དགེ་བཤེས་ཤེས་རབ་རྣམ་རྒྱལ།
ལྗང་ཤེར་བསྟན།
རང་སྡེའི་སྐད་ཡིག་སྲོལ་བཟང་མ་བསྙེལ་བར། །
འུ་ཚོའི་གཅེས་འཛིན་སློབ་བརྩོན་འཆང་ཤེས་ན། །
ཨ་ཧོ་གངས་ཕྲུག་གཞན་རྗེས་མི་ལྟུང་ཞིང་། །
ཝ་ལེར་གོ་ལའི་ཁྱོན་དུ་མངོན་པར་མཐོ། །
ལག་ཁྱེར་ཁ་པར།
18989955388
སྒེའུ་ཁུང་ཁ་བྱང་།
2212650008
ཡིག་ཟམ་ཁ་བྱང་།
855700
སྡོང་ལ་སྤྱོན་དང་།
ཞོལ་ཆེན་ལྷ་གཡག་རོག་པོ་ཆེ། །རྔམ་སྲེད་སྤྱང་མོ་འདུར་བའི་ཁྲོད། །
མ་རྨས་རང་མལ་ཟིན་པའི་སྡོང་། །གཡུལ་སོ་རྒྱལ་བའི་སྒྲ་བླ་སྤྱོན། །
བདག་མེད་རྩྭ་ཆུ་མངོན་རོལ་བའི། །རི་གཡུང་བར་ན་འགྲིམ་པའི་གཤེད། །
ཁྲིམས་སྐོས་ཁ་ཡོ་སྙོམས་པའི་ཕུལ། །ཁས་དྲགས་བསེའུ་སྡོང་ལ་སྤྱོན། །
ཚང་ཚིང་ནགས་ཀྱི་འདབས་རོལ་ན། །ཁས་དམན་རྒུན་འཐུའི་བྱིའུ་སྡེ། །
མ་འཆམས་འདུན་མའི་སྐོས་རྗེ་རུ། །འཐོར་བྱེད་ནེ་ཙོ་སྡོང་ལ་སྤྱོན། །
དགུན་གསུམ་བུ་ཡུག་བསིལ་མ་ཡིས། །འཁྱག་རོམ་དབང་ཐེབས་ནོར་འཛིན་མས། །
རེ་སྙེག་དྲོད་ཁོལ་དཔྱིད་ཀྱི་དཔལ། །འཆར་བའི་དངོས་གཞི་ནམ་ཞིག་སྤྱོན། །
རྫ་རི་མཐོན་པོའི་མགུལ་སྐེད་དུ། །རྡུལ་གྱི་ཁ་ལོ་སྐྱོད་སྐྱོད་པས། །
སྨན་ཤ་གོང་མོའི་སྒྲོ་ཐུར་མདངས། །ཡལ་ལ་རིངས་འདི་གཟན་པ་ལ།