ཧི་བོན་ཟིན་བྲིས།
འཕྲུལ་གྱི་ཡི་གེ །
སྤྱི་བསྒྲགས།
     
ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སེམས་ཀྱི་སྤྲོ་སྣང་། | 2011/12/16 14:16:00

        ༄༅།   སེམས་ཀྱི་སྤྲོ་སྣང   

 

    མཛེས་སྡུག་སྨུག་པོ་རི་ཡི་མདུན་ཞོལ་དུ།

   ནོར་འཛིན་གསེར་གཞོང་འཁྱིལ་བའི་གར་སྟེགས་དབུས།

    བཀྲ་གསལ་ཀོ་རྒྱལ་གདན་ས་སྐར་ཚོགས་བཞིན།

  ངག་སྙན་བཤད་སྒྲུབ་འཆད་རྩོད་རྩོམ་གསུམ་རྒྱས།

  ཟླ་གྲགས་གཤེན་བསྟན་ནོར་གྱིས་བོན་ཆར་འཇོ།

   སྤྲུལ་པའི་གཟུགས་སྐུ་རྐང་གཉིས་ཚུལ་འཛིན་ཏེ།

    རིན་ཆེན་བསླབ་པ་གསུམ་གྱི་རྒྱུན་བཟང་སྐྱོང་།

    ཕུན་ཚོགས་འདོད་རྒུ་གཏེར་གྱི་སྐྱབས་རྗེ་རྨད།

   མཛེས་སྡུག་དཔལ་ཡོན་རྒྱས་པའི་དགོན་ཆེན་གནས།

    གདམས་ངག་ཟབ་མོ་སྟེར་བས་དཔོན་གསས་ཁྱུ།

   ཤེས་རིག་ཡོན་ཏན་འཛོམས་པ་སེམས་དཔའི་སྡེ།

    དབྱར་གྱི་ལང་ཚོ་སྨིན་པས་སྤྲོ་སྐྱིད་དུས།

  སྐལ་བཟང་རྫོགས་ལྡན་གསལ་བའི་རྒན་སློབ་ཁྱུ།

  རང་བཞིན་དགའ་བས་རྣམ་འགྱུར་འཛུམས་ཕྲེང་རྒོད།

   གསོལ་ཟས་དཀར་མངར་བདུད་རྩི་དཔལ་ལ་རོལ།།

    དད་དམ་འགྱུར་བ་མེད་པས་ངང་ཚུལ་ཉིད།

    འགྲན་སྩལ་རྩེད་སྣའི་རྣམ་མང་ཤེས་རིག་སྟེ།

     གཏེར་ཆུ་སྔོན་མོ་དལ་གྱིས་འབབས་པ་བཞིན།

    སྙན་པའི་རྩོམ་རིགས་ཀློགས་པས་དབྱངས་རྟ་ཡི།།

     སྒྲ་འཛིན་རྣ་བའི་ཤེས་པ་དབང་མེད་འཕྲོག

     གནའ་རབས་ལྡེའུ་བཤད་པས་དུས་སྐབས་ལ།

    འཆད་གྲོགས་དམར་སེར་ཅན་རྣམས་འཛུམས་བརྒྱ་གྲོལ།

     ཡིད་འོང་ལང་ཚོ་བཀྲ་བའི་བཙུན་ཆུང་ཁྱུས།

     འཕྲུལ་ཡིག་བཞི་བཅུར་གཟུགས་རིས་བང་ཁ་འགྲན།

    སེམས་དཔའ་འདུས་སྡེ་རྒྱ་མཚོའི་མདུན་དྲུང་དེར།

      སྙན་ཚིག་གྱེར་བས་སྙན་ངག་མི་ལྡན་ཀྱང་།

      བཤད་སྒྲུབ་ལས་བྱེད་རྣམས་ཀྱིས་བསྒྲིགས་བཀོད་བཞིན།

     ཚིག་རྐྱོན་ཅན་གྱི་རྐང་པ་ཁྱུ་ཞིག་བྲིས།

    བཀྲ་ཤིས་སྟོན་མོ་བྱེད་པས་དུས་བཟང་འདིར།

     བདེ་བའི་ངང་ནས་ལེགས་གྲུབ་ཡང་བ་དང་།

       དམ་ཚིག་མཐུན་པའི་གཡུང་དྲུང་སྤུན་གྲོགས་རྣམས།

     མཛད་འཕྲིན་རྒྱས་ཤིང་སྡོམ་མཐར་ཕྱིན་པར་སྨོན།།

     

           ཁྱུང་བསྟན་པ་རབ་གསལ་གྱིས་ཀོ་རྒྱལ་དགོན་ནས་

          ༢༠༡༡ལོར་ཟླ་བ་༦་ནང་དབྱར་སྐྱིད་སྐབས་སུ་ཕུལ་བའོ།

Re:༄༅།།  སེམས་ཀྱི་སྤྲོ་སྣང་། | 2011/12/16 15:09:48
yongdrom

སེམས་ཀྱི་སྤྲོ་སྣང་དགའ་བ་རྒྱས་བཞིན་རོལ།།
སྙན་བའི་དབྱངས་ལ་ཡིད་ཀྱིས་སྨོན་པ་ཤོར།།
བསྟན་རབ་པ་ཡི་ལེགས་བཤད་སྙན་པའི་ཕྲེང་།།
འདི་ན་བསྔགས་པའི་རོལ་མོ་འབུམ་དུ་དཀྲོལ།།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.