ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་བཀླགས་པའི་ཆོ་ག | 2011/7/23 21:31:00

སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་བཀླགས་པའི་ཆོ་ག

ཁྱུང་དཀར་ཟླ་བ།

༄༅། །སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག་དེ་ད་ལོའི་དབྱར་ཟླ6པའི་ཚེས15ནས21བར་མཚོ་ལྷོ་ཨེར་སྟི་སྡེ་བའི་སྤྱི་ཁང་གཤེན་བསྟན་དར་རྒྱས་གླིང་ནས་སྤེལ།

ཉེ་བའི་ལོ་འདི་དག་གི་རིང་ས་གཡོ་ཆུ་ལོག་དང་མེ་འབར་རླུང་འཚུབ་སོགས་རང་བྱུང་གི་འཇིགས་པ་རབ་དང་རིམ་པར་བྱུང་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོངས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་དམིགས་ཤིང་འགྲོ་བ་སེམས་ཅན་ཡོངས་འདི་དང་འདི་ལྟ་བུའི་སྡུག་བསྔལ་སྣ་ཚོགས་ཀྱི་ཀློང་ལས་ཐར་བའི་སྐྱབས་འཇུག་སྨོན་ལམ་ཅིག་གི་ཆེད་དུ། ༧ སྐྱབས་རྗེ་བླ་མ་སྐྱང་སྟོན་རྒྱལ་བའི་དབང་བོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོ་བྱས་པའི་རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་གྲྭ་ཉེར་གཅིག་དང་རྒྱ་ནག་ནས་ཕེབས་པའི་སྦྱིན་བདག་ཆེན་མོ་ཧོང་ཡན་མའེ་སོགས་དད་ལྡན་སློབ་མ་བཅས་ཕྱག་ཕེབས་གནང་སྟེ་བདུན་ཕྲག་གཅིག་གི་རིང་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་བཀླགས་ཏེ་སྐྱབས་འཇུག་སྨོན་ལམ་གྱི་ཆོ་ག་ལེགས་པར་སྤེལ་གནང་མཛད་པའོ། ། ཚེས་བཅུ་བདུན་ནས་བཅུ་དགུའི་བར་གྱི་ཉིན་གསུམ་རིང་མཁའ་ལ་འཇའ་ཚོན་སྣ་ལྔ་ཤར་ཞིང་ཚེས་ཉི་ཤུའི་ཕྱི་དྲོར་གཡུ་འབྲུག་སྔོན་མོའི་གསུང་དབྱངས་བར་མ་ཆད་པར་གྲགས། ཁྱད་པར་དུ་ཚེས་ཉེར་གཅིག་ཉིན་མཁའ་ལ་ཉི་ཟླ་སྐར་གསུམ་དུས་མཉམ་དུ་འཆར་བ་སོགས་རྟགས་དང་རྟེན་འབྲེལ་སྣ་ཚོགས་ལེགས་པར་འགྲིག་པ་བྱུང་བས་སེམས་ཅན་ཀུན་ཀྱང་བདེ་བ་དང་བདེ་བའི་དཔལ་ལ་འཁོར་པར་གྱུར་ཅིག་གུ །

པར་རིས།

 

Re:སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག | 2011/7/29 20:49:33
yongzhouཐེངས་གཅིག་མཇལ་མྱོང་ཞིང་ལན་མང་ཐོས་མྱོང་བའི་ཁྱུང་དཀར་ཟླ་བས་གསར་འགྱུར་དུས་ཐོག་སྤེལ་བར་རྗེས་སུ་ཡིད་རངས་ཡོད། ཞོར་དུ་འཆར་འོང་བ་ནི་སྔོན་དུས་ཤིག་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཉམ་དུ་ཀློག་འདོན་མྱོང་བའི་གྲྭ་བཙུན་དག་གི་དགྱེས་ཞལ་མཇལ་ཚེ་བདག་ཀྱང་མཉམ་དུ་ཡོད་པའི་སྣང་བ་འདུག་གོ།
Re:སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག | 2011/7/29 20:48:17
yongzhouཐེངས་གཅིག་མཇལ་མྱོང་ཞིང་ལན་མང་ཐོས་མྱོང་བའི་ཁྱུང་དཀར་ཟླ་བས་གསར་འགྱུར་དུས་ཐོག་སྤེལ་བར་རྗེས་སུ་ཡིད་རངས་ཡོད། ཞོར་དུ་འཆར་འོང་བ་ནི་སྔོན་དུས་ཤིག་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཉམ་དུ་ཀློག་འདོན་མྱོང་བའི་གྲྭ་བཙུན་དག་གི་དགྱེས་ཞལ་མཇལ་ཚེབདག་ཀྱང་མཉམ་དུ་སྣང་བ་འདུག་གོ།
Re:སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག | 2011/7/25 17:45:12
triyungblogགྲོགས་པོ་ཁྱུང་ཟླ་ལགས། བཀའ་དྲིན་ཆེ། ཁྱེད་ཀྱི་སྦྲེལ་མཐུད་སྡེ་ཚན་དུ་བསྭོ་དམར་ཚང་ཞེས་པ་དེ་ཁྱུང་སྐྱུགས་ཞེས་པ་རུ་བསྒྱུར་གནང་ཞུ། བཀའ་དྲིན་ཆེ།
ཁྲི་གཡུང་བས།
Re:སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག | 2011/7/24 19:24:41
danzengyixi

དེ་ཡང་ཚང་མར་ཕན་པའི་བྱས་རྗེས་བརླབས་ཆེན་ཞིག་གོ །
ལྷ་གཡག་དར་མས།
Re:སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག | 2011/7/23 21:56:27
སྐུ་མགྲོན་K52Rjv(སྐུ་མགྲོན)རྩ་བའི་བླ་མ་༧ སྐྱབས་རྗེ་སྐྱང་སྟོན་རྒྱལ་བའི་དབང་བོ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།
གུས་སློབ་འབངས་བ་ཁྲི་གཡུང་དུ་འབོད་པས་ལྷོ་མཐའ་ཞིག་ནས།
རྩོམ་པ་པོ།:སྐུ་མགྲོན་K52Rjv(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.