ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ། 
[ 2011/10/28 0:46:00 | By: Laozhuojueni ]
 

ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོའི་སྐབས་ཀྱི་གལ་ཆེའི་གནས་བསྡུས།

ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་དཔོན་གསས་བླ་རབས་ཉེར་བདུན་པ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོའི་ནོར་བུ་རིན་པོ་ཆེ་གཙོས་པའི་དགོན་གྱི་ལས་སྣེ་རྣམ་པའི་མ་བགྲོས་བསམ་པ་གཅིག་མཐུན་གྱི་ཐུགས་བསྐྱེད་མཚུངས་པ་མེད་པའི་བྱིན་མཐུ་ལ་བརྟེན་ནས།  ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་འཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་ཕྱི་ནང་རྟེན་དང་བརྟེན་པ་ཡོངས་སུ་གྲུབ་པའི་བྱིན་འབེབས་རབ་གནས་མཛད་སྒོ་དང་སྟབས་བསྟུན་ནས།  སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འཛོམས་པ་སོགས་ཀྱི་ཆེད་དུ་དམིགས་ནས།  སྤྱི་ལོ་༼༢༠༡༡༽ལོའི་ཟླ༼༡༠༽ཚེས་༼༧༽ནས་ཚེས་༼༢༧༽བར་ཉིན་ཉེར་གཅིག་རིང་ཁྱུང་པོ་སྟེང་ཆེན་དགོན་གྱི་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ་རྒྱས་འཚོགས་བྱས་པ་ཏེ། ཚེས་༼༧༽ཉིན་དགོན་འདིའི་བཤད་སྒྲུབ་འདུས་པ་ཉིས་བརྒྱ་ལྷག་གིས་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོའི་བཅའ་བཟོ་ལེགས་པར་བྱས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ༼༡༠༽ཚེས༼༨༽ཉིན་དགོན་འདིའི་མཁན་སློབ་རྣམས་དང་། དགེ་བཤེས་བསྟན་འཛིན་སྐལ་བཟང་། དགེ་བཤེས་ཀུན་བཟང་རྒྱལ་མཚན་སོགས་དབུ་བཞུགས་མཛད་ནས་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོའི་ས་སློང་ཕྱི་མཚམས་ཐོ་བཞི་བཞེངས་པ་དང་སྦྲགས་འདུས་གྲྭ་ཚོ་གཅིག་གིས་ཆུ་གཏོར་དང་རྣམ་ཀློང་གཉིས་ཀྱི་དཀྱིལ་འཁོར་ཞལ་ཕྱེས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས༼༩༽ཉིན་ཞི་བའི་ལྷ་སྒྲུབ་ཀྱི་གཞུངས་བསྲངས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༠༽ཉིན་ནས་ཚེས་༼༡༣༽བར་ཁྲོ་བོའི་ཁྲོལ་བུ་བསྒྲུབ་པའི་གཞུང་བསྲངས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༣༽ཉིན་ནས་ཚེས་༼༡༥༽བར་ཞི་བའི་ཕྱེ་མ་སྒྲུབ་པའི་གཞུང་བསྲངས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༥༽ཉིན་ནས་ཚེས་༼༡༨༽བར་ཁྲོ་བོའི་ཕྱེ་མ་བསྒྲུབ་པའི་གཞུང་བསྲངས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༦༽ཉིན་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ་དང་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རྣམ་གཉིས་ཐེངས་འདིའི་སྒྲུབ་པ་ཆེན་མོའི་དབུ་མགོན་དུ་སེར་ཕྲེང་ཕེབས་བསུ་ཞུས་པ་དང་།  སྐྱབས་རྗེ་ཟླ་སྤྲུལ་རིན་པོ་ཆེ་ནས་ཕུན་ཚོགས་འབྱོར་རྒྱས་ཁང་གི་ཕྱི་ནང་རྟེན་དང་བརྟེན་པ་དང་རྣམས་ལ་མངའ་དབུལ་རབ་གནས་མཛད།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༧༽ཉིན་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ་དང་དགོན་འདིའི་མཁན་སློབ་རྣམ་གཉིས་འཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་དབུས་སུ་བཞུགས་ནས།  བཀའ་རམས་པ་རྒྱས་དགེ་དྲང་སྲོང་བསྟན་འཛིན་བློ་གྲོས་རབ་གསལ་མཆོག་གིས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སྔོན་འགྲོའི་བཤད་པ་ཕུལ་བ་དང་བཀྲ་ཤིས་གསོལ་བའི་མཛད་སྒོ་བསྐྱངས།

 སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༧༽དཔལ་རྩེ་དྲུག་དྲི་མེད་ཤེལ་བྲག་གླིང་གི་མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་སྐབས་བརྒྱད་པའི་སྒྲུབ་པ་ཆེན་མོའི་དབུ་བཞུགས་སུ་སེར་ཕྲེང་ཕེབས་བསུ་བྱས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༨༽བཀའ་རམས་པ་གཤེན་བཙུན་དྲི་མེད་ཚུལ་ཁྲིམས་མཆོག་གི་གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་ནང་ནས་སྔོན་འགྲོའི་བཤད་པ་ཕུལ་བ་དང་བཀྲ་ཤིས་གསོལ།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༨༽ཉིན་རྒྱལ་དབང་ཤར་རྫ་པའི་རྒྱལ་ཚབས་གསུམ་པ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་ཁྲ་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་དབུ་བླ་བསམ་གཏན་ཚུལ་ཁྲིམས་རྣམ་གཉིས་སྒྲུབ་པ་ཆེན་མོའི་དབུ་མགོན་དུ་སེར་ཕྲེང་ཕེབས་བསུ་ཞུས་པ་དང་དངོས་གྲུབ་སྒྲུབ་པའི་དབུ་ཚུགས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༡༩༽ཉིན་བཀའ་རམས་པ་ལུང་རྟོགས་བསྟན་པ་འབྲུག་གྲགས་ཀྱིས་སྔོན་འགྲོའི་བཤད་པ་ཕུལ་བ་དང་བཀྲ་ཤིས་གསོལ།

སྤྱི་ལོ་༼༢༠༡༡༽ཟླ་༼༡༠༽ཚེས་༼༢༠༽ཉིན་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེས་དབུས་པས་འདུས་ཚོགས་ལྔ་བརྒྱ་ལྷག་གི་དབུས་སུ་སྐབས་དགུ་པའི་སྒྲུབ་ཐོན་རྣལ་འབྱོར་པ་ཚ་རོང་བཟོད་པ་རྒྱལ་མཚན་གྱིས་སྡེ་སྣོད་མཛོད་རྩ་ངག་རྒྱུགས་ཕུལ་བ་དང་།རྣལ་འབྱོར་པ་ཚུལ་ཁྲིམས་མཐར་ཕྱིན་མཆོག་ནས་སྒྲུབ་གྲྭའི་ལོ་འཁོར་བཞིའི་རིང་གི་སྦྱང་བྱའི་ཁྲིད་གཞུང་ཁག་ངོ་སྤྲོད་ལས་འཕྲོས་པའི་མདོ་སྔགས་ལྟ་བའི་སྐོར་གྱི་འཆད་རྒྱུགས་ཕུལ།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༢༠༽ཉིན་སྨན་རིའི་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ་དང་རྒྱལ་ཚབ་འཇིགས་མེད་དབང་ཕྱུགས་དབུས་པས་བསྟན་འཛིན་སྐྱེས་ཆེན་རྣམས་དང་།  འགོ་བ་དགེ་བཤེས་མཁས་དབང་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེ་གཙོས་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་དཔང་པོར་མཛད་པའི་དྲུང་འདུས་ཚོགས་ལྔ་བརྒྱ་ལྷག་གི་དབུས་སུ།  སྐབས་གཉིས་པའི་བཀའ་རབ་འབྱམས་པ་རྣམ་པ་གསུམ་པེ་ཅིང་འཁོར་དུས་༼༡་་༣༠༽ནས་༼༧་༣༠༽བར་མདོ་སྔགས་གཞུང་ལུགས་ཁག་གི་དམ་བཅའ་ཆེན་མོར་བཞུགས་ནས་རབ་འབྱམས་དགེ་བཤེས་རྣམས་དང་ཀོ་དགོན་བཤད་གྲྭ་བ་འཛིན་གྲྭ་རྒན་གྲས་རྣམ་པ། རྩེ་དྲུག་དགོན་པའི་བཤད་གྲྭ་སྐབས་འདིར་འཚོགས་བཞུགས་ཕེབས་མཁན་དང་། སྟེང་ཆེན་དགོན་པའི་བཤད་གྲྭ་བ་རྣམས་པས་རིག་ལམ་བརྒལ་རྟགས་རྩོད་པ་བྱས། སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༢༡༽ཉིན་མཚན་ཉིད་ཚིག་བཀྲའི་རིམ་པའི་ཤིས་སྨོན་རྟེན་འབྲེལ་མེ་ཏོག་སིལ་མ་འཐོར་བ་དང་གདན་ས་ཆེན་མོའི་འདི་གའི་མཁན་སློབ་རྣམ་གཉིས་ནས་བཀའ་རབ་འབྱམས་རྣམ་པ་གསུམ་དང་སྒྲུབ་ཐོན་རྣལ་འབྱོར་པ་རྣམས་ལ་གཡུང་དྲུང་བོན་གྱི་ལྔ་རིག་མཐོ་རིམ་སློབ་གཉེར་ཁང་གི་བཤད་སྒྲུབ་སློབ་ཐོན་ཕྱག་འཁྱེར་བསྩལ། སྤྱི་ལོ་༼༢༠༡༡༽ཟླ་༼༡༠༽ཚེས་༼༢༢༽ཉིན་ནས་བཀྲ་ཤིས་སྒྲུབ་པའི་དབུ་བཟུང་།སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༢༤༽ཉིན་ནི་ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོའི་གཤེན་གྱི་གར་འཆམ་ཆེན་མོའི་མཛད་རིམ་སྟེ། ཞོགས་པ་ནས་འདུས་གྲྭ་ལྔ་བརྒྱ་ལྷག་སེར་ཕྲེང་ཕེབས་ཏེ་དེ་གར་འཆམ་རིམ་བཞིན་འཁྲབས་པ་སྟེ། ས་ཕྱགས། རྒྱལ་ཆེན་བཞི་འཆམ། གཤེན་རབ་དགུ་འཆམ། སྟག་ལའི་རྔ་འཆམ། གཟེ་མ་དགུ་འཆམ། རྩེད་སྣ་རྒྱལ་རོང་གར་འཆམ་སོགས་རིམ་བཞིན་འཁྲབས་པའི་མཛད་རིམ་བསྐྱངས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༢༥༽པེ་ཅིང་འཁོར་དུས་༼༩༽པའི་འདུས་གྲ་རྣམས་སེར་ཕྲེང་གཡུང་དྲུང་དགའ་འཁྱིལ་བྱོན་ཏེ་སྐུ་པར་བླངས་པ་དང་། དེའི་ཉིན་འཁོར་དུས་༼༡༠༽ནས་༼༥༽བར་སྐྱབས་རྗེ་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ་དང་། རྒྱལ་ཚབ་འཇིག་མེད་དབང་ཕྱུག  མཁན་པོ་རྒྱ་མཚོའི་ནོར་བུ། མཁས་དབང་བསྟན་འཛིན་འབྲུག་གྲགས། དགེ་བཤེས་ཀུན་བཟང་རྒྱལ་མཚན། མཆོག་སྤྲུལ་ཡེ་ཤེས་ཉི་མ།  མཚམས་བླ་ཚུལ་ཁྲིམས་དབང་རྒྱལ། སྒྲུབ་མཁན་བསྟན་འཛིན་རྣམ་དག་རྣམས་ནས་སྟེང་ཆེན་དགོན་པའི་ལྷ་སྡེ་མང་ཚོགས་གཙོས་པའི་བོན་གྱི་དད་ལྡན་པ་ཆིག་སྟོང་ལྷག་ལ་བོན་གྱི་འཇུག་སྒོ་སྐྱབས་འགྲོ་ནས་དབུ་བརྩམས་ཏེ་མི་གཞི་བཟང་པོ་དགོས་ཚུལ་དང་། རིག་གནས་སྦྱང་རྒྱུ་ལ་མཐོང་ཆེན་དགོས་ཚུལ་སོགས་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོའི་སྐབས་ཀྱི་ཟབ་གདམས་བོན་སྦྱིན་མཛད་རིམ་བསྐྱངས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ༼༡༠༽ཚེས་༼༢༦༽ཉིན། གཙང་ཐོབ་རྒྱལ་སྨན་རིའི་སྨན་རི་གླིང་གི་སློབ་དཔོན་སྐལ་བཟང་ཉི་མ་མཆོག་གཙོས་པའི་བླ་ཆེན་བླ་ཆུང་དྲུག་ཅུ་ལྷག་གིས་ཡི་དམ་ཁྲོ་ཕུར་གཉིས་ཀྱི་བཤར་དབང་དང་ཁྲོ་ཕུར་གཉིས་ཀྱི་སྨན་སྒྲུབ་བྱིན་རླབས་བོན་གྱི་དད་ལྡན་པ་ཁྲི་ཚོ་གཉིས་ལྷག་ལ་གནང་སྦྱིན་བསྩལ་ཏེ་ཕྱི་དྲོར་སྐྱབས་རྗེ་སྨན་རིའི་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེས་གནས་སྦྱངས་བྱང་ཆེན་བཞུས།

སྤྱི་ལོ་༼༢༠༡༡༽ལོའི་ཟླ་༼༡༠༽ཚེས་༼༢༧༽ཉིན་འདུས་གྲྭ་རྣམས་སེར་ཕྲེང་ཕེབས་ཏེ་ཐོ་བཞི་བསྐྱོད་པ་དང་། འདུས་གྲྭ་རྣམས་འཆམ་རའི་དཀྱིལ་དུ་འཚོགས་ཏེ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བཀྲ་ཤིས་གསོལ་ནས་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ་ནས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུངས་པ་དང་། ཁྱུང་པོ་སྟེང་ཆེན་གཡུང་དྲུང་བསྟན་རྒྱས་གླིང་ནས་སྨན་རིའི་མཁན་དཔོན་སློབ་དང་སྐབས་འདིའི་འཚོགས་བཞུགས་བླ་སློབ་རྣམས་ལ་གཏང་རག་མཆོད་འབུལ་དང་བསྙེན་བཀུར་ཞུས་ནས། ཉིན་འཁྱོངས་སྦྱིན་བདག་རྣམས་ལ་རྟེན་འབྲེལ་ལེགས་སྐྱེས་སུ་མགུལ་དར་སྒྲོན་པ་དང་བརྙན་པར་བླངས་པ་སོགས་འཇུག་བསྡུས་པའི་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ་འདི་ནི། འདུས་གྲྭ་ལྔ་བརྒྱ་ལྷག་གིས་དམར་ཟས་སྤངས་ཏེ་ཉིན་ཉེར་གཅིག་རིང་རྒྱལ་བ་སྨན་རིའི་ལུགས་ཀྱི་ཆོ་གའི་ཕྱག་ལེན་ལྟར་བསྒྲུབས། སྨན་སྒྲུབ་ཆེན་མོ་འདི་ཡི་མཐུས་སྤྱིར་སངས་རྒྱས་བོན་གྱི་བསྟན་པར་དར་ཞིང་རྒྱས་པ་དང་། རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དབུས་པའི་བོན་གྱི་བསྟན་འཛིན་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། འབྲེལ་ཐོགས་གཙོས་པའི་མ་གྱུར་འགྲོ་རྣམས་ཉོན་མོངས་ནད་ཀྱི་ཟུག་རྔུ་ལས་ཡོངས་སུ་ཐར་ཏེ་བླ་མེད་རྗོགས་སངས་རྒྱས་པའི་གོ་འཕང་ཐོབ་པའི་བསོད་ནམས་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་ཆེན་ཟད་པ་མེད་པ་ཞིག་ཀྱང་བསགས་པའོ།།

 

 
 
Re:ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ།
[ 2012/5/14 20:02:15 | By: langjia ]
 
langjiaབཀའ་དྲིན་ཆེ། གཤམ་དུ་་་་་་།།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ།
[ 2011/11/3 19:06:06 | By: སྐུ་མགྲོན་0fv3YM(སྐུ་མགྲོན) ]
 
སྐུ་མགྲོན་0fv3YM(སྐུ་མགྲོན)ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོའི་མཛད་སྒོའི་གནས་ཚུལ་འདི་ཧི་བོན་ཟིས་བྲིས་ཐོག་སྤེལ་བ་ཤིན་ཏུ་ལེགས་པོ་འདུག། ཡིན་ན་ཁྱེད་ཀྱི་ཡི་གེ་ལྷག་མ་མང་པོ་འདུག་དེ་ཚོ་བཅོས་ན་ལེགས་པོ་འདུག།།།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ།
[ 2011/10/29 18:47:14 | By: zhongsong ]
 
zhongsongསྲོལ་རྒྱུན་རིག་གནས་ཀྱིས་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་ནུས་ཤིང་།
བདུད་རྩི་སྨན་སྒྲུབ་ཀྱིས་སྙིགས་དུས་འདིར་ནད་ཡམ་བསལ་ནུས།
དེས་ན་རྒུད་པ་གསོ་ཞིང་བདེ་སྐྱིད་འཕེལ་བའི་རྣམ་དཀར་འདི་ལྟ་བུ་
ལ་བདག་ཡིད་ཤིན་ཏུ་རངས། འོ་ཅག་གི་ཚོགས་གཉིས་བསགས་པའི་
རླབས་ཆེན་གྱི་དགེ་བ་འདིས་རིས་མེད་འགྲོ་རྣམས་གནས་སྐབས་དང་
མཐར་ཐུག་གི་བདེ་བ་མྱུར་དུ་འཐོབ་པར་ཤོག ། ། །
 
 
Re:ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ།
[ 2011/10/28 22:08:55 | By: tibetmonk ]
 
tibetmonkཔར་རིས་དང་སྦྲགས་ཏེ་སྤེལ་ཐུབ་ན་ལེགས་ས་རེད་ཡ།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ།
[ 2011/10/28 20:15:11 | By: tibetmonk ]
 
tibetmonkསྨན་སྒྲུབ་ཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ།
གནས་ཚུལ་འདི་དྲ་ཚིགས་མདུན་ངོས་སུ་བཀོད་ཡོད་ལགས།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ།
[ 2011/10/28 15:31:29 | By: སྐུ་མགྲོན་816Fwj(སྐུ་མགྲོན) ]
 
སྐུ་མགྲོན་816Fwj(སྐུ་མགྲོན)ཁྱེད་ཀྱིས་གནས་ཚུལ་ཡག་པོ་བྲིས་གནང་འདུག་ཀྱང་གནས་ཚུལ་དེའི་ནང་གི་སྤྱི་ལོ་དང་ཟླ་བ་གཉིས་པོ་བསྐྱར་ཟློས་མང་པོ་བྱས་པའི་ཚུལ་མཐོང་གི་འདུག ཐོག་མར་སྤྱི་ལོ་དང་ཟླ་ཚེས་སྨོས་ཟིན་པའི་རྗེས་སུ་ཟླ་བ་མི་འདྲ་བའི་དུས་ཚོད་ཡིན་ན་མ་གཏོགས་བསྐྱར་དུ་སྤྱི་ལོ་དང་ཟླ་བ་གཉིས་མ་སྨོན་ན་ལེགས། དཔེར་ན་གོང་ཟླའི་ཕྱི་ཚེས་འདི་དང་འདི་ཞེས་པ་ལྟ་བུ་བྲིས་ན་ཡག
 
 
Re:ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ།
[ 2011/10/28 14:47:35 | By: palzom2011 ]
 
palzom2011ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་སྐབས་བརྒྱད་པའི་སྨན་གྱི་སྒྲུབ་བ་ཆེན་མོ་དང་། སྐབས་གཉིས་པའི་དགེ་བཤེས་ཀྱི་མཛད་སྒོ་གཉིས་ལེགས་གྲུབ་དང་ཁ་དགེ་བཀྲ་ཤིས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ། ལབ་ཙེ་ཕྲ་མོ་ལགས་ཁྱེད་ཀྱིས་གནས་ཚུལ་འདི་དང་ལྷན་དུ་སྐུ་པར་ལེགས་པོ་གང་མང་དང་སྦྲགས་ནས་ཧི་བོན་ཟིན་བྲིས་ཀྱི་མདུན་ངོས་སུ་གནས་ཚུལ་ཁྱབ་སྤེལ་བྱས་ན་ཡག་པོ་འདུག བསྟན་འཛིན་སྦྱིན་པས།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ།
[ 2011/10/28 11:36:27 | By: སྐུ་མགྲོན་H40Of6(སྐུ་མགྲོན) ]
 
སྐུ་མགྲོན་H40Of6(སྐུ་མགྲོན)ཐུགས་རྗེ་ཆེ་འབྱུང་གནས་ལགས་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.