ཧི་བོན་ཟིན་བྲིས།
འཕྲུལ་གྱི་ཡི་གེ །
སྤྱི་བསྒྲགས།
     
ལི་ཐོ།
    <<  < 2021 - >  >>
    123
    45678910
    11121314151617
    18192021222324
    252627282930
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དད་སེམས་ཡིད་ཀྱི་མཆོད་ཀ ། | 2011/9/15 16:41:00

༄༅། དད་སེམས་ཡིད་ཀྱི་མཆོད་ཀ

 ལྟ་བ་ཁྱུང་ཆེན་གཤོག་ཟུང་བླ་ན་འཕགས།།

ལྟ་བའི་འོད་བརྒྱ་སྲིད་ཞིའི་གླིང་ལ་ཁྱབ།།

ལྟ་བ་སྒྲིབ་གཉིས་རང་བཞིན་ཀ་ནས་དག།

འགྲན་པའི་ཟླ་བྲལ་མཉམ་མེད་བླ་མ་རྨད།།

 སྤྱོད་པ་བླང་དོར་བཟང་བས་མཚན་སྙན་འབར།།

སྤྱོད་པ་ཚུལ་ཁྲིམས་གཏེར་གྱི་རྣ་ཆ་མཛེས།།

སྤྱོད་པ་གཞི་ཡི་གནས་ལུགས་ལྷན་ནེ་རྟོགས།།

འགྲན་པའི་ཟླ་བྲལ་མཉམ་མེད་བླ་མ་རྨད།།

 སྒོམ་པ་མ་རྩལ་ལྷུན་གྱིས་འབྱུང་བ་དང་།།

སྒོམ་པ་གཡོ་མེད་ཏིང་འཛིན་ཡོངས་ཀྱིས་ཕྱུག།

སྒོམ་སྒྲུབ་བསླབ་གསུམ་ནོར་མངའ་བདག་ཅན།།

འགྲན་པའི་ཟླ་བྲལ་མཉམ་མེད་བླ་མ་རྨད།།

འཆད་པས་གཞུང་ལུགས་སྟོང་གི་འབྲུག་སྒྲ་སྒྲོགས།།

འཆད་པས་མ་རིག་རྨོངས་པའི་དྲྭ་བ་གཞོམ།།

འཆད་པས་འགྲོ་ལ་བོན་ཆར་རྟག་ཏུ་འཇོ།།

འགྲན་པའི་ཟླ་བྲལ་མཉམ་མེད་བླ་མ་རྨད།།

རྩོད་པས་གནམ་ལྕགས་ཐོག་གིས་བྲག་རི་འཇོམས།། 

རྩོད་པས་ལོག་སྨྲའི་ཁྱུ་ཡི་ངག་སྒོ་སྡོམ།།

རྩོད་པས་ཐལ་ངག་རིག་པའི་འཕྲུལ་འཁོར་བསྐོར།།

འགྲན་པའི་ཟླ་བྲལ་མཉམ་མེད་བླ་མ་རྨད།།

རྩོམ་པས་བཀའ་ལུང་བྱེ་བའི་དགོངས་དོན་བཀྲལ།།

རྩོམ་པས་གཤེན་བསྟན་མི་ནུབ་རྒྱལ་མཚན་སྒྲེངས།།

རྩོམ་པས་ཚད་གསུམ་བོན་གྱི་འདུས་སྡེ་རྒྱས།།

འགྲན་པའི་ཟླ་བྲལ་མཉམ་མེད་བླ་མ་རྨད།།

རྨད་བྱུང་མཚན་དཔེའི་སྐུ་མཆོག་མངོན་པར་བཞད།།

བཞད་བཞིན་ཡ་མཚན་རྟེན་འབྲེལ་བཟང་པོ་ཉིད།།

ཉིད་སྐུ་རྐང་གཉིས་སྤྲུལ་ནས་འགྲོ་དོན་མཛད།།

མཛད་པས་བསོད་ལྡན་ཁྱུ་ཚོགས་ཐར་ལམ་བཀོད།།

 

ཀོ་རྒྱལ་དགོན་ནས་ཁྱུང་བསྟན་རབ་པས། ༢༠༠༩ ༡༢ ཉིན་བྲིས།།

ཁྱུང་ཆེན་རིག་པའི་གཤོག་རླབས་དེབ་གཉིས་པའི་སྟེང་དུ་བཀོད།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:དད་སེམས་ཡིད་ཀྱི་མཆོད་ཀ ། | 2011/9/15 19:09:19
སྐུ་མགྲོན་8cs1VI(སྐུ་མགྲོན)ཁྱུང་བསྟན་རབ་ཟེར་བ་འདི་ལ་རྩོམ་རྩལ་ཡག་ཙམ་སྣང་བས་མུ་མཐུད་འཕྲུལ་ཡིག་འཁྱུགས་ཤིག་ཅེས་བསྐུལ་བའོ།།
རྩོམ་པ་པོ།:སྐུ་མགྲོན་8cs1VI(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.