ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།



 

          ཁྱུང་པོ་དཔལ་རྒྱལ།

དམའ་འབྲིང་ཆེ་གསུམ་སློབ་གྲྭར་མ་བསྡད་ལ།།

བཤད་སྒྲུབ་སྒོམ་གསུམ་སྡེ་རུ་མ་ཞུགས་པས།།

ཆད་ལྷག་ནོར་གསུམ་འགལ་འཁྲུལ་ཅི་མཆིས་པ།།

དཔྱོད་ལྡན་དྲ་གྲོགས་རྣམ་པས་བླང་དོར་མཛོད།།

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 34
  • དཔྱད་བརྗོད། 252
  • ཆེམས། 1
  • ཀློག་གྲངས། 43282


 
༄༅།། ཁྱུང་པོ་སྟེང་ཆེན་གྱི་འགྱུར་ལྡོག
[ 2011/7/31 12:18:00 | By: ཁྱུང་པོ་དཔལ་རྒྱལ། ]
 
21

      ༄༅།། ཁྱུང་པོ་སྟེང་ཆེན་གྱི་འགྱུར་ལྡོག
ང་རང་དེ་སྔོན་སོ་ཚིས་ཆེད་དུ་ལྷ་ལྡན་ཞིང་དུ་ཡོང་ན་ཡང་།།
ཡི་གེའི་རྩེད་འཇོ་གང་ཞིག་བརྩེས་ཀྱང་ལྟེ་ཁྲག་འཕོ་ཡུལ་བརྗེད་མ་མྱོང་།།
ཕ་སྐད་གཙང་མའི་གཏམ་གྱི་ཟུར་ནས་དུངས་བའི་སྨྲེང་གཏམ་ཆད་མ་མྱོང་།།
ཡུལ་ཕྱོགས་གང་དུ་གོམ་པ་སྤོས་ཀྱང་ཕྱིར་ལོག་མ་བྱས་བསྡད་མ་མྱོང་།།
ཁྱུང་ཡུལ་རིག་པའི་ཕ་ས་གྲུ་བཞིར་བགྲང་བྱ་གཉིས་ཙམ་མ་ལོག་རིང་།།
པོ་ཏི་བརྩེགས་འདྲའི་བ་གམ་ཁང་པས་མཐོང་ལམ་ཡངས་པོ་དོག་མོར་བཅད།།
སྟེང་ཕྱོགས་ལྷ་ཡུལ་མིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་གཞིའི་ཁོར་ཡུག་ནི།།
ཆེན་པོ་བོད་ཀྱི་རྒྱུད་པར་རློམ་པའི་གསར་སྐྱེས་ཚོ་ཡིས་བརླག་བཞིན་འདུག།
གྱི་ན་བ་ཡི་གྲལ་མཐར་གནས་པའི་ཐོས་ཆུང་བདག་གི་བློ་མིག་ངོགས།།
འགྱུར་བག་རྒོད་པའི་ཕ་ཡུལ་འདི་ལ་དགེ་སྐྱོན་ཟུང་ནི་མཆིས་ན་ཡང་།།
ལྡོག་ཟླར་ལངས་པའི་སྐྱོན་གྱི་ཚོགས་ནི་དགེ་མཚན་བས་ཀྱང་ཆེ་བར་སྣང་།།
འགའ་རེས་བལྟས་ན་བུ་ཆུང་བདག་ནི་གདོན་གྱིས་རློམ་ཞེས་དམོད་སྲིད་མོད།།
ཞིག་ལ་ཉེ་བའི་ཁང་རྒན་ལྟ་བུའི་ཕ་ཡུལ་གང་དེས་ན་ཟུག་བསླངས།།

                        

                           སྤྱི་ལོ་2011ལོའི་ཟླ་བ་7པའི་ཚེས་31ཉིན་དྲ་ཁང་ཞིག་ཏུ།།

 
 
Re:༄༅།། ཁྱུང་པོ་སྟེང་ཆེན་གྱི་འགྱུར་ལྡོག
[ 2011/9/19 17:07:21 | By: langjia ]
 
langjiaབཀའ་དྲིན་ཆེ།།
 
 
Re:༄༅།། ཁྱུང་པོ་སྟེང་ཆེན་གྱི་འགྱུར་ལྡོག
[ 2011/8/8 18:36:57 | By: khyung ]
 
khyungའོ་དེ་ཟེར་ཧེར་འགྲོའི་རེད་གདའ།
 
 
Re:༄༅།། ཁྱུང་པོ་སྟེང་ཆེན་གྱི་འགྱུར་ལྡོག
[ 2011/7/31 14:16:11 | By: danzengyixi ]
 
danzengyixi

བཀླགས་ཟིན།
 
 
Re:༄༅།། ཁྱུང་པོ་སྟེང་ཆེན་གྱི་འགྱུར་ལྡོག
[ 2011/7/31 12:39:44 | By: triyungblog ]
 
triyungblogབཀླགས་ཟིན་ཡིན།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.