ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༄༅།།  བོན་ལུགས་ཀྱི་ལྷ་རིས་པ་དང་འབྲེལ་བའི་གཏམ། 
[ 2011/10/18 19:48:00 | By: ཁྱུང་པོ་དཔལ་རྒྱལ། ]
 

ལྷ་སར་ཉིན་ལྔ་ཡི་གོང་ནས་བཟུང་རིག་དངོས་བཤམས་སྟོན་ཁང་དུ་སྤྱི་ལོ་༢༠༡༡ལོའི་བོད་ཀྱི་ཐང་ཁ་འགྲེམ་སྟོན་གྱི་

བྱེད་སྒོ་སྤེལ་བ་འདུགདེའི་ནང་དུ་མིང་ཐོ་འཁོད་པའི་ལྷ་རིས་པ་118ཡོད་པ་དེ་ཚོས་རང་རང་གི་ཚབ་མཚོན་རང་

བཞིན་གྱི་ཐང་ཁ་འགྲེམ་སྟོན་བྱས་པས་རྒྱ་ཆེ་ཡུལ་སྐོར་བ་ལ་སོགས་ལྟད་མོ་བ་མང་པོའི་བློ་ཡིད་འཕྲོག་པ་དང་།

དེ་རིང་སྤྱི་ལོ་2011ལོའི་བོད་ཀྱི་ཐང་ཀ་འགྲེམ་སྟོན་གྱི་བྱེད་སྒོ་དེ་ཡོངས་སུ་ལེགས་གྲུབ་ངང་གྲོལ་བའི་མཛད་སྒོའི་

ཐོག་ཏུ་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་དང་།དེ་བཞིན་ལྷ་རིས་མཁས་དབང་བསྟན་པ་རབ་བརྟན་དང་།

ནོར་བུ་སྲི་ཐར་སོགས་ལྷ་རིས་མཁས་དབང་ཁག་ཅིག་གིས་ད་ལོའི་འགྲེམ་སྟོན་ནང་དུ་ཞུགས་པའི་ལྷ་རིས་པའི་

ཁྲོད་ནས་རིམ་པ་ཁག་སོ་སོར་གཟེངས་བསྟོད་གནང་འདུག  དེ་ཡང་།  གཟེངས་བསྟོད་རིམ་པ་དང་པོ་ཐོབ་

མཁན་ལྷ་རིས་པ་ལྔ་དང་།  གཉིས་པ་ཐོབ་མཁན་མི་བཅུ།  གསུམ་པ་ཐོབ་མཁན་མི་བཅོ་ལྔ་བཅས་ཁྱོན་བསྡོམས་

མི་སུམ་ཅུར་གཟེངས་བསྟོད་ཐོབ་འདུག   གཟེངས་བསྟོད་རིམ་པ་དང་པོའི་ཐོབ་པའི་ལྷ་རིས་པ་ལྔ་ཡི་གྲས་སུ་

ཁྱུང་ཡུལ་གྱི་ལྷ་རིས་མཁས་པ་ནོར་བུ་གཡུལ་རྒྱལ་འདུག ཁོང་ནི་བོན་ལུགས་ཀྱི་ལྷ་རིས་པ་གྲགས་ཅན་འདས་པོ་

ལྡོང་མདོ་གཡང་འཕེལ་གྱི་ཚ་བོའམ་སློབ་བུ་རེད། 

གཟེངས་བསྟོད་རིམ་པ་དང་པོ་ཐོབ་མཁན་ལྷ་རིས་པ་ལྔ།

བོན་ལུགས་ཀྱི་ལྷ་རིས་མཁས་པ་ནོར་བུ་གཡུལ་རྒྱལ།

གུས་པ་དང་། ལྷ་རིས་མཁས་དབང་བསྟན་པ་རབ་བརྟན།  ནོར་བུ་གཡུལ་རྒྱལ། 

 

 

 
 
Re:༄༅།།  བོན་ལུགས་ཀྱི་ལྷ་རིས་པ་དང་འབྲེལ་བའི་གཏམ།
[ 2011/10/24 5:49:23 | By: nyimaw ]
 
nyimawམི་རྒྱུད་འདིས་ཀྱང་ཕ་རབས་ཚ་རྒྱུད་ཀུན་གྱི་རིང་ལ་བོན་དང་ལྷག་པར་བོན་རིས་ཀྱི་ཤེས་རིག་རྒྱུན་སྐྱོང་མཛད་པར་མ་ཟད་སྙན་པའི་གླིང་དུ་འཚོ་བ་ནི་གཟི་བརྗིད་དུ་ངོམ་ཆོག
 
 
Re:༄༅།།  བོན་ལུགས་ཀྱི་ལྷ་རིས་པ་དང་འབྲེལ་བའི་གཏམ།
[ 2011/10/19 0:09:04 | By: tibetmonk(སྐུ་མགྲོན) ]
 
tibetmonk(སྐུ་མགྲོན)གྲོགས་དཔལ་རྒྱལ་ལགས་ནས་མུ་མཐུད་ནས་རྩོམ་ཡིག་སོགས་གང་མང་སྤེལ་བའི་དགའ་བསུ་དང་རེ་བ་ཡོད།
 
 
Re:༄༅།།  བོན་ལུགས་ཀྱི་ལྷ་རིས་པ་དང་འབྲེལ་བའི་གཏམ།
[ 2011/10/18 23:14:35 | By: danzengyixi ]
 
danzengyixi

དེ་ཡང་དགའ་འོས་པའི་དོན་བཟང་ཞིག་གོ །
གཟེངས་བསྟོད་རིམ་པ་དང་པོ་ཐོབ་མཁན་ཕ་ཡུལ་གྱི་ལྷ་རིས་མཁས་པ་ ནོར་བུ་གཡུལ་རྒྱལ་ལགས་རྟེན་འབྲེལ་ཡང་ཡང་ཞུ། མུ་མཐུད་ནས་ཁོང་གི་བྱ་བ་མཐའ་དག་དབྱར་མཚོ་རྒྱས་ལྟར་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་ཞུ། རྒན་དཔའ་རྒྱལ་ནས་ངོ་སྤྲོ་གནང་བར་བཀའ་དྲིན་ཆེ།
གཤམ་དུ་tdmb་ལགས་ཀྱིས་ལན་སློག་པ་ནི་
ང་ཡང་ཁྱེད་འདི་རུ་མགྲོན་དུ་ཕེབས་པར་དགའ་བྱུང་།
 
 
Re:༄༅།།  བོན་ལུགས་ཀྱི་ལྷ་རིས་པ་དང་འབྲེལ་བའི་གཏམ།
[ 2011/10/18 21:31:14 | By: སྐུ་མགྲོན་rVm85D(སྐུ་མགྲོན) ]
 
སྐུ་མགྲོན་rVm85D(སྐུ་མགྲོན)བཀུར་འོས་མཁས་གཞོན་ཁྱུང་པོ་དཔལ་རྒྱལ་ལགས་ཀྱིས་དགའ་བའི་གཏམ་ཚུལ་དུས་ཐོག་ཏུ་སྤེལ་གནང་བར་བཀྲ་ཤིས་བདེ་ལེགས་ཞུ། སྤྱི་སྤུངས་པས།
གཤམ་དུ་tdmb་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་འདི་རུ་མགྲོན་དུ་ཕེབས་པར་དགའ་བསུ་ཡོད་ལགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.