ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
ཡིད་སྐྱོ་བའི་ནང་དམེ་མཚམས་འཇོག་གྱིས།
དགུན་ཟླ་གསུམ་རྩ་བའི་བླ་མའི་མདུན།།
བོན་སྔོན་འགྲོ་དངོས་གཞིའི་མཆེད་གྲོགས་དེ།།
དཔྱིད་ཟླ་གསུམ་དབྱར་རྩྭ་འབུ་སྒྲུག་དུས།།
ཁྲེལ་ངོ་ཚ་མེད་པའི་དགྲ་བོ་རེད།།
དབྱར་ཟླ་གསུམ་བཙོན་ཁང་སྨན་ཁང་ནང་།།
རྒྱུ་སྒོར་མོའི་འགྲོ་སོང་བཏང་བཏང་ནས།།
དགུན་ཟླ་གསུམ་ཕ་མ་ནང་མི་རྣམས།།
དཔལ་བདེ་སྐྱིད་ཀྱི་འཚོ་བ་རླུང་ལ་བསྐུར།།
ཡུལ་མི་གཅིག་ས་མཐའི་འཁྱམས་པོ་ཀུན།།
གྲོགས་ཚོང་ཤག་ཟེར་ཞིང་རྒྱབ་དཔུང་འཁྲིད།།
ནང་ཁྱིམ་མཚེས་རུ་སྡེའི་འགྲིམས་ལམ་ན།།
མཚོན་མདའ་གྲི་བཟུང་ནས་འགག་སྒོ་བཀག །
ལྷ་བླ་མ་གཅིག་གི་དགེ་ཕྲུག་དང་།།
མགོན་སྟོན་པ་གཅིག་གི་རྗེས་འཇུག་གཉིས།།
ཐབས་བསྟན་པ་གཅིག་གི་སྒོར་ཞུགས་གསུམ།།
ཡིད་སྐྱོ་བའི་ནང་དམེ་མཚམས་འཇོག་གྱིས།།
གངས་རིའི་ལྗོངས་ཀྱི་གཞས་པ་ཞིག་གི་རེ་དོན་ལྟར་རང་ཤག་ཏུ་མགྱོགས་པར་བྲིས།
- ཟིན་ཐོ་གོང་མ།ཐབས་དམ་པ།
- ཟིན་ཐོ་འོག་མ།ལོ་ཟླ་དུས་ཀྱི་མཆོད་པའི་འབྲས་བུ།

ཧཧཧཧཧཧ

ཚིག་སྤྱི་ཙམ་ལ་ཧོལ་རྒྱུག་དགའ་བ་ཚོས།།
གཞན་སྐྱོན་བརྗོད་པ་ཁོ་ནར་མཐོང་སྲིད་ཀྱང་།།
དོན་གྱི་གནད་ལ་ལེགས་པར་བརྟག་ཤེས་ན།།
ནད་ལ་ཁེལ་བའི་སྨན་གྱི་རིལ་བུ་ཡིན།།
ཐུན་རེ་ཟོས་ལན་རེ་ཕན་པར་ངེས།།
ཡ་རབས་མི་ལ་བསྟོད་བསྔགས་མཛེས་མོད་ཀྱང་།།
བསྟོད་པ་ཆེ་ན་ང་རྒྱལ་ཟུར་ནས་ཡོང་།།
མ་རབས་ཚོགས་ལ་སྐྱོན་བརྗོད་དེ་བས་གལ།།
དེ་ཡི་ཟུར་ནས་བསླབ་བྱའི་ལེགས་ཆ་ཡོད།།
ལེན་པར་ཤེས་ན་རང་ལ་ཡོན་ཏན་ཡོང་།།
སྐྱོན་གྱི་ཕུང་པོ་སྤྱི་ལ་སྨྲས་ན་ཡང་།།
རང་གི་ཐོག་ཏུ་རང་བཞིན་བབ་གྱུར་ན།།
ཁྲོ་བ་མེད་པར་སྐྱོན་ཏུ་ངོ་ཤེས་པ།།
སྐྱོན་ལས་བསླབ་བྱ་ལེན་པའི་མཁན་པོ་ཡིན།།
དེ་ལ་སྨན་དུ་འགྱུར་རོ་གྲོགས་པོ་ལགས།།


ང་རྒྱལ་ཅན་ལ་གཉེན་པོ་བསྟེན་པ་ཡིན།
དྲང་བདེན་ལམ་ནས་རྩོམ་རིགས་སྤེལ་བ་ན།
ཡིད་རང་མ་རྟོག་དགག་པ་ག་ལ་ཡོད།
སྟོབས་ཅན་ངར་ཆེ་ཀེ།
དར་རྒྱས་ལྷ་དགས་ནས