཤེས་རིག་དང་། མི་རིགས་ཀྱི་རིག་གཞུང་། ཆུ་བོའི་རྒྱུན་ལས་རིང་བའི་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོའི་བླ་སྲོག་དེ་དག་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་དང་། འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱི་བགོ་སྐལ་དེ་རང་ཅག་རྩམ་ཀུན་ལ་བབ་ཅིང་། ཁྱད་པར་དུ་བོད་མི་ན་གཞོན་རྣམས་ཀྱི་འཕྲག་ཏུ་བབ་པའི་ལས་འགན་ཞིག་རེད་ཀྱང་། ང་རྒད་པོ་མ་ཤི་སྲོག་ལྡན་གྱི་རིན་ཐང་དང་། ཤི་བ་སྲོག་མེད་ནུས་མེད་ཀྱི་ཁྱད་པར་འབྱེད་བྱེད་ཀྱི་ཕུགས་བསམ་གྱི་ལ་རྒྱ་དང་། མི་རིགས་ཀྱི་སྙིང་སྟོབས་དེ་སེམས་དབུས་སུ་བཅང་སྟེ། མཁས་པ་བརྒྱ་ཡི་དྲུང་དུ་བླུན་པོ་གཅིག་གིས་ཕན་ཐོག་ཅེས་པའི་དཔེ་ལྟར། མི་རྒན་ཀླད་པ་རྙིང་པ་ལ། ལྟ་བ་གསར་པའི་མིག་དང་། དུས་རབས་གསར་པའི་གློག་རྡུལ་གྱི་ལྡེ་མིག་ཞིག་འཛིན་ཏེ། དུས་རབས་ཉེར་གཅིག་པའི་འཛམ་གླིང་གསར་པའི་ལམ་ཆེན་ཐོག་ལ་ཕྱིན་པའི་རྐང་ལམ་ཕྲ་མོའི་རྐང་རྗེས་ཞིག་དང་། དུས་རབས་གསར་པའི་ལྡེ་མིག་འཛིན་པའི་ལག་རྗེས་ཞིག་མེད་ན་ཅི་མ་རུང་སྙམ་པའི་ངང་ནས། རང་སེམས་ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས། ཡབ་བླ་རི་ཏི་པོམ་ཐང་གསུམ་དང་། ཡུམ་མ་གནམ་ཁྲི་གསུམ་གྱི་ལྷུམ་དུ་ཞུགས་ནས་འཛམ་བུའི་གཙུག་གི་ཅོད་པན་གངས་ལྗོངས་ལྷ་མིའི་ཞིང་ཁམས། རྔུལ་རྫ་ཟལ་མོའི་སྒང་སྟོད། སེ་ཆེན་ཧོར་གྱི་ཡུལ་དུ་བླ་རི་རྣམ་གསུམ་གྱི་འོད་ཟེར་ཞིག་འཕྲོས་ནས་ཕྲན་ཏི་པོམ་ཐང་གི་དལ་རྟེན་རྙེད་པ་ལ་ཨེ་མ་ཧོ།

Re:ཏི་པོམ་ཐང་གི་ངོ་སྤྲོད།
[ 2011/5/10 13:02:28 | By: སྐལ་བཟང་དར།(སྐུ་མགྲོན) ]
 
སྐལ་བཟང་དར།(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ།
གཤམ་དུ་འགོ་བ་དགེ་བཤེས།་ལགས་ཀྱིས་ལན་སློག་པ་ནི་
བཀྲ་ཤིས་བདེ་ལེགས།
 
Re:ཏི་པོམ་ཐང་གི་ངོ་སྤྲོད།
[ 2011/5/10 16:50:14 | By: tibetmonk ]
 
tibetmonkབཀྲ་ཤིས་བདེ་ལེགས།
གཤམ་དུ་འགོ་བ་དགེ་བཤེས།་ལགས་ཀྱིས་ལན་སློག་པ་ནི་
བཀྲ་ཤིས་བདེ་ལེགས། ཟིན་བྲིས་གསར་པའི་གླེང་སྟེགས་ལ་སླེབ་དུས་རྒྱུས་མེད་ཐང་སྟོང་དུ་འཁྱམས་པའི་སྣང་ཚུལ་ཞིག་འཁུམ་མོ།
 
Re:ཏི་པོམ་ཐང་གི་ངོ་སྤྲོད།
[ 2011/5/13 13:01:41 | By: TDMb ]
 
TDMbཉེ་ལམ་སྐུ་བདེ་མོ། བཀྲ་ཤིས་བདེ་ལེགས།
 
Re:ཏི་པོམ་ཐང་གི་ངོ་སྤྲོད།
[ 2011/10/25 17:10:07 | By: rwrwr(སྐུ་མགྲོན) ]
 
rwrwr(སྐུ་མགྲོན)ཁམས་བཟང་དེང་སྐབས་མཐོང་རྒྱུ་མེད་དོན་གང་ཡིན་ནམ
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.