ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོད་རིགས་དགའ་བའི་གཏམ་བཟང་།
[ 2011/10/9 22:01:00 | By: ཁྱུང་པོ་དཔལ་རྒྱལ། ]
 

                              བོད་རིགས་དགའ་བའི་གཏམ་བཟང་།  

  དེ་སྔོན་གློག་ཀླད་དམ་རྩིས་འཕྲུལ་ནང་དུ་བོད་ཡིག་གློག་གཟུགས་འགའ་ཞིག་ཡོད་ཀྱང་།

དེ་དག་མང་ཆེ་བ་ནི་རྒྱལ་སྤྱིའི་ཨང་རྟགས་ཅན་མིན་པར་ཕྱི་ཤུན་གྱི་རང་བཞིན་ཅན་ཡིན།

ཕྱི་ཤུན་ཅན་ཟེར་དོན་ཡང་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་རྟགས་མིན་པར།   དཔེར་ན།  རྩིས་

འཕྲུལ་དྲ་རྒྱའི་ནང་དུ་དབྱིན་ཡིག་དང་རྒྱ་ཡིག་ལྟར་གྱི་སྤྱོད་གོ་མེད་ལ། ཡིག་གཟུགས་ཚུལ་

བཞིན་དུ་མ་འགྲིག་ན། ཡིག་རིགས་གཞན་གྱིས་རང་མདོག་མངོན་ཡོང་བ་ལྟ་བུའོ།།  འོན་

ཀྱང་།  ལོ་རེ་གཉིས་གོང་ནས་ཧི་མ་ལ་ཡའི་ཡིག་གཟུགས་དར་ཡོད་ལ། ལྷག་པར་དུ་གོ་ཐོས་

ལྟར་ན་ཉེ་ཆར་ངེས་དོན་གྱི་བོད་རིག་པ་བ་ཞིག་གིས་ཐུགས་ཁུར་གནང་བའི་འོག་

﹫TBRC﹫བརྒྱུད། གོར་ཀི་འཚོལ་ཞིབ་དྲ་མིག་

ནང་དུ་དབྱིན་ཇིའི་ཡིག་ཆེན་TBRCགཏགས་རྗེས་དཔེར་ན་ཁྱེད་ཀྱིས་གཟིགས་འདོད་ཆེ་

བའི་དཔེ་དེབ་ཀྱི་མིང་དེ་གཏགས་ནས་བཙལ་ན་འཚོལ་ཞིབ་ཐུབ་ཀྱི་འདུག    དེ་ལྟར་བོད་

ཡིག་རྒྱལ་སྤྱིའི་ཨང་རྟགས་ཅན་དར་བའི་ཐོག་ཏུ་ཡང་བསྐྱར་བོད་ཡིག་གི་གློག་རྡུལ་གྲངས་

རྩིས་ཀྱི་དཔེ་དེབ་ཁང་མེད་པའི་ལོ་ཟླར་རྫོགས་ཚིག་བཀོད་འདུག གཞན་ཡང་གོར་ཀི་འཚོལ་

ཞིབ་དྲ་མིག་ནང་དུ། དཔེར་ན། ཁྱུང་པོ་དཔལ་རྒྱལ།  ཞེས་པ་ལྟ་བུ་མི་མིང་དང་དྲ་ཚིགས་ཀྱི་

མིང་གང་རུང་ཞིག་ཧི་གཟུགས་ཀྱི་ཐོག་ནས་དག་པར་གཏག་ཚེ།     དྲ་ཐོག་ཏུ་ཡོད་པའི་དེ་

འབྲེལ་གྱི་ཡི་གེ་མཐའ་དག་རིམ་པ་བཞིན་འཆར་ཡོང་གི་འདུག  དེ་ལྟར་ལྷན་རྒྱས་དྲ་གྲོགས་

རྣམ་པས་དེ་ལུགས་ཀྱིས་རང་རེའི་ཕ་སྐད་མ་ཡིག་གི་ལམ་ནས་ཕ་ནོར་ངོ་མ་ཞང་བོད་རིག་

གནས་འཛིན་སྐྱོང་སྤེལ་གསུམ་ལ་གཞོལ་བའི་ཞོར་དུ་དེང་རབས་རྩིས་འཕྲུལ་གྱི་ལམ་ནས་

སེམས་གཏམ་གླེང་རེས་ཞུས་ཆོག  

                གཏམ་ཐུང་འདི་ནི་ཐོས་ཆུང་བདག་གིས་དྲ་གྲོགས་རྣམ་པར་ཐུགས་ཕན་རེ་གསོས་ན་

སྙམ་པའི་ཀུན་སློང་ཞིག་གིིས་མ་བཞག་པར་ཐད་ཀར་འདི་རུ་བྲིས་པའོ།།

 
 
Re:བོད་རིགས་དགའ་བའི་གཏམ་བཟང་།
[ 2011/10/22 11:00:37 | By: སྐུ་མགྲོན་u85Cs2(སྐུ་མགྲོན) ]
 
སྐུ་མགྲོན་u85Cs2(སྐུ་མགྲོན)བཀའ་དྲིན་ཆེ།
 
 
Re:བོད་རིགས་དགའ་བའི་གཏམ་བཟང་།
[ 2011/10/16 17:49:38 | By: སྐུ་མགྲོན་138Ld5(སྐུ་མགྲོན) ]
 
སྐུ་མགྲོན་138Ld5(སྐུ་མགྲོན)བཀའ་དྲིན་ཆེ།
 
 
Re:བོད་རིགས་དགའ་བའི་གཏམ་བཟང་།
[ 2011/10/10 9:11:25 | By: སྐུ་མགྲོན་Hlc5FS(སྐུ་མགྲོན) ]
 
སྐུ་མགྲོན་Hlc5FS(སྐུ་མགྲོན)ཨོ. ཐུགས་རྗེ་ཆེ་དངོས་གནས་གཏམ་བཟང་རེད་འདུག ང་བྱང་ཤར་ནས་ལྷ་སར་སླེབ་ཡོད་་་ངའི་ཁ་པར་ཨང་༡༣༥༡༨༩༦༦༦༦༦ཡིན་འདི་ལ་འབྲེལ་གནང་རོག བསམ་གཏན་འགྱུར་མེད་ནས་ཕུལ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.