ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་ཀྱི་ཡི་གེ་བྱུང་ཁུངས་སྐོར་གྱི་བགྲོ་གླེང་ཁག་དང་པོ།  | 2011/11/14 15:18:00

༄༅བོད་ཀྱི་ཡི་གེ་བྱུང་ཁུངས་སྐོར་གྱི་བགྲོ་གླེང་རིག་པའི་འཆར་སྣང

 


མཁྱེན་དང་བརྩེ་བའི་མཚན་དཔེ་ཡོངས་སུ་ཕྱུག།

མ་གྱུར་འགྲོ་ལ་ཐར་བདེ་སྟེར་བ་དང་།།

རྒྱལ་སྲས་སེམས་དཔའི་ངོ་བོ་ཅིག་བསྡུས་ཉིད།།

དམུ་རྒྱལ་གཤེན་རབ་མཆོག་ལ་གུ་དུན་ཧྲུན།།

 

ལོ་རྒྱུས་རྣལ་མ་དག་ལ་ཡིད་ཆེས་དང་།།

རང་ཉིད་ཐོས་བསམ་བྱས་པའི་ཉེར་འབྲས་སུ།།

བོད་ཡིག་བྱུང་ཁུངས་བརྗོད་པའ་གཏམ་ཐུང་ཞིག།

འབྲི་བ་བརྩོན་པ་སྐྱབས་བཞིས་གནང་བ་སྩོལ།།


 

   ཞེས་མཆོད་བརྗོད་དང་གནང་ཞུ་སོགས་སྔོན་དུ་བཏང་ནས་སྐབས་ཀྱི་གླེང་བྱ་ནི། བོད་ཀྱི་ཡི་གེའི་བྱུང་

 ཁུངས་འཆད་པར་བྱ་སྟེ། བོད་གངས་ཅན་ལྗོངས་ཀྱི་ཡི་གེ་འདི་བྱུང་བའི་ཁུངས་བཙུན་ཞིང་ཕུགས་ཐག་

 རིང་། གཞན་ལས་མི་འདྲ་བའི་ཁྱད་པར་དུ་མ་ལྡན་པས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་དགོས་འདོད་

 ཡོན་ཏན་ཐམས་ཅད་འབྱུང་བ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བསྟན་བྱེད་ཕུན་སུམ་ཚོགས་

 པ་ཡིན་ཀྱང་། དེ་དག་ལ་ལྟ་བྱེད་ཀྱི་དབང་པོའི་སྒོ་འགག་ནས། གྲུབ་མཐའི་ཆགས་སྡང་དབང་གིས།   ཕ་མྱེས་གོང་མ་བཞག་པའི་རིག་བཞུང་རྣལ་མ་མཐོང་བའི་ཤེས་ཡོན་གྱི་ལས་དང་སྐལ་བ་མ་ལྡན།  དེ་ཡི་རྐྱེན་གྱིས་དྲང་ལྡན་གྱི་ལོ་རྒྱུས་རྣམ་འབྱེད་མི་ཤེས་པར་རང་གི་ལྟ་བ་ཆགས་ཞན་བྱ་ནས། ཡབ་མྱེས་གོང་མ་རྣམས་ཀྱི་སྐབས་སུ་ཡི་གེ་མེད་ཟེར་ནས་སྨྲ་བ་དང་། བོད་ཡུལ་མུན་པའི་གླིང་སོགས་འབོད་ནས་གཏམ་ངན་སྣ་ཚོགས་སྨྲ་བ་ནི་ཤིན་ཏུ་སྐྱོ་འོས་པ་ཡིན། དེ་ཡི་སྐོར་ལ་རང་ཉིད་ཀྱིས་བསམ་འཆར་ཞིག་གླེང་བ་ལ གཞན་གྱིས་འདོད་ཚུལ། རང་གི་རིག

པས་དཔྱད་ བོན་གྱི་བཀའ་དང་བཀའ་རྟེན་རྣལ་མ་སོགས་ལས་གསུང་ཚུལ་དང་གསུམ་མོ།

དང་པོ་ནི། བོད་རྒྱལ་སྲོང་བཙན་སྒམ་པོའི་སྔོན་དུ་ཡི་གེ་མེད་པར། རྒྱལ་རབས་གསལ་བའི་མེ་ལོང་

ལས། སྲོང་བཙན་ལོ་བཅུ་གསུམ་ཐོག་ལ་ཡབ་འདས་ནས་ཁོང་གིས་རྒྱལ་སྲིད་བཟུང་། སྐབས་དེར་དགའ་སྟོན་ཡོ་ལང་རྣམ་པར་རྒྱལ་བས། ཤར་ནས་རྒྱ་ག་དང་ཁྲི་བརྟན། ལྷོ་ནས་

རྒྱ་གར་དང་ཁ་ཆེ། ནུབ་ནས་སྟག་སྡེ་དང་གཟིག་འཕན། བྱང་ནས་ཁྲོམ་དང་གེ་སར་བཅས་རྒྱལ་

པོ་རྣམས་ཀྱིས། བོད་རྒྱལ་སྲོང་བཙན་ལ་རང་རང་གི་རྒྱལ་ཁབ་ཀྱི་ཡི་གེ་བྲིས་ནས་ཕྲིན་ཡིག་འབྱོར། དེར་རང་ཅག་བོད་ལ་ཡི་གེ་མེད་པས། ཡིག་ལན་དུ་ངག་ཕྲིན་ཙམ་ལས་བསྐུ་རྒྱུ་མ་རག      དེར་སྲོང་བཙན་གྱི་བསམ་པར་རང་ཅག་བོད་ལ་ཡི་གེ་མེད་པ་འདི་ཤིན་ཏུ་ངོ་ཚ་བ་དང་། གཞན་གྱིས་འཕྱ་བའི་གནས་སུ་གྱུར་འདུག  རྒྱལ་སྲིད་ཀྱི་བྱ་བ་ལེགས་པ་གང་ཡང་བྱེད་མི་ཐུབ་གསུངས། དེ་ནས་རྒྱལ་པོའི་ཐུགས་ཤིན་ཏུ་ཕམ་པ་བྱུང་ནས་ཆོས་སྲིད་ཀྱི་དགོས་མཁོ་ཡི་གེ་འབྲི་བའི་སྲོལ་ཙུགས། དེར་སྲོ་བཙན་སྒོམ་པོའི་ལོ་བཅུ་གསུམ་ཐོག་ཡི་གེ་སློབ་པར་གཏོང་བའི་འགོ་ཙུགས། །ཞེས་པ་དང་།

ཁ་ཅིག་གིས། བོད་ཡིག་ནི་སྲོང་བཙན་རིང་ལ་ལོ་ཙ་བ་ཐོན་མིས་མཛད་པ། རྒྱ་གར་གྱི་ཡི་གེ་ལ་ཅ་ཆ་ཇ་

གསུམ་དང་། ཞ་ཟ་འ་གསུམ་དང་དྲུག་མེད་པས་ཟ་ཧོར་ནས་བཙལ་ཟེར་བ་དང་། དེར་སྐབས་སུ་ཡི་གེ་སློབ་ཏུ་བཏང་ཚུལ་སྣ་ཁ་གཉིས་ཡོད། དུང་དཀར་བློ་བཟང་འཕྲིན་ལས་དང་། ཐོན་

མའི་ཞལ་ལུང་སོགས་ལས། བོད་ཀྱི་བློན་པོའི་བུ་བཅུ་དྲུག་ལ་གསེར་དང་དངོས་རྫས་སོགས་བསྐུ་ནས་

བཏང་། དེ་དག་ལ་ལ་འགྲོ་དཀའ་བས་ཕྱིར་ལ་ལོག ལ་ལ་རྒྱ་གར་དུ་ཕྱིན་རྗེས་ཚད་པས་ཤི། ལ་ལ་ནི་སྐད་

མ་ཤེས་ནས་ཕྱིར་ལོག  དེ་རྣམས་ཀྱིས་རྒྱལ་པོའི་བསམ་དོན་མ་འགྲུབ། སླར་ཡང་རྒྱལ་པོ་སྲོང་བཙན་གྱིས་ཨ་ནུའི་བུ་ཐོན་མི་ཞེས་པ་བཏང་ནས་བལ་པོའི་རྒྱལ་པོ་ལ་སྐྱེས་ཕུལ། ཚད་པ་ཕན་པའི་སྨན་ག་པུར་དང་ཅུ་གང་དང་ཙན་དན་གྱི་ཆུ་ལ་སོགས་བཙལ་ནས་སོང་བས་ཅི་ཡང་

མ་གནོད་པར་རྒྱ་གར་དུ་འབྱོར་ཞེས་དང་། ཡང་རྒྱལ་རབས་གསལ་བའི་མེ་ལོང་སོགས་ཀྱི་ནང་ལ། བློན་པོ་དབང་པོ་རྣོ་བ་བདུན་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་པས། མཐའ་འདྲེ་རྣམ་པ་གསུམ་ལ་

ཐུགས་ནས་ལོག་པས། དེ་ནས་ཐོན་མི་ཨ་ནུའི་བུ་ཐོན་མི་སམ་བྷོ་ཊ་ཞེས་པ་ཡིད་གཞུངས་པ་དབང་

པོ་རྣོ་བ་ཡོན་ཏན་དུ་མ་དང་ལྡན་པ་ཞིག་ཡོད་པ་ལ། གསེར་མང་པོ་བསྐུལ་ནས་རྒྱ་གར་དུ་ཡི་གེ་

སློབ་ཏུ་བཏང་ངོ་། །དེར་བློན་པོ་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ཏེ། ཡི་གེའི་སྒྲ་ལ་མཁས་པ་བྲམ་ཟེ་ལི་བྱིན་ཞེས་བྱ་བ་

ཡོད་ཟེར་བ་ཐོས་པ་ལ་སོགས་ནི་བན་དྷེའི་ལོ་རྒྱུས་རྣམས་སུ་བཤད་དོ།།  སྨྲས་པ།

ཕ་མེས་གོང་མའི་སྲོལ་རྒྱུད་གངས་རི་དཀར་པོ་ལ།།

    མཁྲིས་ནད་ཆགས་སྡོང་ཅན་གྱི་མཁས་རློམ་ཁྱུ་ཚོགས་ཀྱིས།།

སེར་པོ་མིན་ཡང་ཡིན་པར་སྣང་བ་ཁྱོད་ཀྱི་གཤིས།།

འོན་ཀྱང་བདེན་པའི་རིག་ལམ་སྨན་མཆོག་ཚད་མ་སྟེར།།

Re:བོད་ཀྱི་ཡི་གེ་བྱུང་ཁུངས་སྐོར་གྱི་བགྲོ་གླེང་ཁག་དང་པོ། | 2011/12/2 17:36:49
khyungshesrabབཀྲ་ཤིས་བདེ་ལེགས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.