སྤྱི་བསྒྲགས།

ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ང་ཡི་བླ་མ། | 2011/5/19 16:19:00
1
ང་ཡི་་བླ་མ།
དུས་གསུམ་རྒྱལ་བའི་ངོ་བོ།།
མི་ཡི་གར་གྱིས་མཛེས་པ།།
བསླབ་གསུམ་མཚུངས་ཟླ་བྲལ་བའི།།
ང་ཡི་བླ་མ་ཡིན་སོང་།།
ཚོགས་གཉིས་ཟབ་མོའི་འབྲས་བུ།།
གཟུགས་སྐུའི་རྣམ་པར་རོལ་བ།།
ཕན་དང་བདེ་བའི་འབྱུང་གནས།།
ང་ཡི་བླ་མ་ཡིན་སོང་།།
མཐའ་ཡས་འགྲོ་བའི་དོན་དུ།།
སྐུ་ངལ་ཁྱད་དུ་བསད་ནས།།
དུས་ཀུན་གཞན་དོན་བརྩོན་པ།།
ང་ཡི་བླ་མ་ཡིན་སོང་།།
རྒྱལ་བ་ཀུན་གྱི་ཡེ་ཤེས།།
ངུར་སྨྲིག་མདངས་སུ་འཕོས་པ།།
མཁྱེན་དཔྱོད་འགྲན་ཟླ་བྲལ་བ།།
ང་ཡི་བླ་མ་ཡིན་སོང་།།
དུས་ཀྱི་འཐོར་རླུང་གསེང་ནས།།
ཐུགས་བསྐྱེད་འོད་དུ་མཚེར་བ།།
གཤེན་རབ་བསྟན་པའི་བླ་སྲོག།།
ང་ཡི་བླ་མ་ཡིན་སོང་།།
འཛམ་གླིང་ཡུལ་གྲུ་ཀུན་ཏུ།།
གཤེན་བསྟན་ཕྱོགས་མཐར་སྤེལ་བའི།།
སྲིད་འདིའི་ཞི་བདེའི་སྲོག་ཤིང་།།
ང་ཡི་བླ་མ་ཡིན་སོང་།།
རྩོམ་པ་པོ།:ཡེ་ཤེས་གོང་འཕེལ། | བལྟ་ཀློག(369) | ལན་སློག(1) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།བློས་མི་ཐོང་ས།
- ཟིན་ཐོ་འོག་མ།ཕ་ཡུལ་སྨན་ལྗོངས།།