ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
ཐམས་ཅད་རྫོགས་སངས་རྒྱས་པའི་ཐབས་དམ་པ།
ལོ་རབས་ཁྲི་ཡི་ལོ་རྒྱུས་གཟི་འོད་འཕྲོ།།
ཁྱད་འཕགས་ལམ་འབྲས་དུ་མའི་ཁྱད་བོན་གསལ།།
རྣམ་འདྲེན་གཤེན་གྱི་དགོངས་གཏེར་ཟབ་མོ་ཆེ།།
གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་བསྟན་རྒྱལ།།
འཕགས་མཆོག་ཐུབ་དབང་གཞོན་ནུའི་ཐུགས་དམ་མཐིལ།།
བོད་ཡུལ་གངས་རིའི་ཞིང་དུ་དྲངས་པ་ལས།།
མཚོ་སྐྱེས་རྒྱལ་བའི་ལུགས་བཟང་གཙོར་འཛིན་པའི།།
སྔ་འགྱུར་རྙིང་མའི་རིང་ལུགས་གུས་པའི་གནས།།
ཐུབ་པའི་ལྟ་དགོངས་སྤྱི་དང་ཁྱད་པར་དུ།།
ས་ཆེན་གོང་མའི་ཐུགས་བཞེད་སྙིང་པོའི་ནོར།།
ཀྱེེ་རྡོར་ལམ་འབྲས་ཉམས་བཞེས་སྲོལ་བཟུང་བའི།།
དཔལ་ལྡན་ས་སྐྱའི་པ་ཡང་བསྔགས་པར་འོས།།
ནཱ་རོ་པ་སོགས་པཎ་གྲུབ་དུ་མ་ནས།།
བརྒྱུད་པའི་བྱིན་རླབས་མ་ཉམ་ཆོས་དྲུག་གི།།
ཐུན་མིན་དགོངས་འཐིལ་གཙིགས་སུ་བཟུང་བ་ཡི།།
འགྲོ་མགོན་བཀའ་རྒྱུད་པ་ཡང་ཕྱག་གི་ཡུལ།།
ཤག་ཀྱཱའི་བཀའ་དགོངས་ཚང་ལ་མ་ནོར་བ།།
འདུལ་བ་མདོ་ཡི་འཆད་ཉན་ལྷུར་བཞེས་ཤིང་།།
ངུར་སྨྲིག་འཛིན་པའི་སྡེ་ཚོགས་ཆེས་འཕེལ་བའི།།
རི་བོ་དགེ་ལྡན་པ་ཡང་མཆོད་པའི་གནས།།
དཔལ་ལྡན་དུས་ཀྱི་འཁོར་ལོའི་བཤད་སྲོལ་སྲོག །
ཉམ་མེད་འཛིན་པའི་རྒྱལ་བ་ཇོ་ནང་དང་།།
གཞན་ཡང་ཞི་བྱེད་བཀའ་གདམ་བོ་དོང་སོགས།
ཐམས་ཅད་རྫོགས་སངས་རྒྱས་པའི་ཐབས་དམ་པ།།
- ཟིན་ཐོ་གོང་མ།ཁེར་རྐྱང་གི་སྐྱོ་གཏམ།།
- ཟིན་ཐོ་འོག་མ།ནང་དམེ་མཚམས་འཇོག་གྱིས།