ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་ཡུལ་མཛེས་པའི་ཡིད་སྨོན། | 2011/5/23 19:12:00

༄༅།  ཁྱུང་ཡུལ་མཛེས་པའི་ཡིད་སྨོན།  

 

༧ལྟ་བ་གནས་ལུགས་རྟོགས་པའི་རྒྱལ་གསས་དང་།།

སྤྱོད་པ་ཤེས་རབ་གསུམ་གྱི་དྲི་བཟང་ཕྱུག

ལྟ་སྤྱོད་ཟུང་འབྲེལ་འདུལ་བྱ་ཐར་པར་འདྲེན།།

དམ་པ་ཁྱུང་གི་སྐྱེས་མཆོག་རྣམས་ལ་བསྟོད།།

 

གནའ་བོའི་ལོ་རྒྱུས་གསེར་རིའི་རྒྱན་ཆ་མཛེས།།

གཡུང་དྲུང་བོན་བསྟན་ཡིད་བཞིན་ནོར་བུ་འབར།

ཐོས་བསམ་སྒོམ་སྒྲུབ་བྱེད་པས་རྣལ་འབྱོར་དང་།།

སྲིད་གསུམ་གྲགས་པའི་དཔོན་གསས་སེམས་དཔའ་འཁྲུངས།།

 

གཞུང་ལུགས་རིག་པ་སྨྲ་བས་མཁས་པ་དང་།།

བསླབ་གསུམ་རིན་ཆེན་ནོར་གྱི་བྱུ་བུར་གཏམས།།

འཆད་རྩོད་རྩོམ་པས་གྲུ་ཆར་ཕྱོགས་བཅུར་འཐོར།།

བཤེས་གཉེན་དགེ་བའི་དེད་དཔོན་བྱོན་པའི་ཞིང་།།

 

གྲགས་དཀར་སྙན་པའི་རྫ་རྔ་བརྡུངས་པ་བཞིན།།

ཤེས་རིག་ཡོན་ཏན་འོད་ཀྱི་སྣང་བ་དང་།།

བསྟན་སྲིད་མི་འགྱུར་གཡུང་དྲུང་ཐེག་དགུ་བཀྲ།།

ཁྱུང་རིགས་རྒྱུན་པ་གྲོལ་བའི་ངོ་མཚར་རྨད།།

 

གཤེན་བསྟན་འཛིན་སྐྱོང་སྤེལ་བས་བཤད་སྒྲུབ་འཕེལ།།

འཆད་རྩོད་རྩོམ་པས་ལུང་རིག་དགོངས་དོན་བཀྲལ།།

ཐོས་གསུམ་སྒོམ་པས་འགྲོ་ལ་ཐར་བདེ་སྟེར།།

རྒྱལ་གཤེན་བསྟན་པ་ཁྱུང་ཡུལ་དབུས་ནས་སྒྲེང་།།

 

རབ་གསལ་གངས་ཀྱི་ཕྲེང་བ་ཡངས་སུ་བསྐོར།།

མཛེས་སྡུག་རྣམ་པར་བཀྲ་བའི་ལང་ཚོ་སྨིན།།

ནགས་ཀླུང་མཁའ་གོས་ཅན་གྱི་ལྗོང་མདོག་མཛེས།།

ནད་སེལ་མཚོ་མོ་ཟུང་གི་རླབས་འཕྲེང་གཡོ།།

 

ཡིད་འོང་སྤངས་ལྗོངས་རྩྭ་ཐང་རྣམ་པ་མང་།།

ཕྱྭ་གཡང་ནོར་ལུག་ཕྱུགས་ཁྱུ་སྐར་ཚོགས་བཀྲ།།

འབྲུ་དྲུག་ལོ་ཏོག་རྣམ་སྲས་མཛོད་ལ་འདྲེན།། 

འབྱོར་ལྡན་དཔལ་ཡོན་བཞད་པའི་དགའ་སྟོན་རྫོགས།།

Re:༄༅།  ཁྱུང་ཡུལ་མཛེས་པའི་ཡིད་སྨོན། | 2011/8/16 1:27:53
སྐུ་མགྲོན་1IYl1P(སྐུ་མགྲོན)དྭ་གྲོགས་ལགས།སྙན་རྩོམ་དེ་བརྗོད་བྱ་ཡག་པོ་གདའ་ཡིན་ནའང་ཤོ་ལོ་ཀ་བདུན་གྱི་ནང་དྲུག་པ་དེའི་ཚིག་ཕྲེང་གསུམ་པར་ཡིག་འབྲུ་གཉིས་ཚང་མི་འདུག་ཁྱེད་ཀྱིས་ཡང་སྐྱར་ཞིབ་འཇུག་གནང་རོགས། ལྷ་ཆེམས་ནས།
རྩོམ་པ་པོ།:སྐུ་མགྲོན་1IYl1P(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༄༅།  ཁྱུང་ཡུལ་མཛེས་པའི་ཡིད་སྨོན། | 2011/5/31 15:39:18
danzengyixiརྗོད་བརྗོད་བྱེད་གང་གི་ཐད་ནས་ལེགས་པོ་འདུག
མུ་མཐུད་ནས་ཁྱེད་ཀྱི་སྙན་རྩོམ་གང་མང་ཞིག་སྤེལ་ཡོང་བའི་རེ་སྒུག་བྱེད་ཀྱིན་ཡིན། །
བསྟན་འཛིན་ཡེ་ཤེས་ནས།
Re:༄༅།  ཁྱུང་ཡུལ་མཛེས་པའི་ཡིད་སྨོན། | 2011/5/23 20:20:24
སྐུ་མགྲོན་Nri7LY(སྐུ་མགྲོན)ཁྱེད་འདིར་ཕེབ་པར་བཀྲ་ཤིས་བདེ་ལེགས།
རྩོམ་པ་པོ།:སྐུ་མགྲོན་Nri7LY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.