ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རེ་བ་མེད་པའི་གྲྭ་རྐྱང་། | 2012/9/27 16:20:00

རེ་བ་མེད་པའི་གྲྭ་རྐྱང་།

ལྔ་སྙིགས་དུས་རབས་ཟླ་བ་མར་ངོའི་སྒྱུ་འཕྲུལ་ལ།།

ལེགས་ཉེས་ལམ་སྟོན་ཡིན་ཟེར་བླ་སྤྲུལ་རྫུན་མ་ཡིས།།

ལུང་རྟོགས་བསྟན་པའི་གཤེད་མ་བྱེད་བཞིན་ལ་ལུང་ཉུལ།

དེའི་འཁོར་འགྲོ་ཀུན་ཉམས་ཐག་རྣམས་ཀྱི་རེ་བ་སྟོང་།

 

མཆོག་བཤད་དགའ་བས་མ་རུང་མཁས་རློམ་སྡེ་ཚོགས་ཀྱིས།

སྲོང་བཙན་སྔོན་དུ་བོད་ཀྱི་སྐད་ཡིག་མེད་དོ་ཟེར།

དེ་ནི་ར་མགོ་ལུག་བཏགས་བཞིན་དུ་རྒྱུད་རིམ་ཉིད།།

གངས་རིའི་ལོ་རྒྱུས་རྟ་བདུན་དབང་པོ་འཛམ་གླིང་ཁྱབ།།

 

དམར་སེར་མཚམས་སྤྲིན་ཅན་གྱི་མགོ་རེལ་ཁྱུ་ཚོགས་ཀྱིས།།

མཚན་རིགས་ལྟ་བ་ཁུར་ནས་སངས་རྒྱས་བཀའ་གསུང་ལ།།

ངོ་རྒོལ་བྱེད་བཞིན་བསྟན་བཅོས་མང་དག་རྩོམ་ན་དག །

ཕ་རོལ་དུཿཁའི་གནས་སུ་འཁོར་བའི་ཚོགས་བསགས་རྒྱུ།།

 

དེང་རབས་དྲྭ་ལམ་ཞུགས་པས་འགྲོ་བ་ཕོ་མོ་རྣམས།།

གློག་འཕྲུལ་རྩེད་འཇོ་དག་ལ་གཡེང་བ་ཆེ་དྲགས་ན།།

རང་གི་ལས་བྱ་གང་ཡིན་མི་ཚོར་ཉིན་མཚན་ཟད།།

ཐ་མ་མདུན་ལམ་ཕུང་བས་སྔོན་འགྲོའི་སྡོང་གྲོགས་ཉིད།།

 

ཤེས་རིག་མེ་ཏོག་བཀྲ་བའི་སློབ་སྦྱོང་དགའ་ཚལ་དུ།།

སྐག་རིགས་དབྱངས་རྟ་བརྩོན་པས་གཞོན་སྐྱེས་སློབ་གྲོགས་ཁྱུ།།

ཐུན་འབྲེལ་ལམ་ནས་སྦྱོང་བརྩོན་ཚུལ་བཞིན་མ་བྱས་ན།།

ཕ་མ་སྤུན་དང་གཉེན་ཉེའི་ རེ་བ་སྟོང་ཉེས་ཆེ།།

 

དཔལ་འབྱོར་འཕེལ་ཁ་དར་བའི་འཇིག་རྟེན་ཡུལ་གྲུ་ནང་།།

གོ་སའི་རྐུབ་སྟེགས་སྙེགས་པས་ལས་བྱེད་མི་སྣ་ཡིས།།

འབངས་ཀྱི་རྒྱུ་ནོར་ཡང་ཡང་ལྐོག་བཟའ་བྱས་ནས་ཐལ།།

ད་དུང་ཡིན་འདོགས་བྱེད་པ་བོང་བུ་སེང་སླག་ཅན།།

 

འདོད་རྒུ་ལོངས་སྤྱོད་མཚོ་མོ་འཁྱེར་བའི་རྒྱ་གྲོང་ནས་།།

ཕྱི་མཛེས་ལུས་ཀྱི་རྣམ་འགྱུར་ངམ་པའི་གཞོན་ནུ་ཡིས།།

སྟོང་སྟོབས་གར་གྱིས་བྲེལ་བཞིན་རང་སྐད་བཤད་པ་དཀོན།།

མ་འོངས་བོད་པའི་རིགས་རྒྱུད་རླག་བྱེད་གཤེད་མ་ཡིན།།

 

ཕྱྭ་གཡང་ནོར་ལུག་བར་དུ་མགོ་བོ་འཁོར་མང་ན།།

ཤེས་ཡོན་འཕྲུལ་ཆའི་དབུལ་བས་རྐང་བཞི་ཕྱུགས་རིགས་ཟླ།།

འབྲུ་དྲུག་ལོ་ཏོག་ཞིང་བདག་ཕོ་མོ་ཡི་ཚོགས་ཀྱིས།།

མི་བུ་མདུན་ལམ་མི་བསམ་བྲན་གཡོག་བཞིན་བསྐོར་ཐལ།།

ཁྱུང་བསྟན་རབ་པས་རང་ཤག་ཕྱི་ལོ་༢༠༡༢    ༡༣ ཉིན་བྲིས།    

Re:རེ་བ་མེད་པའི་གྲྭ་རྐྱང་། | 2012/10/4 23:53:25
dzjinpaཐུགས་རྗེ་ཆེ་ཡག་པོ་བྲིས་འདུག་མུ་མཐུད་ནས་འབད་བརྩོན་གནང་རོགས།
Re:རེ་བ་མེད་པའི་གྲྭ་རྐྱང་། | 2012/9/27 21:38:41
zhongsongགྲོགས་པོ་ལགས། བཀྲ་ཤིས་བདེ་ལེགས་ཞུ། མ་འོངས་པར་ཟིན་ཐོག་ཏུ་མང་ཙམ་ཕེབས་པར་ཞུ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.