ཧི་བོན་ཟིན་བྲིས།
ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།

     
    བོན་སྐུ་ཀུན་ཏུ་བཟང་པོ།

ལི་ཐོ།
    <<  < 2021 - >  >>
    123
    45678910
    11121314151617
    18192021222324
    252627282930
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དགེ་རྒན་ལགས  བཀའ་དྲིན་ཆེ | 2011/9/8 13:37:00
17

དགེ་རྒན་ལགས  བཀའ་དྲིན་ཆེ
              དགེ་རྒན་གྱི་དུས་ཆེན་ལ་ཕུལ།

དགེ་རྒན་ལགས   བཀའ་དྲིན་ཆེ
ཁྱེད་ནི  བདེ་སྡུག་གི་ཧྲག་བར་རེ་རེ་ལ་ཉུལ་ནས
རང་ཉིད་ཀྱི་མི་ཚེ་ཡོད་ཚད   རླུང་ལ་བསྐྱོན་པའི་བྱ་རྒྱལ་ཁྱུང་ཆེན་ཡིན
སྙིང་སྟོབས་ཀྱི་ངར་ཤུགས་དྲོན་མོ  སྤྲིན་པའི་ཀློང་དུ་མཆེད
མི་ཡུལ་གྱི་གཅེས་ཕྲུག་རེ་རེ   བདེ་ལྡན་ཞིང་ལ་འདྲེན
ཨོ   ཁྱེད་ཀྱི་སྐུ་ལུས་ལ་སྒྱུ་རྩལ་གྱི་ཚན་ཁ་འབར་ཞིང
 ཁྱེད་ཀྱི་སེམས་ཁོང་ན་བྱང་སེམས་ཀྱི་འོད་སྣང་འཚེར
དགེ་རྒན་ལགས  ངས་དེ་རིང་ཁྱེད་ལ
སྟངས་སྟབས་བདེ་མོ་ཞིག་གི་བྲོ་གར་འཁྲབ
ཁྱེད་ཀྱི་གདུལ་བྱའི་མངའ་ཐང་རྒྱས་པའི་རྟེན་འབྲེལ་ཞུ

དགེ་རྒན་ལགས  བཀའ་དྲིན་ཆེ
ཁྱེད་ནི   འཇིག་རྟེན་འདིའི་གྲུ་ཟུར་རེ་རེ་ནས་འགྲེངས་ཏེ
རང་ཉིད་ཀྱི་ལང་ཚོ་ཡོད་ཚད   འོད་དུ་བསྒྲོན་པའི་མར་མེ་ཚེ་འབར་ཡིན
མི་རིགས་ཀྱི་འཚོ་བའི་ཁ་ཕྱོགས  སེམས་པའི་དཀྱིལ་དུ་སྒོམ
གསར་སྐྱེས་ཀྱི་སློབ་བུ་རེ་རེ    ཉི་མའི་གྲོང་ལ་འཁྲིད
ཨོ   ཁྱེད་ཀྱི་ཞབས་རྗེས་ལ་ཤེས་རིག་གི་མེ་ཏོག་བཞད་ཅིང
ཁྱེད་ཀྱི་གསུང་ཚིག་ལ་བདེན་དོན་གྱི་དབྱངས་རྟ་འདྲེས
དགེ་རྒན་ལགས  ངས་དེ་རིང་ཁྱེད་ལ
སེམས་གཞས་དམར་པོ་ཞིག་གི་མཆོད་པ་འབུལ
ཁྱེད་ཀྱི་སྐུ་ལུས་བདེ་ཞིང་སྐྱིད་པའི་རྟེན་འབྲེལ་ཞུ   

Re:དགེ་རྒན་ལགས  བཀའ་དྲིན་ཆེ | 2011/9/9 19:05:56
triyungblogབཀླགས་ཟིན་ཁྱེད་ཀྱི་བྱ་བ་ལམ་ལྷོང་ཡོང་བར་ཤོག
Re:དགེ་རྒན་ལགས  བཀའ་དྲིན་ཆེ | 2011/9/9 14:13:55
jisayབཀྲ་ཤིས་བདེ་ལེགས་ཞུ། བཀླགས་ཟིན་ཡིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.