བོད་ཀྱི་རྒྱལ་རབས་ཞེ་གཉིས།
༡ གནམ་གྱི་ཁྲི་བདུན་ནི། གཉའ་ཁྲི་བཙན་པོ། མུ་ཁྲི་བཙན་པོ། ཏིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། དར་ཁྲི་བཙན་པོ། དྭགས་ཁྲི་བཙན་པོ། སེང་ཁྲི་བཙན་པོ།
༢ བར་གྱི་སྟེང་གཉིས་ནི། གྲི་གུམ་བཙན་པོ། སྤུ་ལྡེ་གུང་རྒྱལ།
༣ ས་ལ་ལེགས་དྲུག་ནི། ཨ་ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུམ་ལེག
ས། འབྲང་ཞི་ལེགས། ཨི་ཤོ་ལེགས།
༤ ཆུ་ལ་ལྡེ་བརྒྱད་ནི། ཟ་ནམ་ཟིན་ལྡེ། ལྡེའུ་འཕྲུལ་ནམ་བཙན། ས་སྣོལ་གནམ་ལྡེ། སེ་སྣོལ་ལྡེ་པོ། ལྡེའུ་ནམ་ནོད། ལྡེའུ་སྣོལ་པོ། ལྡེའུ་རྒྱལ་པོ། ལྡེའུ་སྤྲིན་བཙན།
༥བར་གྱི་བཙན་ལྔ་ནི། ཏོ་རོ་ལོ་བཙན། ཁྲི་བཙན་ནམ། ཁྲི་སྒ་དཔུང་བཙན། ཁྲི་ཐོག་རྗེ་བཙན། ཐོ་རི་ལུང་བཙན།
༦ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ནི། ཁྲི་གཉན་བཟུང་བཙན། འབྲང་སྙན་ལྡེའུ། སྟག་གོང་སྙན་གཟིགས། གནམ་རི་སྲོང་བཙན།
༧ཆོས་ཀྱི་སྲོལ་འབྱེད་རྒྱལ་པོ་ལྔ་ནི། སྲོང་བཙན་སྒམ་པོ། གུང་སྲོང་གུང་བཙན། མང་སྲོང་མང་བཙན། རླུང་སྲོང་འཕྲུལ་རྒྱལ། འཕྲུལ་རྗེ་བཙུན་བརྟན།
༨ རྒྱལ་སྲིད་ཐ་མའི་རྒྱུད་འཛིན་ལྔ་ནི། ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ། མུ་ཏིག་བཙན་པོ། ཁྲི་ལྡེ་བཙན་རལ་པ་ཅན། ཁྲི་དར་མ་འུ་དུམ་བཙན་པོ་བཅས་སོ། །༼བོན་གྱི་འཇུག་སྒོ་དེབ་༡༡༦ལས་བཏུས།༽
བོན་མི་འགྱུར་བའི་རྟགས་ལྔ། དགུན་གྱི་རྒྱལ་མོས་བསེན་དུ་བཟུང་ནས་གངས་དཀར་པོ་གཡའ་མི་འཇུ་བ། གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་བཞག། དབྱར་གྱི་རྒྱལ་མོ་བསེན་དུ་བཟུང་ནས། རྒྱ་མཚོའི་འབྲི་མིག་དང་ཆུ་མིག་གི་རྔོ་དགུན་མི་འཁྱགས་པས་གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག། ཤིང་ཤུག་པ་ལ་ཞལ་གྱི་ངད་པ་ཧ་བྱས་པས། ཤིང་ལ་བདུད་རྩི་ཆགས་ཏེ། ཤུག་པ་དབྱར་སྔོ་དགུན་དུ་སྔོ། དབྱར་རློན་དགུན་དུ་རློན་པ། གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་བཞག མཚེ་ལ་ལྗགས་ཀྱི་མཆིལ་མ་བཏབ་པས་བདུད་རྩི་ཆགས་ཏེ། མཚེ་དབྱར་སྔོ་དགུན་དུ་སྔོ། དབྱར་རློན་དགུན་དུ་རློན་པ། གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བ་མེད་པའི་བརྡ་རྟགས་སུ་བཞག། གཤེན་རབ་ཀྱིས་རྫུ་འཕྲུལ་གྱི་སྐུ་གཡུ་བྱ་ཁུ་བྱུག་དུ་སྤྲུལ་པས། བོན་པོས་གོས་ལག་སྔོན་པོ་བྱེད་པ་ཡང་གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག་གོ །ཞེས་གསལ། ༼མཛོད་སྒྲ་འགྲེལ་༢༠ལས་བཏུས།༽