ཧི་བོན་ཟིན་བྲིས།
ཁྱུང་དཀར་ཟླ་བ།
སྤྱི་བསྒྲགས།

     
    བོན་སྐུ་ཀུན་ཏུ་བཟང་པོ།

ལི་ཐོ།
    <<  < 2021 - >  >>
    123456
    78910111213
    14151617181920
    21222324252627
    28293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རེབ་གོང་གྲུབ་ཐོབ་རྣམ་གསུམ།  | 2011/8/27 8:27:00

དབལ་རམ་འབུམ་པའི་བསྐྱེད་རྫོགས་མངའ་བརྙེས་ཤིང་། །

ཟག་མེད་མངོན་ཤེས་ཐོབ་པའི་གྲུབ་ཆེན་པ། །

སྤྱི་རྟིང་འཁོར་ལོ་རིག་འཛིན་ཀུན་གྱི་གཙོར། །

སྒོ་གསུམ་མི་ཕྱེད་དད་པས་སྙིང་ནས་འདུད། །

 

གསེར་ལྗོངས་ནོར་འཛིན་དགའ་མའི་ཕང་བ་རུ། །

གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་སླད་དུ། །

མི་བསྲུན་དུག་གི་སྡོང་བོ་ཟན་གྱིས་གཏོར། །

སྨིན་གྲོལ་ལམ་ལ་འགོད་མཛད་ཁྱུང་དཀར་བ། །

 

མདོ་སྨད་བྱང་ཕྱོགས་ཨཀྟ་རོང་གི་གཞིར། །

བརྒྱད་ཁྲི་བཞི་སྟོང་འཕྲུལ་ངག་གཡུང་དྲུང་བོན། །

ལེགས་པར་འདྲེན་མཛད་རྒྱལ་བའི་སྲས་པོ་མཆོག །

གྲུབ་ཆེན་ངོ་མོ་ཡེ་ཤེས་མཚོ་རྒྱལ་བསྔགས། །

Re:རེབ་གོང་གྲུབ་ཐོབ་རྣམ་གསུམ། | 2011/8/27 17:25:23
woserརྗེས་སུ་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་རྣམ་ཐར་ཉུང་ངུ་རེ་དྲ་ཐོག་ཏུ་འགོད་ཐུབ་ན་ལེགས།
Re:རེབ་གོང་གྲུབ་ཐོབ་རྣམ་གསུམ། | 2011/8/27 16:30:27
triyungblogཐོག་མཐའ་བར་གསུམ་གྱི་མཛད་འཕྲིན་ལ་ཡི་རངས་ཞུ་བཞིན་ཡོད།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.