ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྩོམ་བསྐུལ་གསལ་བརྡ།
[ 2011/9/20 20:30:00 | By: Laozhuojueni ]
 

                                         རྩོམ་ལ་བསྐུལ་བའི་གསལ་བརྡ། 

འོ་ལཌ་སོ།    ཁ་བ་རི་པའི་སྣ་འཛོམ་ཤེས་རིག་གི་སྐྱེད་ཚལ་ཁྲོད་དུ། གཡུ་འབྲུག་སྔོན་མོའི་སྒྲ་དབྱངས་ལས་ཀྱང་གྲགས་ཆེ་ལ།  ཁུ་བྱུག་སྔོན་མོའི་འགྱུར་ཁུག་ལས་ཀྱང་ཆེས་སྙན་པའི་གདངས་དབྱངས་ཤིག་སྒྲོག་བཞིན་ཡོད་པ་ནི།  ཐོག་མར་ས་ཆེན་པོའི་མཐོ་སྒང་རང་ས་རུ་བྱུང་བའི། སྲིད་པ་གཡུང་དྲུང་བོན་གྱི་ལོ་རྒྱུས་ཀྱི་རླབས་སྒྲ་དང་། བཅོས་མའི་རྫས་སྦྱོར་གྱིས་རང་བྱུང་གི་རོ་བཅུད་མ་སྒྲིབ་ཅིང་དྭངས་གཙང་མཐོ་སྒང་གི་འཚོ་བའི་སྙིང་བཅུད་ལྡན་པའི་རྩོམ་རིག་སྒྱུ་རྩལ་ཏེ། འདི་ནི་སེམས་ཁམས་མན་ཤེལ་ལས་དྭངས་ཤིང་། རང་གཤིས་སྨྱུག་མ་ལས་དྲང་བའི་ཡབ་མེས་བོན་གཤེན་སྟོང་གི་ཤེས་རིག་ལས་འཁྲུངས་པའི། ཡིད་བཞིན་གྱི་ནོར་བུ་དཀར་ལ་འཚེར་བ་ཞིག་ལོས་ཡིན། དེར་བརྟེན། ངེད་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་འདུས་སྡེ་ནས་ཀྱང་། ཡེ་སྲིད་ནོར་བུ་ཟླུམ་པོའི་ནོར་ངོ་འཕྲོད་པ་དང་། གཡུང་དྲུང་བདེན་པའི་དབལ་ཁ་གྱེན་དུ་གསོལ་བའི་ཕྱིར་བོན་གཤེན་སྟོང་གི་བསྭོ་སྒྲའི་གདངས་དབྱངས་ཏེ། སློབ་གསོའི་བརྩེ་གདམས། ལོ་རྒྱུས་རླབས་སྒྲ། དཔྱད་བརྗོད་སྡེབ་དཀྲོལ། སྙན་དབྱངས་འགྱུར་ཁུག  གསར་བྱུང་གནས་འཕྲིན། བཅས་ཚན་ཆེན་པོ་ལྔ་ལས་གྲུབ་པའི་༼ བོན་གཤེན་བསྭོ་སྒྲ ༽ཞེས་པའི་ལོ་དེབ་ཀྱི་གར་སྟེགས་ཤིག་བསྐྲུན་ཡོད་པ་ནི། གྱེར་ཚང་གི་སྨྱུག་མཆེད་རྣམས་ཀྱིས་དགོངས་གསལ་ལྟར་ལཌ་ན། དེ་བཞིན་བོན་གཤེན་བསྭོ་སྒྲའི་ལང་ཚོའི་འཚར་ལོངས་ཀྱི་ལོ་ཐེངས་གཉིས་པ་འམ། སྤྱི་ལོ་༢༠༡༢ལོའི་རྩོམ་བསྡུའི་དུས་མཚམས་ནི་སྤྱི་ཟླ་༡༡་ནང་འཇོག་རྒྱུ་ཡིན་པས།  གངས་ཅན་མི་རིགས་ལ་ཤ་ཞེན་ཆེ་ཞིང་། གངས་ཅན་མི་རིགས་ཀྱི་སྐད་ཡིག་འཛིན་པའི་དཔྱོད་ལྡན་ཡོངས་ནས། དེ་ལུགས་ཀྱིས། སྤྱི་ཚོགས་དང་འཚམས་ཤིང་།  ཁྲིམས་ལུགས་དང་མཐུན་པའི་སྒོ་ནས།  གོང་གསལ་གྱི་སྡེ་ཚན་དང་བསྟུན་པའི་རྩོམ་ཡིག་རྣམས་དག་ཆ་ཐོན་པར་བྱེད་དེ་དུས་ཐོག་ཏུ་ལྷུག་སྩོལ་གནང་བའི་འབོད་བསྐུལ་ཞུ། ། ། །

 

ས་གནས།  བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་སྟེང་ཆེན་དགོན།

ཡིག་ཟམ་ཨང་གྲངས།  ༨༥༥༧༠༠

སྒེའུ་ཁུང་། ༡༢༨༢༠༢༨༠༩༤

དྲ་ཐོག་ཡིག་སྒམ། bxszh2011@163.com

ཁ་པར་ཨང་ཀི ༡༨༩༠༨༩༥༨༣༥༠

ཁྱུང་པོ་སྟེང་ཆེན་དགོན་བོན་གཤེན་རྩོམ་སྒྲིག་ཁང་ནས་སྤེལ།

 

 

 
 
Re:རྩོམ་བསྐུལ་གསལ་བརྡ།
[ 2011/9/21 20:41:24 | By: yongzhou ]
 
yongzhouཧ་ཅང་ལེགས་པོ་བྱུང་། ང་ལ་མཚོན་ན་≪བོན་གཤེན་བསྭོ་སྒྲ≫འདོན་ཐེངས་དང་པོ་དེ་གྲོང་ཁྱེར་ཁྲིན་ཏུའུ་སྒེར་དེབ་པར་ཁང་ཞིག་ལས་དཔར་གཞི་སྒྲིག་པ་མཐོང་ན་ཡང་། དངོས་སུ་དཔེ་དེབ་ལེགས་གྲུབ་བྱུང་རྗེས་མཇལ་བའི་གོ་སྐབས་མ་ཐུབ་མོད།  རེད་དེ་ཅིས་ཀྱང་རེ་བ་ཆེ་ལ་དུང་བ་ཟབ་པ་ནི་འདི་འདྲའི་ལོ་དེབ་དང་དུས་དེབ་ཀྱིས་དྲངས་ཏེ་བོད་པའི་ཤེས་རིག་སྤྱི་དང་རྩོམ་རིག་ཡོངས། སྒོས་སུ་བོན་ལུགས་ཞུགས་པའི་གསར་སྐྱེས་ཚོ་ལ་བློ་འབྱེད་གསར་པ་ཞིག་དང་རེ་བ་གསར་པ་ཞིག་གིས་བརྟས་ཏེ་ཐོག་མ་རང་ཉིད་ངོ་ཤེས་པ་དང་དེ་ནས་གཞན་དག་གླེང་ཤེས་པ་ཞིག་ཏུ་ཡོངས་རྒྱུ་ནི≪བོན་གཤེན་བསྭོ་སྒྲའི≫རྩོམ་སྒྲིག་པས་ནམ་ཡང་བསྙེལ་ཐབས་མེད་པའི་ཉིང་དགོས་ཀྱི་གནད་དོན་ཞིག་ཏུ་ཆགས་བསྡད་པར་སེམས།  དེར་བརྟེན་ལས་རིགས་འདི་འདྲ་ལ་ཀུན་ནས་མོས་པས་འདྲེན་པའི་བདག་ལ་མཚོན་ན་སྐོམ་པ་ཆུ་འདོད་དང་བཀྲེས་པ་ཟས་འདོད་ཀྱིས་རེ་ཞིང་སྒུག་པར་བསྙོན་དུ་མེད། འདི་ན་བདག་གིས་ཀྱང་བསམ་བློའི་ཟབ་བཅུད་དང་རྒྱུན་ཤེས་ཀྱི་ཤེས་བྱས་སྟོང་ནའང་ཤེས་རིག་འདི་དང་མི་རིགས་འདི་ལ་དགའ་བ་རྒྱུ་མཚན་བྱས་པའི་འབོལ་རྩོམ་ཞིག་ཀྱང་ཁྱེད་ཅག་གི་གཟིགས་སྐལ་དུ་འབུལ་གྱི་ཡོད་པས་འབྲེལ་བའི་དམུ་ཐག་གཞུག་ནས་བསྐྱང་བར་ཞུ།  མཐར་ཞལ་བཟང་མྱུར་མཇལ་དང་རེ་བ་མཐའ་འཁྱོལ་ཡོངས་བ་བཅས་བདེ་ལེགས་སྤྲོ་དགའ་འཛད་དུ་མེད་པའི་སྨོན་འདུན་ཞུ།།

བོན་གཤེན་གྲལ་ལ་བསྟར་བའི་སྡེ་མཐའ་ནས།།
ཁུ་བྱུག་གདངས་ལ་ཞུགས་པའི་ཁྱིམ་ཕྱེབ་ནས།།
བསྭོ་སྒྲ་ངག་ལ་གྱེར་བའི་སྒྲུབ་གཤེན་ཚོགས།།
རྒོད་གསས་བུ་ཡིས་རྒྱལ་ཁམས་མཛེས་པར་ཤོག། 

ཡ་བྲང་གཡུ་འབྲུག་ཚེ་རིང་རྒྱ་ནག་རྒྱལ་ས་པེ་ཅིན་ནས།
གཤམ་དུ་Laozhuojueni་ལགས་ཀྱིས་ལན་སློག་པ་ནི་
ལེགས་གསོལ་གྱི་ཁ་གཡང་དང་འབྲེལ་དགོངས་འཆར་བཏོན་གནང་པ་ལ་ཐུགས་རྗེ་ཆེ་ཞུ། རྩོམ་སྒྲིག་པས
 
 
Re:རྩོམ་བསྐུལ་གསལ་བརྡ།
[ 2011/9/20 21:41:15 | By: danzengyixi ]
 
danzengyixi

རྟེན་འབྲེལ་ཞུའོ། ། མུ་མཐུད་ནས་ཡར་ངོས་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུའོ། །
གུས་པས་ཀྱང་མི་ཤེས་ཤེས་ཁུལ་གྱི་རྩོམ་རྙོག་ཞིག་སྐུར་འདོད་ཆེ། །
གཤམ་དུ་Laozhuojueni་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་ནས་རྩོམ་ཡིག་བསྐུར་བ་འདི་གའི་རྩོམ་སྒྲིག་ཁང་དུ་འཕྲོད་བྱུང་བས་བཀའ་དྲིན་ཆེ་ཞུ།
རྩོམ་སྒྲིག་པས
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.