སྤྱི་བསྒྲགས།

ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བློས་མི་ཐོང་ས། | 2011/5/19 15:11:00
0
བློས་མི་ཐོང་ས།
གངས་ལྗོངས། བོད་པ་ཡི་ཕ་ས། འཛམ་གླིང་གི་ཡང་རྩེ། ཞི་བདེ་ཡི་འཇིག་རྟེན།
འདི་སྙིང་རྗེ་དང་བྱམས་སེམས་ཀྱིས་བསྐུན་པའི་ཡུལ་གྲུ།
སྦྲ་ནག། བོད་པ་ཡི་ཕ་ཁྱིམ། འོ་ཞོའི་རྒྱ་མཚོ། ཕྱྭ་གཡང་གི་དམུ་ཞག་འཁྱིལ་ས།
འདི་ནི་ཕ་མའི་ལས་དབང་གི་ཐོབ་པའི་གནས་མལ།
རྩམ་པ། བོད་པའི་ཁ་ཟས། འཚོ་བའི་དང་རྩེ། རོ་བཅུད་ཀྱིས་ཕྱུག་པའི་ཟས་མཆོག
འདིས་ང་ཚོ་ལོ་ངོ་ཁྲི་སྟོང་ལ་གསོས་ཡོད།
སྐད་ཡིག བོད་པ་ཡི་ཕ་སྐད། འཕྲུལ་ཡིག་བཞི་བཅུའི་རང་འོད།
མི་རིགས་ཤིག་གི་ངོ་བོ་མཚོན་བཞིན། མདུན་ལམ་ལ་འོད་ཟེར་སྤྲོ་བའི་སྒྲོན་མེ།
རྩོམ་པ་པོ།:ཡེ་ཤེས་གོང་འཕེལ། | བལྟ་ཀློག(362) | ལན་སློག(2) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།འཚམས་འདྲི།
- ཟིན་ཐོ་འོག་མ།ང་ཡི་བླ་མ།

ནམ་ཡང་སྙན་ཚིག་གི་རོལ་མོ་ཁྲོལ་ཤོག། རེ་སྒུག་ཡོད།
སྐལ་རྒྱམ་ནས།