ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
དགའ་བའི་རེ་འབོད།
(གངས་ལྗོངས་གླུ་པ་དཀོན་མཆོག་ལགས་ཀྱིས་བརྒྱད་གཅིག་དབྱར་གྱི་སྤྲོ་སྐྱིད་ཆེན་མོའི་ཉིན་གཏོང་རྒྱུའི་གཞས་ཚིག་ཞིག་འབྲི་སྐུལ་གནང་བ་ལྟར་བྲིས།)
སྐྱིད་དགའ་བའི་དབྱར་གྱི་དུས་སྟོན་འདིར།།
ལྷ་བླ་མ་ཕེབས་བྱུང་དགའ་བ་ལ།།
ལས་རྒྱུ་འབྲས་རྨོངས་པའི་མི་ནག་ལ།།
ཚེ་ཕྱི་མའི་ལམ་སྟོན་གནོངས་རོགས་གྱིས།།
བླ་མ་ལགས་རིན་པོ་ཆེ།
སྐྱིད་དགའ་བའི་དབྱར་གྱི་དུས་སྟོན་འདིར།།
གོང་དཔོན་པོ་ཕེབས་བྱུང་དགའ་བ་ལ།།
ཁྲིམས་སྒྲིག་ལམ་མེད་པའི་མང་ཚོགས་ལ།།
ཡུལ་འཆམ་མཐུན་གྱི་བསླབ་བྱ་གནོངས་རོགས་གྱིས།།
དཔོན་པོ་ལགས་གོ་གནས་ཅན།
སྐྱིད་དགའ་བའི་དབྱར་གྱི་དུས་སྟོན་འདིར།།
དཔལ་དགེ་རྒན་ཕེབས་བྱུང་དགའ་བ་ལ།།
ཡག་ཡོན་ཏན་མེད་པའི་སློབ་ཕྲུག་ཚོར།།
ཤེས་ལྔ་རིག་སྦྱོང་སྟངས་བསླབ་རོགས་གྱིས།།
དགེ་རྒན་ལགས་ཤེས་ཡོན་ཅན།
སྐྱིད་དགའ་བའི་དབྱར་གྱི་དུས་སྟོན་འདིར།།
རྒན་ཡ་རབས་ཕེབས་བྱུང་དགའ་བ་ལ།།
ཤ་རུས་པ་མེད་པའི་གསར་བུ་ཚོར།།
བོད་མི་རིགས་བཟང་སྤྱོད་བསླབ་རོགས་གྱིས།།
རྒན་རབས་ལགས་ཉམས་མྱོང་ཅན།
སྐྱིད་དགའ་བའི་དབྱར་གྱི་དུས་སྟོན་འདིར།།
ཕོ་ཚོང་བདག་ཕེབས་བྱུང་དགའ་བ་ལ།།
ལག་འབུ་སྒྲུག་ཟུང་བའི་ཨ་ཉོག་ཚོར།།
རྒྱུ་སྟངས་འཛིན་འཐེན་ལྷོད་བསླབ་རོགས་གྱིས།།
- ཟིན་ཐོ་གོང་མ།སུན་སྣང་སྐྱེས།
- ཟིན་ཐོ་འོག་མ།གསང་སྔགས་ལམ་གྱི་འཇུག་ཆོག

ཕ་ཡུལ་སྦྲ་ཆེན་ལ་བསྟོད་པ།
ཕྱི་ཡུལ་ལྗོངས་མེ་ཏོག་འཇའ་ཚོན་ཤར།གཡང་ར་བ་སྒོ་བཞིས་རི་ལུང་ཁེངས།ནོར་ལོངས་སྤྱོད་གནོད་སྦྱིན་མཛོད་འགྲན་ཞིང་།ངའི་ཕ་ཡུལ་སྦྲ་ཆེན་ཕྱུགས་མོ་རེད།
༧གནས་དགོན་ཆེན་བཤད་བསྒྲུབ་བསྒོམ་གསུམ་དར།མདོར་མཆོད་བརྟེན་རྡོ་འབུམ་དར་ལྕོག་རྒྱས།དུས་དལ་མེད་ཚོགས་གསོག་སྒྲིབ་སྦྱོང་ཞིང་།ངའི་ཕ་ཡུལ་སྦྲ་ཆེན་ཕྱུགས་མོ་རེད།
༧གཞན་གསར་དར་རིགས་ལ་ཨ་གསར་མེད།རང་རིག་གཞུང་སྲོལ་ལ་བཅོས་སླད་མེད།དོན་ཆོས་སྲིད་རང་ཚུགས་མ་ཤོར་ཞིང་།ངའི་ཕ་ཡུལ་སྦྲ་ཆེན་ཕྱུགས་མོ་རེད།
༧སྟག་ཤར་ལུར་དཔལ་བོའི་རྩལ་གསུམ་ཚང་།སྨན་བུ་མོར་མཛང་མའི་ཡོན་ཏན་ལྡན།ཡུལ་བདེ་སྐྱིད་ལྷ་གནས་མཉམ་པའི་ཞིང་།ངའི་ཕ་ཡུལ་སྦྲ་ཆེན་ཕྱུགས་མོ་རེད།
བསམ་གཏན་འགྱུར་མེད་ནས༢༠༡༢ལོའི་ཟླ་༧་ཚེས༡༧ཞོག་པར་བྲིས།


སྤུ་བླ་བས་རང་ཤག་ནས།

རྗེ་སྐྱབས་མགོན་ཕེབས་བྱུང་དགའ་བ་ལ།
རང་ང་རྒྱལ་ཆེ་བའི་ཐོས་ཆུང་འགའ།
སེམས་ཞི་བ་འདུལ་ཐབས་བསྟེན་རོག་ཞུ།
སྤྲོ་ལྷང་ངེར་སྐྱེས་པའི་དབྱར་གྱི་དུས།
ལྷ་བླ་མ་ཕེབས་བྱུང་དགའ་བ་ལ།
ཚིག་རྩུབ་མོ་སྨྲ་བའི་མགོ་ཆུང་འགའ།
ཚིག་བདེན་སྨྲ་བསླབ་རོག་བླ་མ་ལགས།
དགེ་བཤེས་མིང་ཙམ་འཛིན་པའི་དར་རྒྱས་ལྷ་
དགའ་ནས།
ནས།


གཡང་དཀར་ལྷས་ནས་གཏོར་བའི་དོམ་དྲེད་དེ་དག །།
ཟ་ལས་རླུང་རྟ་དར་བའི་དུས་ལ་སླེབས་ཡོད།།
གོ་སྐབས་མ་ཤར་བར་དུ་སྒུག་རྒྱུ་རེད་བཞག །
སྒང་གསུམ་ལྕགས་དྲ་བསྐོར་ན་དལ་མདོག་ཁ་ཞིང་།།
ཐང་ཆེན་གྲོང་ཁྱེར་བཟོས་ན་སྐྱིད་མདོག་ཁ་ཡང་།།
རོང་འབྲོག་རིག་གཞུང་ཉམ་པའི་སྣང་ཚུལ་བསམ་ན།།
ཤ་དང་རུས་པའི་བར་ན་ཟུག་གཟེར་སླེབས་ཡོང་།།
རི་ལུང་གཏེར་ཁ་བསྔོག་ན་ཡོང་སྒོ་ཡོད་ཅིང་།།
ནགས་ཚལ་གཅོད་བྲེགས་བྱས་ན་བེད་སྤྱོད་ཆེ་ཡང་།།
ས་བཅུད་ཡུལ་བཅུད་ཉམ་པའི་གནས་སྟངས་བསམ་ན།།
གཞུང་དང་གོང་རིམ་ཟེར་ནས་སྒུར་ཐབས་དཀའ་ཡ།།
ངོས་སུ་མཐོང་བོང་བསྒྲེང་ནས་སློང་ཐབས་མཁས་ཤིང་།།
ལྐོག་ནས་འབྲོག་རྒན་ཟེར་ཏེ་སྨད་ནས་ཆོག་ཆོག །།
ཐུབ་ན་འཕྲོག་སྙིང་དོད་པའི་ཇག་རྐུན་དེ་དག །།
བློ་སྙིང་བྲང་གསུམ་གཏད་ན་སྨྱོན་པ་མིན་ནམ།།
དུས་ཚོད་ཀྱིས་རྐྱེན་དེ་ཙམ་མོ།